མེ་ཏོག་པདྨ་དཀར་པོའི་ཇ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མེ་ཏོག་པདྨ་དཀར་པོའི་ཇ།
མེ་ཏོག་པདྨ་དཀར་པོའི་ཇ་དེའི་ཐོན་ཁུངས་ནི་ཧྥུ་ཅན་ཞིང་ཆེན་གྱི་ཧྥུ་ཏིང་གྲོང་ཁྱེར་དང་ཀྲེང་ཧོ་རྫོང་སོགས་ཡིན། དེ་ནི་ས་དེ་གའི་ལོ་རྒྱུས་ཁྲོད་སྙན་གྲགས་ཆེ་བའི་ཇ་རིགས་ཤིག་ཡིན་ཞིང་། དེ་ཇ་དཀར་གྱི་ཁོངས་སུ་གཏོགས། མེ་ཏོག་དེའི་ཕྱི་དབྱིབས་མཛེས་ལ་ལོ་མ་ཁམ་དམར་ཡིན། མེ་ཏོག་པདྨ་དཀར་པོའི་ཇ་དེ་མ་བཅོས་རྒྱུ་ཆ་ལྟར་དབྱེ་ན་ཀྲེང་ཧོ་ཇ་དཀར་ཆེན་པོ་དང་ཧྥུ་ཏིང་ཇ་དཀར་ཆེན་པོ། ཆུ་ལྷ་ཇ་དཀར་བཅས་ཡོད། མེ་ཏོག་པདྨ་དཀར་པོའི་ཇའི་བཟོ་སྟངས་ཤིན་ཏུ་སླ་སྟེ། འདབ་ལོ་གཏོར་བ་དང་རྩ་བ་སྐམ་པ་བཅས་བཟོ་རིམ་ཆེན་པོ་གཉིས་ཡོད། ཧྥུ་ཏིང་ཇ་དཀར་དང་ཧྷུ་ཏིང་ཧའོ་ཆེན་ཇ་དེ་མ་བཅོས་རྒྱུ་ཆར་བཟུང་ཡོད་ལ། སྲོལ་རྒྱུན་གྱི་བཟོ་རྩལ་ལས་སྣོན་བརྒྱུད་ནས་གྲུབ་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白牡丹茶
ཁོངས་གཏོགས་ཀྱི་རིགས།
ཇ་དཀར།
མ་བཅོས་རྒྱུ་ཆ།
ཧྥུ་ཏིང་ཇ་དཀར་ཆེན་པོ་དང་ཧྥུ་ཏིང་ཧའོ་ཆེན་ཇ།
གསར་བཟོ་དུས་ཚོད།
སྤྱི་ལོ1922ལོར།
གསར་བཟོ་ས་གནས།
ཅན་དབྱང་ཧྲུའེ་ཅི།
རྣམ་པའི་ཁྱད་ཆོས།
ལོ་མ་ཅུང་སྟུག་པོ་དང་རྒྱ་སྐྱེད་བ། དཀྱིལ་སྙིང་རྒྱགས་པའི་རྣམ་པ་ལྡན།
སྦོང་ཐབས།
ཇ་ཕོར་ནང་དུ་སྦངས་བ་དང་ཁེར་བཅད་དཀར་ཡོལ་ནང་དུ་སྦངས་བ། དེམ་གྱི་ནང་དུ་བ། དེམ་ཆེན་ནང་དུ་སྦངས་བ་བཅས་ཡོད།
ཕན་ཡོན།
རྣམ་ཤེས་ཇེ་གསལ་དང་ཚོ་བྱང་མཛེས་བཟོ་བཅས་ལ་ཕན།
ཐོན་གནས་གཙོ་བོ།
ཧྥུ་ཅན་ཞིང་ཆེན་གྱི་ཀྲེང་ཧོ་རྫོང་།
1 ངོ་སྤྲོད།

མེ་ཏོག་པདྨ་དཀར་པོའི་ཇ་དེའི་ཐོན་ཁུངས་ནི་ཧྥུ་ཅན་ཞིང་ཆེན་གྱི་ཧྥུ་ཏིང་གྲོང་ཁྱེར་དང་ཀྲེང་ཧོ་རྫོང་སོགས་ཡིན། དེ་ནི་ས་དེ་གའི་ལོ་རྒྱུས་ཁྲོད་སྙན་གྲགས་ཆེ་བའི་ཇ་རིགས་ཤིག་ཡིན་ཞིང་། དེ་ཇ་དཀར་གྱི་ཁོངས་སུ་གཏོགས། མེ་ཏོག་དེའི་ཕྱི་དབྱིབས་མཛེས་ལ་ལོ་མ་ཁམ་དམར་ཡིན། མེ་ཏོག་པདྨ་དཀར་པོའི་ཇ་དེ་མ་བཅོས་རྒྱུ་ཆ་ལྟར་དབྱེ་ན་ཀྲེང་ཧོ་ཇ་དཀར་ཆེན་པོ་དང་ཧྥུ་ཏིང་ཇ་དཀར་ཆེན་པོ། ཆུ་ལྷ་ཇ་དཀར་བཅས་ཡོད།

མེ་ཏོག་པདྨ་དཀར་པོའི་ཇའི་བཟོ་སྟངས་ཤིན་ཏུ་སླ་སྟེ། འདབ་ལོ་གཏོར་བ་དང་རྩ་བ་སྐམ་པ་བཅས་བཟོ་རིམ་ཆེན་པོ་གཉིས་ཡོད། ཧྥུ་ཏིང་ཇ་དཀར་དང་ཧྷུ་ཏིང་ཧའོ་ཆེན་ཇ་དེ་མ་བཅོས་རྒྱུ་ཆར་བཟུང་ཡོད་ལ། སྲོལ་རྒྱུན་གྱི་བཟོ་རྩལ་ལས་སྣོན་བརྒྱུད་ནས་གྲུབ་པ་ཞིག་ཡིན།

2 ལོ་རྒྱུས་ཀྱི་འཕེལ་རྒྱས།

མེ་ཏོག་པདྨ་དཀར་པོའི་ཇ་ནི་སྤྱི་ལོ1922ལོར་ཅན་དབྱང་ཧྲུའེ་ཅི་ནས་གསར་བཟོ་བྱས་པ་ཡིན་ཞིང་། ས་དེ་གའི་ཞིང་བ་རྒན་པས་བཤད་ན་སྔོན་གྱི་ཐོན་གནས་ནི་ད་ཧོ་ཡིན་ཟེར། ད་ལྟ་ཕྱིར་འཚོང་བྱེད་ས་གཙོ་བོ་ནི་ཀང་ཨའོ་དང་ཨེ་ཤ་ཡའི་ཤར་ལྷོའི་ས་ཁུལ་ཡིན།

སྤྱི་ལོ1992ལོའི་རྗེས་སུ། ཀྲེང་ཧོ་རྫོང་གིས་མེ་ཏོག་པདྨ་དཀར་པོའི་ཇ་བཟོ་བསྐྲུན་བྱས་པ་ཡིན། དེ་ནི་མེ་ཏོག་པདྨ་དཀར་པོའི་ཇ་ཐོན་སྐྱེད་བྱེད་སའི་ས་ཁུལ་གཙོ་བོར་གྱུར། ད་ལྟ་མེ་ཏོག་པདྨ་དཀར་པོའི་ཇ་དེ་ཀྲེང་ཧོ་དང་ཅན་དབྱང་།  སུང་ཞི།  ཧྷུ་ཏིང་སོགས་ས་ཆ་སོ་སོར་ཁྱབ་འདུག

3 རང་བྱུང་ས་རྒྱུས།

ཇ་དཀར་པོ་ནི་ལས་རིགས་དེའི་ནང་གི་སྤྱི་མིང་ཞིག་ཡིན། ཞིབ་ཕྲའི་སྒོ་ནས་དབྱེ་ན། འདབ་ལོ་ཆེན་པོ་རྒྱུ་ཆར་བཟུང་བའི་སྲོལ་རྒྱུན་བཟོ་རྩལ་བཟོ་བསྐྲུན་ནི་མེ་ཏོག་པདྨ་དཀར་པོའི་ཇ་ཡིན་པ་དང་། འདབ་ལོ་ཆུང་ངུ་རྒྱུ་ཆར་བཟུང་བའི་སྲོལ་རྒྱུན་བཟོ་རྩལ་བཟོ་བསྐྲུན་ནི་ཀུང་མེ་ཡིན། འདབ་ལོ་ཆེན་པོ་དང་འདབ་ལོ་ཆུང་ངུ་རྒྱུ་ཆར་བཟུང་བ་ནི་ཧྲོའུ་མེ་ཡིན་པ་དང་།  བཟོ་རྩལ་བཟོ་བསྐྲུན་གསར་བ་ནི་བཟོ་རྩལ་གསར་བའི་ཇ་དཀར་ཡིན།

མེ་ཏོག་པདྨ་དཀར་པོའི་ཇ་ཡི་ཐོན་ཁུལ་གཙོ་བོ་ནི་ཧྥུ་ཅན་ཞིང་ཆེན་གྱི་ཀྲེང་ཧོ་རྫོང་ཡིན་ལ།  དེས་ཧྥུ་ཨན་ཇ་དཀར་ཆེན་པོ་དང་ཀྲེང་ཧོ་ཇ་དཀར་ཆེན་པོ་རྒྱུ་ཆ་གཙོ་བོ་རུ་འཛིན་པ་ཡིན།  ཅན་དབྱང་གིས་ཀུང་མེ་ཐོན་སྐྱེད་གཙོ་བོ་རུ་འཛིན་པ་དང་ཧྥུ་ཏིང་གིས་བཟོ་རྩལ་གསར་བའི་ཇ་དཀར་ཐོན་སྐྱེད་གཙོ་བོ་རུ་འཛིན་པ་ཡིན།

4 སྤུས་ཀའི་ཁྱད་ཆོས།

ལོ་མ་ཅུང་སྟུག་པོ་དང་རྒྱ་སྐྱེད་བ།  དཀྱིལ་སྙིང་རྒྱགས་པའི་རྣམ་པ་ལྡན།  མེ་ཏོག་གི་ཕྱི་དབྱིབས་མཛེས་ལ་ལོ་མ་ཁམ་དམར་ཡིན།

5 ཕན་ནུས།

ཇའི་ནང་དུ་མི་ལ་མཁོ་བའི་ཨེམ་རྨང་སྐྱུར། ཇ་ཧྥུན་མང་། གཏེར་རྒྱུད། འཚོ་བཅུད་རྒྱུ་དང་ཏི་ཚ། ཚད་ཉུང་གཞི་རྒྱུ་སོགས་འདུས་སོ། །དེ་ནི་ཚང་མའི་ཁས་ལེན་པའི་ལྗང་མདོག་གི་འཐུང་བྱ་ཡིན། མེ་ཏོག་པདྨ་མ་དཀར་པོའི་ཇ་དེ་ནི་ཀྲུང་གོའི་སྙན་གྲགས་ཅན་གྱི་ཇ་ཆེན་བཅུའི་གཅིག་ཡིན།

རྒྱུན་དུ་ཇ་འདི་འཐུང་ན་ཚ་བ་སེལ་བ་དང་སྙིང་སྟོབས་སྐྱེད་པ། སྣང་བ་སྐྱིད་པ་དང་མི་ཡི་ཟུངས་ཁྲག་ལ་མཁོ་བའི་འདུས་རྐྱེན་མང་པོ་འདུག་པ་སོགས་ཀྱི་ཕན་ནུས་ཆེན་པོ་འདུག

6 ཉར་ཚགས་ཀྱི་ཐབས།

མེ་ཏོག་པདྨ་དཀར་པོའི་ཇ་འབོར་ཆེན་གྱི་གསོག་འཇོག་བྱ་ཐབས་ལ་གྲང་མཛོད་ནང་ཉར་ཚགས་བྱེད་པ་དང་རྡོ་ཐལ་ལེབ་མོའི་ནང་ཉར་ཚགས་བྱེད་པ་ཡོད།  ཁྱིམ་ཚང་གིས་མེ་ཏོག་པདྨ་དཀར་པོའི་ཇ་དེ་གསོག་འཇོག་བྱ་ཐབས་ལ་རྡོ་ཐལ་གསོས་ཉར་དང་འཁྱགས་སྒམ་གསོས་ཉར་བྱ་ཐབས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།