པའེ་ཧྲ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པའེ་ཧྲ།
པའེ་ཧྲ་ནི་ཧུའུ་ནན་གྱི་ཐ་མག་གྲགས་ཅན་ཞིག་ཡིན། ཁ་མདོག་ནི་དཀར་པོ་ནས་མདོག་ནག་ཏུ་གྱུར་ཡོད། དེ་ལ་པའེ་ཧྲ་མཉེན་པོ་དང་དང་སྒམ་བུའི་པའེ་ཧྲ་གཉིས་དང་། སྤུས་ལེགས་པའེ་ཧྲ་རབས་དང་པོ་དང་གཉིས་པ། སྤུས་ལེགས་པའེ་ཧྲ་མཉེན་པོ་བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白沙
རིགས་དབྱེ།
པའེ་ཧྲ་མཉེན་པོ་སོགས།
རིན་གོང་།
སྒོར5-200ཡི་བར།
ས་གནས།
པའེ་ཧྲ།
གསར་གཏོད་དུས་ཚོད།
སྤྱི་ལོ1975ལོ།
ཁོངས་གཏོགས་ཀུང་ཟི།
ཧུའུ་ནན་ཐ་མག་བཟོ་ལས་ཚད་ཡོད་འགན་ལེན་ཀུང་ཟི།
1 ངོ་སྤྲོད།

སྔོན་གྱི་ཁྲང་ཧྲ་ཐ་མག་བཟོ་གྲྭ་དེའི་མིང་བརྗེས་ནས་ཧུའུ་ནན་ཐ་མག་བཟོ་ལས་ཚད་ཡོད་འགན་ལེན་ཀུང་ཟི་ཞེས་བཏགས་ཤིང་། དེ་ནི་སྤྱི་ལོ2003ལོའི་ཟླ5བར་གསར་དུ་བཙུགས་པ་ཡིན། རྒྱལ་ཁབ་ཐ་མག་ཆེད་འཚོང་ཅུས་ཀྱི་ཁོངས་སུ་གཏོགས། ཧུའུ་ནན་ཐ་མག་བཟོ་ལས་ཁེ་ལས་དང་རྒྱུ་མང་ཅན་གྱི་ཐོན་སྐྱེད་ཚོང་གཉེར་ཁེ་ལས་གཉིས་གཅིག་གྱུར་དོ་དམ་གྱི་འགན་འཁུར་ཡོད།

སྤྱི་ལོ2006ལོའི་ཟླ10བར། རྒྱལ་ཁབ་ཐ་མག་ཆེད་འཚོང་ཅུས་ཀྱིས་ཆོག་མཆན་བཀོད་པ་བརྒྱུད། ཧུའུ་ནན་ཐ་མག་བཟོ་ལས་ཀུང་ཟི་དང་དེའི་ཁོངས་གཏོགས་ཁྲང་ཧྲ་ཐ་མག་བཟོ་གྲྭ། ཁྲང་ཏེ་ཐ་མག་བཟོ་གྲྭ་གསུམ་མཉམ་འབྲེལ་གྱིས་ཁེ་ལས་ཁྲིམས་མཐུན་མི་སྣ་གཅིག་ཏུ་གྱུར། ཧུའུ་ནན་ཐ་མག་བཟོ་ལས་ཀུང་ཟི་གསར་བ་དེ་ནི་ཀྲུང་གོའི་ཐ་མག་སྤྱི་ཁྱབ་ཀུང་ཟིའི་མ་དངུལ་ཀུན་གཏོང་གི་ཁོངས་གཏོགས་ཀུང་ཟི་ཡིན། དེ་ཡང་ཀུང་ཟིའི་ཚོང་གཉེར་ཁྱབ་ཁོངས་གཙོ་བོ་ནི་ཐ་མག་ཐོན་སྐྱེད་དང་ཕྱིར་འཚོང་། ཐ་མག་བཟོ་བྱའི་རྒྱུ་ཆ་དང་ཐ་མག་བཟོ་བྱའི་འཕྲུལ་ཆས་ནང་འདྲེན། ཐ་མག་ཕྱིའདྲེན་གྱི་ལས་སྒོ། འབྲེལ་ཡོད་ཐ་མག་ཐོན་སྐྱེད་དང་ཕྱིར་འཚོང་གི་ཐོན་སྐྱེད་ཚོང་གཉེར་གཞན་དག་དང་། རྒྱུ་མང་ཅན་གྱི་ཚོང་གཉེར། མ་རྩ་ཚོང་གཉེར་སོགས་ཡིན།

2 འབྱུང་ཁུངས།

གནའ་སྔ་མོ་ཞིག་ལ། ས་ཆ་ཞིག་ན་རྫིང་བུ་ཞིག་ཡོད་པ་དང་། ཉིན་ཞིག་གར་ཡོང་མི་ཤེས་པའི་འབྲུག་ནག་ཅིག་ཐོན་བྱུང་། དེས་དུས་རྒྱུན་རྫིང་བུའི་ནང་དུ་འཕག་འཚག་རྒྱབ་ནས་དེ་རྙོག་པར་བཟོས། དེ་བས་མི་རྣམས་ཀྱིས་ཆུ་དེ་འཐུངས་པ་ཡིན་ན་དུག་ཕོག་ངེས། རྗེས་སུ་རྫིང་བུ་དེའི་ཁ་ལ་ལྷ་ཡི་བུ་མོ་ཞིག་ཡོང་ནས་འབྲུག་ནག་དེ་བཏུལ་བ་དང་།  ཆུ་དེ་དྭངས་མོར་བསྒྱུར་ནས་མི་རྣམས་ལ་འཐུང་ཆུ་ཡོད་པར་བྱས་ལ། མི་རྣམས་ཀྱིས་ལྷ་མོ་དེའི་བཀའ་དྲིན་བསམས་ནས་ཕྱོགས་བཞིར་བཙལ་དུ་སོང་ཡང་རྙེད་མ་སོང་། དེའི་རྗེས་སུ་ས་དེར་ཁྲོམ་པ་ཞིག་བྱུང་། དེ་བས་ཚང་མས་དེ་ལ་པའེ་ཧྲ་ཁྲོམ་པ་ཞེས་བཏགས།

3 རིག་གནས།

སྤྱི་ལོ1975ལོར། པའེ་ཧྲ་ཐ་མག་གི་ཚོང་རྟགས་གསར་གཏོད་བྱས། ད་ལྟ་འཕེལ་རྒྱས་ཆེན་པོ་བྱུང་ནས་རིན་གོང་དང་ཚད་གཞི་མི་འདྲ་བའི་ཐ་མག་གི་ཚོང་རྟགས་གྲགས་ཅན་ཞིག་ཏུ་གྱུར་འདུག

པའེ་ཧྲ་ནི་ཀྲུང་གོ་ཐ་མག་སྤྱི་ཁྱབ་ཀུང་ཟིའི་སྤུས་ལེགས་ཀྱི་ཐོན་རྫས་ཡིན་ལ། ཀྲུང་གོའི་འགྲན་རྩོད་ཧ་ཅང་ཆེ་བའི་ཐ་མག་གི་ཚོང་རྟགས་བཅུའི་གྲས་སུ་གཏོགས།  དེ་ལ་འཛད་སྤྱོད་མཁན་གྱི་འདོད་བློ་དང་མཐུན་པའི་ཁྱད་ཆོས་ལྡན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཚོང་རྟགས། ཐ་མག་གི་རིགས། པའེ་ཧྲ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།