ཏ་དབྱི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏ་དབྱི།
ཏ་དབྱི་ནི་ཡུན་ནན་ཇ་ལས་ཚོགས་པས་ཐོན་སྐྱེད་བྱས་པའི་སྙན་གྲགས་ཅན་གྱི་མཚན་རྟགས་ཤིག་ཡིན། དེ་ནི་ཕོ་འར་ཇ་ཡི་ཚད་རྒྱུག་དང་ཕུལ་བྱུང་གི་ཚབ་བྱེད་ཅིག་ཡིན། དེའི་ནང་ཏ་དབྱི7572དེ་ཕོ་འར་ཇ་ལ་རྒྱུས་མངའ་གྱི་དཔྱད་འཇོག་གི་ཚད་རྒྱུག་ཏུ་བདམས་པ་ཡིན་པ་དང་། ཏ་དབྱི7542དེ་ཕོ་འར་རློན་ཇའི་དཔྱད་འཇོག་གི་ཚད་རྒྱུག་ཏུ་བདམས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大益
ས་གནས།
ཡུན་ནན།
རིགས་དབྱེ།
ཕོ་འར་ཇ(རློན་ཇ)དང་ཕོ་འར་ཇ(སྨིན་ཇ)
ཐོན་སྐྱེད་ཁྱབ་ཁོངས།
ཞི་ཧྲོང་པན་ན་དང་ཕོ་འར་གྲོང་ཁྱེར་གྱི་ས་རྒྱུད།
ཐོན་རྫས་ངོ་བོ།
ཡུན་ཇི་ཙམ་རིང་བོར་བཞག་ན་དེ་ཙམ་ཞིམ།
རིགས་གཞན།
ཝུའུ་ལུང་ཇ་དང་ཐིའེ་ཀོན་དབྱིན།
ཐོན་གནས།
ཨན་ཞི་དང་ཁྲང་ཁང་།
1 ངོ་སྤྲོད།

ཏ་དབྱི་ནི་ཡུན་ནན་ཇ་ལས་ཚོགས་པས་ཐོན་སྐྱེད་བྱས་པའི་སྙན་གྲགས་ཅན་གྱི་ཚོང་རྟགས་ཤིག་ཡིན། དེ་ནི་ཕོ་འར་ཇ་ཡི་ཚད་རྒྱུག་དང་ཕུལ་བྱུང་གི་ཚབ་བྱེད་ཅིག་ཡིན། དེའི་ནང་ཏ་དབྱི7572དེ་ཕོ་འར་ཇ་ལ་རྒྱུས་མངའ་བྱེད་པའི་དཔྱད་འཇོག་གི་ཚད་རྒྱུག་ཏུ་བདམས་པ་ཡིན་པ་དང་།  ཏ་དབྱི7542དེ་ཕོ་འར་རློན་ཇའི་དཔྱད་འཇོག་གི་ཚད་རྒྱུག་ཏུ་བདམས་པ་ཡིན།

2 ཐོན་རྫས་ཁྱད་ཆོས།

ཕོ་འར་ཇ་ནི་ཡུན་ནན་གྱི་ཐོན་རྫས་འགངས་ཆེན་ཞིག་ཡིན། དེ་ནི་རྒྱུ་སྤུས་ཁྱད་ལྡན་ཅན་གྱི་ཇ་ལོ་ཞིག་ཡིན། དེ་ལ་ཕོ་འར་ཇ(རློན་ཇ)དང་ཕོ་འར་ཇ(སྨིན་ཇ)གཉིས་ཡོད།

ཏ་དབྱི(རློན་ཇ)དེ་ནི་དྲི་ཞིམ་ལྡན་པ། ཐ་མདོག་དམར་སེར། སྐོམ་གདུང་སེལ་རྒྱུ་མགྱོགས་པ། ཡུན་རིང་སྦངས་ཆོག་པ་སོགས་ཀྱི་ཁྱད་ཆོས་ལྡན།

ཏ་དབྱི(སྨིན་ཇ)དེའི་སྤྱིའི་གཤིས་རྒྱུད་དང་ཁྱད་ཆོས་ནི་བྲོ་བ་ཞིམ་པ་མངོན་གསལ་དོད་པོ། ཇ་མདོག་དམར་ནག    བྲོ་བ་ཤིན་ཏུ་ཆེ་བ་ཡིན།

3 ཐོན་རྫས་ངོ་བོ།

ཇི་ལྟར་དུས་ཡུན་རིང་པོར་བཞག་ན་དེ་ལྟར་ཞིམ་པ་ནི་ཕོ་འར་ཇ་ཐོན་རྫས་ཀྱི་ངོ་བོ་གལ་ཆེན་ཞིག་ཡིན། དེ་ནི་ཕོ་འར་ཇ་ནང་ཏན་ཉིང་འདུས་ཚད་མཐོ་བ་ལ་གོ་བ་རེད།

4 ལག་རྩལ་གྱི་ཁྱད་ཆོས།

མཉམ་སྦྱོར་ལག་རྩལ་ནི་གལ་ཆེན་ཞིག་ཡིན་ལ།  དེ་ནི་ཇ་ཐོན་རྫས་གསར་བཟོ་བྱ་བའི་བརྒྱུད་རིམ་ཁྲོད་ས་ཁུལ་མི་འདྲ་བ་དང་དུས་ཚིགས་མི་འདྲ་བ།  རིམ་པ་མི་འདྲ་བ།  གསོག་ཉར་བྱས་པའི་ལོ་མི་འདྲ་བ།  བསྙལ་བའི་ཚད་མི་འདྲ་བའི་མ་བཅོས་རྒྱུ་ཆ་ཚད་ངེས་ཅན་གྱི་བསྡུར་བའི་ཚན་རིག་ཚན་སྡེབ་གཞིར་བཟུང་ནས་མཁོ་བ་ཡིན་ལ།  དེ་ནི་ཕོ་འར་ཇ་གསར་བཟོ་བྱ་བའི་ཁྲོད་སྲོག་ཤིང་གི་ལག་རྩལ་ཞིག་ཡིན།  དེ་ལས་གཞན་ད་དུངHEMAལག་རྩལ་ཡང་ཡོད་པ་ཡིན། 

5 ཁྱད་ལྡན་གྱི་རིན་ཐང་།

དེའི་རིན་ཐང་ལ་ཐོན་གནས་ཀྱི་རིན་ཐང་དང་བཟོ་རྩལ་གྱི་རིན་ཐང་། ལོ་རབས་ཀྱི་རིན་ཐང་བཅས་ཡོད།  ཐོན་གནས་ཀྱི་རིན་ཐང་དེ་ནི་རྒྱུ་ཆ་བཟང་པོ་རྒྱ་ཆེན་པོ་བཟུང་ནས་གྲུབ་ཡོད། བཟོ་རྩལ་གྱི་རིན་ཐང་ནི་ཀྲུང་གོའི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་གིས་སྲུང་སྐྱོབ་བྱས་ཡོད།  ལོ་རབས་ཀྱི་རིན་ཐང་ནི་ཚད་ལྡན་གསོག་འཇོག་ཆ་རྐྱེན་འོག་དང་དུས་ཚོད་ངེས་ཅན་ཞིག་གི་སྟེང་ནས། ཕོ་འར་ཇའི་ནང་སྤུས་དང་འཐུང་བའི་བྲོ་བ་སོགས་དུས་ཚོད་ཀྱི་འགྱུར་ལྡོག་ལ་བརྟེན་ནས་འགྱུར་འགྲོ་བ་ཡིན།

6 ཕན་ནུས།

1 འཚོ་བཅུད་ཀྱི་བཟའ་བཅའ་ཁ་གསབ་རྒྱག་པ།

2 སྣུམ་པོ་བཀྲོལ་ཐོབ་ལ་འཇུ་གྲོགས་བྱེད་པ།

3 ཁྲག་ཚིལ་དང་ནད་གཞི་སྔོན་འགོག་བྱེད་པ།

4 དབྱང་འགྱུར་བཀག་ནས་རྒས་བ་ཇེ་དལ་དུ་གཏོང་བ།

5 ངན་སྐྲན་འགོག་པ་དང་ཐོལ་འགྱུར་འགོག་པ།

6 ཁྲག་ཤེད་ཇེ་དམའ་རུ་གཏོང་བ།

7 ཁྲག་གཅིན་དང་མངར་འགྱུར་གྱི་ནད་བཅའ་བ།

8 ནད་འབུ་བསལ་ནས་གཉན་ཁ་འཇོམས་པ།

9 གཅིན་འབེབ་དུག་སེལ་བ།

7 སྦོང་ཐབས།

དེ་ལ་གོ་རིམ་བཞི་ལྡན་ཏེ།   ཇ་ལེན་པ་དང་ཇ་སྦོང་བ། ཇ་དགར་བ། ཇ་རོལ་མྱོང་བྱེད་པ་བཅས་ཡིན།


བརྡ་འགྲེལ་གདོང་འཛར།

ཚོང་རྟགས། ཇ་རིགས། ཏ་དབྱི།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།