ཨའེ་པི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨའེ་པི།
ཨའེ་པི(Audemars Piguet)ནི་འཛམ་གླིང་སྟེང་གི་ཆུ་ཚོད་འཁོར་ལོ་བཟོ་བའི་ཚོང་རྟགས་གྲགས་ཅན་གསུམ་གྱི་གྲས་ཤིག་ཡིན། སྤྱི་ལོ1875ལོར། Jules-LouisAudemarsདངEdward-Auguste Piguetགཉིས་ཀྱིས་སུའེ་ཙེར་གྱི་པུའུ་ལ་སུའུ་སི་གྲོང་རྡལ་དུ་ཨའེ་པི(Audemars Piguet)ཡི་ཚོང་རྟགས་གསར་གཏོད་བྱས། གཞན་སྤྱི་ལོ1972ལོར། དབྱིན་ཇིའི་མཚོ་དམག་གི་འཐབ་གྲུའི་མིངRoyal Oakགཡར་ནས་ལག་འདོགས་ཆུ་ཚོད་འཁོར་ལོ་ཞིག་བཟོས་པ་ལེགས་འགྲུབ་ཆེན་པོ་བྱུང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
爱彼
ཕྱི་ཡིག་གི་མིང་།
Audemars Piguet
གསར་གཏོད་མཁན།
Jules-Louis Audemars
གསར་གཏོད་དུས་ཚོད།
སྤྱི་ལོ1875ལོར།
ཐོན་སྐྱེད་ས་གནས།
པུའུ་ལ་སུའུ་སི།(Le Brassus)
ཁོངས་གཏོགས་རྒྱལ་ཁབ།
སུའེ་ཙེར།
1 ལོ་རྒྱུས།

སྤྱི་ལོ1875ལོར། Jules-LouisAudemarsདངEdward-Auguste Piguetགཉིས་ཀྱིས་སུའེ་ཙེར་རུ་མཉམ་དུ་ཆུ་ཚོད་འཁོར་ལོའི་ལས་དོན་གཉེར་རྒྱུའི་སེམས་ཐག་བཅད་པ་དང་། ཨའེ་པི་ཡི་ཆུ་ཚོད་འཁོར་ལོ་བཟོ་གྲྭ་དངོས་སུ་བཙུགས། སྤྱི་ལོ1881ལོའི་ཟླ12པའི་ཚེས17ཉིན། Le Brassusརུ“Audemars,Piguet & Cie ཡི་ཀུང་ཟི་ལེགས་འགྲུབ་བྱུང་།

སྤྱི་ལོ1882ལོར།  བྲང་འདོགས་ཆུ་ཚོད་འཁོར་ལོ་ཐོག་མ་གསར་བཟོ་བྱས། ཁོས་གཉིས་ཀྱིས་ཁྱད་དུ་འཕགས་པའི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས། རྙོག་འཛིང་ཅན་གྱི་ཆུ་ཚོད་འཁོར་ལོའི་རིགས་ཞིབ་འཇུག་དང་གསར་སྤེལ་བྱ་འགོ་བརྩམས་པར་མ་ཟད། ཐབས་ཇུས་རང་བཞིན་གྱི་ཚོང་ར་རྒྱ་སྐྱེད་ཀྱི་ལས་ཀ་རབ་དང་རིམ་པ་བསྒྲུབས་པས། ཨའེ་པི་ནི་འཛམ་གླིང་སྟེང་གི་རྙོག་འཛིང་ཅན་གྱི་ཆུ་ཚོད་འཁོར་ལོའི་རིགས་ཀྱི་གསར་གཏོད་ཟིན་ཐོ་ཆེས་མང་བའི་ཚོང་རྟགས་སུ་གྱུར།

སྤྱི་ལོ1889ལོར། ཕ་རི་སི་འཛམ་གླིང་སྐོར་སྐྱོད་ཆུ་ཚོད་འཁོར་ལོ་འགྲེམ་སྟོན་སྐབས་བཅུ་བའི་སྟེང་། ཨའེ་པི་ཡི་འགྲན་ཞུགས་བརྩམས་ཆོསGrande Complicationཞེས་པའི་རྙོག་འཛིང་ཅན་གྱི་བྱེད་ནུས་བྲང་འདོགས་ཆུ་ཚོད་འཁོར་ལོ་ལ་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ། དེའི་རྐྱེན་གྱིས་ཨའེ་པི་ཡི་སྙན་གྲགས་རྒྱས་པ་དང་། མགྱོགས་མྱུར་སྒོས་ཆུ་ཚོད་འཁོར་ལོའི་གྲས་ནས་འགོ་ཁྲིད་ཀྱི་གོ་གནས་ཟིན།

ཨའེ་པི་ལ་ལོ་ངོ130ལྷག་གི་ལོ་རྒྱུས་ལྡན་ལ། གསར་གཏོད་མཁནAudemarདང Piguetགཉིས་ཀྱི་ཁྱིམ་རྒྱུད་ཀྱི་མི་རབས་བཞི་བའི་འགོ་ཁྲིད་འོག  གྲུབ་འབྲས་མི་དམན་པ་བླངས་ཤིང་། ལག་རྩལ་དང་ཇུས་འགོད་གང་གི་ཆ་ནས་ཀྱང་མི་རྣམས་ཀྱི་དགའ་བསུ་ཐོབ་སྟེ། འཛམ་གླིང་གི་ཆུ་ཚོད་འཁོར་ལོ་གྲགས་ཅན་གསུམ་གྱི་ཡ་གྱལ་ཡིན།

2 འཕེལ་རིམ།

སྤྱི་ལོ1875ལོར། ཆུ་ཚོད་འཁོར་ལོ་གསར་གཏོད་ལས་དོན་གྱི་འགོ་ཚུགས།

སྤྱི་ལོ1881ལོར། ཨའེ་པི་ཆུ་ཚོད་འཁོར་ལོ་བཟོ་གྲྭ་དངོས་སུ་ཐོ་འགོད་བྱས།

སྤྱི་ལོ1889ལོར། ཕ་རི་སི་འཛམ་གླིང་སྐོར་སྐྱོད་ཆུ་ཚོད་འཁོར་ལོ་འགྲེམ་སྟོན་སྐབས་བཅུ་བའི་སྟེང་། ཨའེ་པི་ཡི་འགྲན་ཞུགས་བརྩམས་ཆོསGrande Complicationཞེས་པའི་རྙོག་འཛིང་ཅན་གྱི་བྱེད་ནུས་བྲང་འདོགས་ཆུ་ཚོད་འཁོར་ལོ་ལ་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།

སྤྱི་ལོ1999ལོར། ཚད་ཡོད་པའི་ལག་འདོགས་ཆུ་ཚོད་འཁོར་ལོ་བཅོ་ལྔ་གསར་གཏོད་བྱས།

3 དོན་ཆེན་གནད་བསྡུས།

སྤྱི་ལོ1892ལོར། ཆུ་ཚོད་འཁོར་ལོ་ཐོག་མ་ཞིབ་འཇུག་གསར་སྤེལ་དང་གསར་བཟོ་བྱས།

སྤྱི་ལོ1921ལོར། ལག་འདོགས་ཆུ་ཚོད་འཁོར་ལོ་ཐོག་མ་ལེགས་འགྲུབ་བྱུང་།

སྤྱི་ལོ1934ལོར། བྲང་འདོགས་ཆུ་ཚོད་འཁོར་ལོ་ཐོག་མ་ལེགས་འགྲུབ་བྱུང་།

སྤྱི་ལོ1946ལོར། འཛམ་གླིང་གི་ཆེས་སྲབ་པའི་ལག་འདོགས་ཆུ་ཚོད་འཁོར་ལོ་ལེགས་འགྲུབ་བྱུང་།

སྤྱི་ལོ2000ལོར། ཉི་ཤར་ཉི་ནུབ་ཀྱི་དུས་ཚོད་དང་ལོ་ཐོ་སོགས་འཆར་བའི་ཆུ་ཚོད་འཁོར་ལོ་གསར་བཟོ་བྱས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཚོང་རྟགས། ཆུ་ཚོད་འཁོར་ལོ། ཨའེ་པི།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།