སྨྱུག་འདབ་སྔོ་ཇ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྨྱུག་འདབ་སྔོ་ཇ།
སྨྱུག་འདབ་སྔོ་ཇ་ནི་ཀྲུང་གོའི་མིང་དུ་གྲགས་པའི་ཇ་རིགས་ཀྱི་གྲས་ཡིན་ཞིང་། དེ་ནི་ཇ་ལྗང་རིགས་ཡིན། ཇ་དེའི་ཐོན་གནས་ནི་སི་ཁྲོན་ཞིང་ཆེན་གླང་ཆེན་འགྱིང་རི་ཡིན། (སྨྱུག་འདབ་སྔོ)ནི་ཇའི་རིགས་ཤིག་ཡིན་ལ་ཚོང་རྟགས་དང་ཀུང་ཟིའི་མིང་ཡང་ཡིན། དེ་ནི་སི་ཁྲོན་ཞིང་ཆེན་གླང་ཆེན་འགྱིང་རིའི་སྨྱུག་འདབ་སྔོ་ཇ་ལས་ཚད་ཡོད་ཀུང་ཟི་ལ་གཏོགས། ཇ་དེའི་ལོ་འདབ་ཀྱི་ཕྱི་དབྱིབས་སྨྱུག་མའི་ལོ་མ་དང་འདྲ་ལ་མདོག་ལྗང་སྐྱ་འོད་དང་ལྡན་པ། བྲོ་བ་བསིལ་ཞིང་མངར་བ། འཐུང་རྗེས་དྲི་ཞིམ་ད་དུང་ཁ་ལ་འཁོར་བ་ཡིན། སྨྱུག་འདབ་སྔོ་ཇ་ནི་དཔྱིད་དུས་སུ་འཐུ་བའི་འགོ་བརྩམས་པ་ཡིན་ཞིང་། འཐུས་པའི་ལོ་མ་གསར་བ་དེ་མགོ་འབུས་ཇ་ལོ་དང་ལོ་མ་རེ་རེ་བཞིན་བཀར་བ་བརྒྱུད་ནས་སྔོ་སྐམ་དང་བཟོ་བཅོས། སྲོ་སྐམ་སོགས་བཟོ་རྩལ་བརྒྱུད་ནས་གྲུབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
竹叶青茶
ཁམས།
རྩི་ཤིང་གི་ཁམས།
སྒོ།
སོན་བཏུམས་རྩི་ཤིང་གི་སྒོ།
སྐོར།
ལོ་མ་ཟུང་ལྡན་གྱི་རྩི་ཤིང་གི་སྐོར།
སྡེ།
སྟག་མའི་མེ་ཏོག་གི་སྡེ།
ཚན།
བྲག་སྤོས་ཀྱི་ཚན།
ཁོངས།
ཇ་ཡི་ཁོངས།
རིགས།
ཇ།
ཁོངས་གཏོགས་དབྱེ་བ།
ཇ་ལྗང་།
1 ​ངོ་སྤྲོད།

སྨྱུག་འདབ་སྔོ་ཇ་ནི་ཀྲུང་གོའི་མིང་དུ་གྲགས་པའི་ཇ་རིགས་ཀྱི་གྲས་ཡིན་ཞིང་། དེ་ནི་ཇ་ལྗང་རིགས་ཡིན།   ཇ་དེའི་ཐོན་གནས་ནི་སི་ཁྲོན་ཞིང་ཆེན་གླང་ཆེན་འགྱིང་རི་ཡིན།  (སྨྱུག་འདབ་སྔོ)ནི་ཇའི་རིགས་ཤིག་ཡིན་ལ་ཚོང་རྟགས་དང་ཀུང་ཟིའི་མིང་ཡང་ཡིན།  དེ་ནི་སི་ཁྲོན་ཞིང་ཆེན་གླང་ཆེན་འགྱིང་རིའི་སྨྱུག་འདབ་སྔོ་ཇ་ལས་ཚད་ཡོད་ཀུང་ཟི་ལ་གཏོགས།   ཇ་དེའི་ལོ་འདབ་ཀྱི་ཕྱི་དབྱིབས་སྨྱུག་མའི་ལོ་མ་དང་འདྲ་ལ་མདོག་ལྗང་སྐྱ་འོད་དང་ལྡན་པ།  བྲོ་བ་བསིལ་ཞིང་མངར་བ།  འཐུང་རྗེས་དྲི་ཞིམ་ད་དུང་ཁ་ལ་འཁོར་བ་ཡིན།  སྨྱུག་འདབ་སྔོ་ཇ་ནི་དཔྱིད་དུས་སུ་འཐུ་བའི་འགོ་བརྩམས་པ་ཡིན་ཞིང་།  འཐུས་པའི་ལོ་མ་གསར་བ་དེ་མགོ་འབུས་ཇ་ལོ་དང་ལོ་མ་རེ་རེ་བཞིན་བཀར་བ་བརྒྱུད་ནས་སྔོ་སྐམ་དང་བཟོ་བཅོས།  སྲོ་སྐམ་སོགས་བཟོ་རྩལ་བརྒྱུད་ནས་གྲུབ་པ་ཡིན།

2 ལོ་རྒྱུས་ཀྱི་འཕེལ་རྒྱས།
2_1 ཇའི་ལོ་རྒྱུས།

སྨྱུག་འདབ་སྔོ་ཇ་དང་སངས་རྒྱས་པ། ཏའོ་ཅའོ་ཡི་འབྱུང་ཁུངས་ཧ་ཅང་རིང་པ་ཡིན། ཧན་ནུབ་མའི་དུས་མཇུག་ཏུ་སངས་རྒྱས་ཆོས་ལུགས་ཀྲུང་གོ་རུ་དར་བ་དང་།   དུས་ཡུན་རིང་བའི་སྒོམ་ལ་ཞུགས་པ་ཡིས་ཆོས་པ་རྣམས་ལ་ངལ་དུབ་དང་ཐང་ཆད་པ་སོགས་བྱེད་སླ་བས་ཇ་ལ་རྣམ་རིག་ཇེ་གསལ་དང་སྐོམ་སེལ་བ།  ངལ་དུབ་སེལ་བའི་ཕན་ནུས་ལྡན་པས་དེ་ནི་ཆེས་ཕུགས་བསམ་གྱི་བཏུང་ཆུ་རུ་གྱུར་བ་རེད།   

2_2 མིང་བྱུང་ཚུལ།

ཇ་དེའི་མིང་བྱུང་ཚུལ་ལ་ཡང་དེའི་སྐོར་གྱི་གཏམ་རྒྱུད་ཐུང་ངུ་ལྡན་པ་ཡིན་ལ།  སྤྱི་ལོ1964ལོའི་ཟླ4བའི་ཚེས20ཉིན་ཁྲེན་དབྱི་དང་མི་སྐོར་ཅིག་སི་ཁྲོན་གླང་ཆེན་འགྱིང་རི་རུ་སླེབས་པ་དང་།   རི་སྐེད་ཀྱི་ཁྲི་ལོ་དགོན་པ་རུ་ངལ་གསོ་བའི་སྐབས།   གྲྭ་བ་རྒན་པས་སོ་མ་འཐུས་ཡོང་བའི་སྨྱུག་འདབ་སྔོ་ཇ་སྦངས་ནས་ཁོ་ཚོ་ལ་དྲངས་པ་དང་།   ཁྲེན་དབྱི་ལ་ཇ་དེའི་བྲོ་བ་ཡིས་བཀུག་པས་ཇ་དེའི་མིང་དང་ཐོན་གནས་དྲིས་པ་ན།   གྲྭ་བ་རྒན་པས་ཇ་དེ་ནི་གླང་ཆེན་འགྱིང་རི་ནས་ཐོན་པ་དང་དེ་ལ་མིང་ད་དུང་མེད་པས་ཁྲེན་དབྱི་ལ་ཇ་དེར་མིང་སྩོལ་བའི་ཞུ་བ་བྱས།   ཁྲེན་དབྱི་ཡིས་དགའ་སྤྲོ་ཆེན་པོའི་ངང་ཇ་འདིའི་ལོ་མ་སྨྱུག་མའི་ལོ་མ་དང་འདྲ་བས་མིང་ལ(སྨྱུག་འདབ་སྔོ་ཇ)ཞེས་གསོལ་བ་དང་།   དུས་དེ་ནས་བཟུང་ཀྲུང་གོའི་ཆང་ཞིམ་པོ་དང་མིང་འདྲ་མཚུངས་ཡིན་པའི་སྨྱུག་འདབ་སྔོ་ཇ་བྱུང་བ་རེད།

2_3 རང་བྱུང་ས་རྒྱུས།

སྨྱུག་འདབ་སྔོ་ཇ་ནི་སི་ཁྲོན་ཞིང་ཆེན་གྱི་གླང་ཆེན་འགྱིང་རིའི་མཚོ་འཕགས་སྨི800-1200ཡས་མས་ཀྱི་རི་སྐེད་ཀྱི་ཁྲི་ལོ་དགོན་པ་དང་སྒྲ་ཡང་གནམ་ཁང་།  འབྲུག་དཀར་བྲག་ཁུང་།  ཆུ་ནག་དགོན་པ་བཅས་ཀྱི་རྒྱུད་ནས་ཐོན།  གནས་དེ་རི་ཚོགས་ཀྱིས་བསྐོར་ཡོད་པ་དང་ལོ་ཧྲིལ་བོར་སྤྲིན་སྨུག་འཐུལ་བ།   སྨྱུག་མ་སྔོན་པོ་ཚང་ཚིང་དུ་སྐྱེས་ཡོད་ཅིང་།   ལོ་ཧྲིལ་བོར་དྲོད་གྲང་ཧ་ཅང་སྙོམས་པས་སྨྱུག་འདབ་སྔོ་ཇའི་སྐྱེ་གནས་ལ་ཧ་ཅང་ཕན།

2_4 ལས་སྣོན་ལས་རིམ།

སྨྱུག་འདབ་སྔོ་ཇའི་ལས་སྣོན་ལས་རིམ་ལ་འཐུ་བའི་རེ་བ་དང་བཟོ་རྩལ་ཀྱི་སྤུས་ཀ།  ལོ་མ་གསར་བ་ལས་སྣོན།  དྲོད་ཚད་དམའ་བའི་ཉར་ཚགས།  ཞིབ་ཚགས་ལས་སྣོན།  ཚད་འཇལ་ཐུམ་རྒྱག་བཅས་ཡོད། 

2_5 རིན་ཐང་ཕན་ནུས།

སྨྱུག་འདབ་སྔོ་ཇའི་རིན་ཐང་ཕན་ནུས་ལ་ལུས་ཁམས་བདེ་སྲུང་གི་ནུས་བ་དང་དགའ་སྤྲོ་སྐྱེ་བའི་ནུས་པ།   གཅིན་འབེབ་བྱེད་ནུས།   འཕར་རྩ་སྲ་འགྱུར་ཚོད་འགོག་བྱེད་པ།  སྲིན་འཇགས་བྱེད་ནུས་ལ་ཕན།  སོ་རུལ་བར་སྔོན་འགོག་བྱེད་པ།   འབྲས་སྐྲན་ཕྲ་ཕུང་ཚོད་འགོག   ཚོ་བྱང་བ་བཅས་ལ་ཕན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།