ཝུའུ་ཡུས་ཐའེ།

ཝུའུ་ཡུས་ཐའེ་ནི་སྤྱི་ལོ1887ལོར་བཙུགས་ཤིང་། པེ་ཅིང་ཝུའུ་ཡུས་ཐའེ་ཇ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་པུའུ་པེ་ཅིང་དུ་ཡོད། ཀུང་ཟི་དེ་ཝུའུ་ཡུས་ཐའེ་ཇ་ཁང་དང་ཝུའུ་ཡུས་ཐའེ་ཇ་སྡེ་ནས་རིམ་འགྱུར་དང་འཕེལ་རྒྱས་བྱུང་བ་ཡིན། ཀུང་ཟི་བཙུགས་ནས་ད་བར་ལོ་ངོ་བརྒྱ་དང་ཉེར་དྲུག་གི་ལོ་རྒྱུས་ཡོད། སྤྱི་ལོ2007ལོར། པེ་ཅིང་ཝུའུ་ཡུས་ཐའེ་ཇ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་མངའ་འོག་གི་ཚོང་ཁང160ལྷག་གི་གཅིག་གྱུར་གྱིས་སྤྱི་རྣམ་བཟོ་བཅོས་བྱས་པ་ལེགས་འགྲུབ་བྱུང་། སྤྱི་ལོ2010ལོར། ཝུའུ་ཡུས་ཐའེ་ནི་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་དམིགས་བསལ་གྱི་ཚོང་ཟོག་ཐོན་སྐྱེད་ཁང་དང་སིལ་འཚོང་ཁང་དུ་གྱུར།
སྤྱི་ལོ2013ལོའི་ཟླ9བའི་ཚེས2ཉིན། ཝུའུ་ཡུས་ཐའེ་ཇ་ལས་ཀྱིསLogoགསར་བ་ཞིག་བཀོལ་སྤྱོད་བྱས་པ་དང་། དེ་ནི་མེ་ཏོག་མོ་ལི་གསར་པ་ཞིག་དང་མཐའ་རུ་ཇ་ཡི་ལོ་མས་སྲེ་བ་ཞིག་ཡིན།
(རང་གསུམ)ཐབས་ལམ། (རང་གསུམ)ཐབས་ལམ་ནི་མེ་ཏོག་མོ་ལིའི་ཇ(རང་གིས་འཐུ་བ་དང་རང་གིས་ཇ་ལ་མེ་ཏོག་གི་དྲི་ཞུགས་པ། རང་སྦྱོར)བཅས་ཡིན།
སྤུས་ཚད་དང་པོ། ཝུའུ་ཡུས་ཐའེ་ཇ་ཁང་གི་མགྲོན་པོ་མང་ཤོས་ནི་ཕྱིར་ཡོང་མགྲོན་པོའམ་མགྲོན་པོ་རྒན་པ་དག་ཡིན་ཞིང་། མགྲོན་པོ་ཧ་ཅང་མང་། འདི་དག་ཚང་མ་སྤུས་ཚད་ལ་འབྲེལ་བ་ཡོད།
འདི་དང་འབྲེལ་བའི་ལོ་རྒྱུས་གཏམ་རྒྱུད་མང་པོ་ཡོད་ཞིང་། དེ་དག་ལ་སྒོའི་ཁུང་བུའི་ནང་གི་ཇ་ཁང་དང་ལོ་བརྒྱའི་ཧུའེ་ཚོང་། བྱམས་བརྩེ་དང་དྲང་བདེན། གུས་ལུགས། ཤེས་རིག ཡིད་རྟོན་བཅས་ཀྱི་གཏམ་རྒྱུད། རྒྱལ་ས་བཟུང་ནས་ཐེན་ཅིན་དུ་རྒྱ་བསྐྱེད་པ། ཝུའུ་ཡུས་ཐའེ་ཡི་ལོ། ཇ་ཁང་རྙིང་བར་མགྲོན་པོ་སྣེ་ལེན་བྱ་བ། གྲོན་ཆུང་བརྩེ་སེམས། ལོ་བརྒྱའི་ཚོང་ཁང་གི་མིང་སོགས་ཡོད།
ཀོང་ཞུས་ལོ་དུས། སྤྱི་ལོ1887ལོར། པེ་ཅིན་ནས་ཝུའུ་ཡུས་ཐའེ་ཇ་ཁང་བཙུགས།
ཆིང་མཇུག་དུས་སྐབས། དུས་སྐབས་དེར་ཝུའུ་ཡུས་ཐའེ་ཡི་སྲོལ་གཏོད་མཁན་ཝུའུ་ཞི་ཆིང་སྐུ་ཞབས་བགྲེས་པོ་ཚེ་ལས་འདས་རྗེས་ཁྱིམ་ནོར་བུ་ལྔ་བོར་བགོས་པ་དང་། ཁོ་ཚོས(གུས་ལུགས། ཤེས་རིག ཡིད་རྟོན་སྤུན་ཟླའི་ཀུང་ཟི)གསར་འཛུགས་བྱས་ནས་ཝུའུ་ཡུས་ཐའེ་ཇ་ལོ་ཚོང་གཉེར་བྱས།
དུས་རབས་ཉི་ཤུའི་དུས་འགོར། ཐེན་ཅིན་ཡུས་ཧྲེང་ཇ་ཁང་དབུ་བརྙེས་པ་དང་། མུ་མཐུད་དུ་འཕེལ་རྒྱས་སུ་བཏང་བ་དང་། ཀུང་ཟི་བཙུགས་ནས་ད་བར་ལོ་ངོ་བརྒྱ་དང་ཉེར་དྲུག་གི་ལོ་རྒྱུས་ཡོད། སྤྱི་ལོ2007ལོར། པེ་ཅིང་ཝུའུ་ཡུས་ཐའེ་ཇ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་མངའ་འོག་གི་ཚོང་ཁང160ལྷག་གི་གཅིག་གྱུར་གྱིས་སྤྱི་རྣམ་བཟོ་བཅོས་བྱས་པ་ལེགས་འགྲུབ་བྱུང་། སྤྱི་ལོ2010ལོར། ཝུའུ་ཡུས་ཐའེ་ནི་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་དམིགས་བསལ་གྱི་ཚོང་ཟོག་ཐོན་སྐྱེད་ཁང་དང་སིལ་འཚོང་ཁང་དུ་གྱུར།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2015-12-01
གསར་སྤེལ་མཁན། :གངསསྨྱུག་སྲས།