ཐེན་ཧྥུ་མིང་ཇ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐེན་ཧྥུ་མིང་ཇ།
ཐེན་ཧྥུ་མིང་ཇ་ནི་སྤྱི་ལོ1993ལོར་བཙུགས་ཤིང་། དེ་ནི་ཇ་ལོ་རང་གིས་ཐོན་སྐྱེད་དང་ཕྱིར་འཚོང་། ཚན་རིག་ཞིབ་འཇུག རིག་གནས་བཅས་གཞི་གཅིག་ཏུ་སྦྲེལ་བའི་སྣ་འཛོམས་རང་བཞིན་གྱི་ཇ་ལོ་ལྕགས་ཐག་ལག་འབྲེལ་གྱི་ཆེད་འཚོང་ཁང་ཞིག་ཡིན་ལ། ཐེན་ཧྥུ་ཚོགས་པའི་མངའ་འོག་གི་ཁེ་ལས་ཤིག་ཡིན། དེའི་རྩ་བ་ཧྥུ་ཅན་དུ་ཚུགས་ཡོད་ལ་དྲི་ཞིམ་རྒྱལ་ཡོངས་ལ་ཁྱབ་པ། མིང་འཛམ་གླིང་ལ་སྙན་གྲགས་རྒྱས་པའི་ཚོང་གཉེར་བསམ་ཚུལ་བསྟན་ཡོད། ཁེ་ལས་འདི་བཙུགས་ནས་སྤྱི་ལོ2010ལོའི་ཟླ2པའི་ཚེས9བར་སྐམ་སའི་ས་ཁུལ་དུ་ཚོང་ཁང1007ལྷག་གསར་འཛུགས་བྱས་ཡོད། ཁེ་ལས་འདིའི་བྱེད་སྒོའི་ཁྱབ་ཁོངས་རྒྱལ་ཡོངས་ལ་ཁྱབ་ཡོད་པ་དང་། ཐོན་རྫས་ཨ་རི་དང་ཨུ་རུ་སུ། ཡ་གླིང་ཤར་ལྷོ་ས་ཁུལ་དུ་ཕྱིར་འཚོང་བྱེད་བཞིན་ཡོད། ཐེན་ཧྥུ་ཚོགས་པས་ཧྥུ་ཅན་གྱི་ཧྥུ་ཀྲོའུ་དང་ཀྲང་ཀྲོའུ། ཨན་ཞི། སི་ཁྲོན་གྱི་ལེ་ཧྲན། ཀྲེ་ཅང་གི་ཞིན་ཁྲང་སོགས་མིང་ཆེ་བའི་ཇ་ཡི་ཐོན་གནས་སུ་ཁྱབ་རྒྱ་ཆེ་བའི་ཇ་ལོ་དང་ཇའི་བཟའ་ཆས་སོགས་ཀྱི་ལས་སྣོན་བཟོ་གྲྭ་བཙུགས་ཡོད་པ་དང་། རིམ་པར་ཇ་ལྗང་དང་མེ་ཏོག་མོ་ལིའི་ཇ། ཝུའུ་ལུང་ཇ། ཐིའེ་ཀོན་དབྱིན། ལུང་ཅིང་ཇ་སོགས་ས་ཆ་སོ་སོའི་མིང་ཆེ་བའི་ཇ་དང་ཇའི་བཟའ་ཆས་སྣ་ཚོགས་ལ་ལས་སྣོན་བྱ་བཞིན་ཡོད། ཐེན་ཧྥུ་ཚོགས་པས་ཐོན་རྫས་བདེ་འཇགས་དང་གཙང་སྦྲ། རྒྱུ་སྤུས། བྲོ་བའི་ཁྱད་ཆོས་ཕྱོགས་གང་ཐད་ཀྱི་དོ་དམ་ཧ་ཅང་གཟབ་ནན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
天福茗茶
ཕྱི་ཡིག་གི་མིང་།
Tianfu's tea
གཙོ་གཉེར།
ཇ་ལོ། ཇའི་བཟའ་ཆས། ཇ་སྣོད།
ཐོན་གནས།
ལེ་ཧྲན་ཅ་ཅང་དང་ཧྥུ་ཀྲོའུ། ཞིན་ཁྲང་། ཀྲང་ཕུའུ།
1 ངོ་སྤྲོད།

ཐེན་ཧྥུ་མིང་ཇ་ནི་སྤྱི་ལོ1993ལོར་བཙུགས་ཤིང་། དེ་ནི་ཇ་ལོ་རང་གིས་ཐོན་སྐྱེད་དང་ཕྱིར་འཚོང་། ཚན་རིག་ཞིབ་འཇུག  རིག་གནས་བཅས་གཞི་གཅིག་ཏུ་སྦྲེལ་བའི་སྣ་འཛོམས་རང་བཞིན་གྱི་ཇ་ལོ་ལྕགས་ཐག་ལེག་འབྲེལ་གྱི་ཆེད་འཚོང་ཁང་ཞིག་ཡིན་ལ། ཐེན་ཧྥུ་ཚོགས་པའི་མངའ་འོག་གི་ཁེ་ལས་ཤིག་ཡིན།  དེའི་རྩ་བ་ཧྥུ་ཅན་དུ་ཚུགས་ཡོད་ལ་དྲི་ཞིམ་རྒྱལ་ཡོངས་ལ་ཁྱབ་པ། མིང་འཛམ་གླིང་ལ་སྙན་གྲགས་རྒྱས་པའི་ཚོང་གཉེར་བསམ་ཚུལ་བསྟན་ཡོད།  ཁེ་ལས་འདི་བཙུགས་ནས་སྤྱི་ལོ2010ལོའི་ཟླ2པའི་ཚེས9བར་སྐམ་སའི་ས་ཁུལ་དུ་ཚོང་ཁང1007ལྷག་གསར་འཛུགས་བྱས་ཡོད། ཁེ་ལས་འདིའི་བྱེད་སྒོའི་ཁྱབ་ཁོངས་རྒྱལ་ཡོངས་ལ་ཁྱབ་ཡོད་པ་དང་། ཐོན་རྫས་ཨ་རི་དང་ཨུ་རུ་སུ།  ཡ་གླིང་ཤར་ལྷོ་ས་ཁུལ་དུ་ཕྱིར་འཚོང་བྱེད་བཞིན་ཡོད། ཐེན་ཧྥུ་ཚོགས་པས་ཧྥུ་ཅན་གྱི་ཧྥུ་ཀྲོའུ་དང་ཀྲང་ཀྲོའུ།  ཨན་ཞི།  སི་ཁྲོན་གྱི་ལེ་ཧྲན།  ཀྲེ་ཅང་གི་ཞིན་ཁྲང་སོགས་མིང་ཆེ་བའི་ཇ་ཡི་ཐོན་གནས་སུ་ཁྱབ་རྒྱ་ཆེ་བའི་ཇ་ལོ་དང་ཇའི་བཟའ་ཆས་སོགས་ཀྱི་ལས་སྣོན་བཟོ་གྲྭ་བཙུགས་ཡོད་པ་དང་།  རིམ་པར་ཇ་ལྗང་དང་མེ་ཏོག་མོ་ལིའི་ཇ།  ཝུའུ་ལུང་ཇ།  ཐིའེ་ཀོན་དབྱིན།  ལུང་ཅིང་ཇ་སོགས་ས་ཆ་སོ་སོའི་མིང་ཆེ་བའི་ཇ་དང་ཇའི་བཟའ་ཆས་སྣ་ཚོགས་ལ་ལས་སྣོན་བྱ་བཞིན་ཡོད། ཐེན་ཧྥུ་ཚོགས་པས་ཐོན་རྫས་བདེ་འཇགས་དང་གཙང་སྦྲ།  རྒྱུ་སྤུས།  བྲོ་བའི་ཁྱད་ཆོས་ཕྱོགས་གང་ཐད་ཀྱི་དོ་དམ་ཧ་ཅང་གཟབ་ནན་ཡིན།

2 ཚོགས་པ་གསར་འཛུགས།

ཐེན་ཧྥུ་ཚོགས་པ་ནི་ཨ་རི་རུ་སྡོད་པའི་ཀྲུང་གོའི་མི་ལི་རུའེ་ཧོ་ཡིས་བཙུགས་པའི་ཇ་ཆེད་གཉེར་ཚོགས་པའི་ཀུང་ཟི་ཞིག་ཡིན།  ཁོ་ནི་ཨ་རིའི་ལིན་ཁེན་སློབ་ཆེན་གྱི་མཚན་འཛིན་འབུམ་རམས་པ་དང་།   ཐའེ་ཝན་ཐེན་རེན་ཚོགས་པ།  ཨ་རིའི་ཐེན་རེན་ཚོགས་པ།   ཀྲུང་གོའི་ཐེན་ཧྥུ་ཚོགས་པའི་སྤྱི་ཁྱབ་ཀྱི་འགན་ཁུར་ཡོད།  ཁོའི་མེས་པོ་རྣམས་ཀྱིས་ཐའེ་ཝན་ནས་ཇ་འདེབས་དང་ཇ་བཙོང་ནས་ཁོའི་བར་མི་རབས་བདུན་བརྒྱད་པ་དང་།  སྤྱི་ལོ1953ལོར་ལི་རུའེ་ཧོ་ཡིས་ཐའེ་ཝན་དུ་ཐེན་རེན་མིང་ཇ་ཆེད་འཚོང་ཁང་ཐོག་མའི་སྒོ་འབྱེད། ལོ་ངོ་བཞི་བཅུའི་ཡོན་ཏན་དང་འབད་བརྩོན་ཧུར་ཐག་གི་འདུ་ཤེས་ཉར་ནས་ཐའེ་ཝན་དུ་ལྕགས་ཐག་ལག་འབྲེལ་གྱི་ཚོང་ཁང60ལྷག་གཉེར་བ་དང་། དེ་མིན་འཛམ་གླིང་གི་ཆེས་ཐོག་མའི་ཇ་ལས་ཚོགས་པའི་ཀུང་ཟི་ཐེན་རེན་ཚོགས་པ་གསར་འཛུགས་གནང་།

3 ལྕགས་ཐག་ལག་འབྲེལ་གྱི་ཚོང་ཁང་།

ཁོ་བོས་ཐའེ་ཝན་ནས་ཆེས་ཐོག་མའི་ཇ་ཆེད་ཚོང་ཁང་བཙུགས་པ་ནས་བཟུང་། ལས་རིགས་རྙིང་བ་དང་ཚོང་གཉེར་གསར་བའི་འདུ་ཤེས་མ་དོར་བར་ད་ལྟའི་ཁེ་ལས་དོ་དམ་དེ་སྲོལ་རྒྱུན་ཁེ་ལས་ནང་དུ་འཇུག་བཞིན་ཡོད། རང་ཉིད་ཀྱིས་ལྕགས་ཐག་ལག་འབྲེལ་གྱི་ཚོང་ཁང་རྒྱ་བསྐྱེད་པའི་དོ་དམ་ཐབས་ལམ་གསར་བསྐྲུན་བྱས་ཏེ། ཨ་རི་དང་ཐའེ་ཝན། ཁ་ན་ཏ་དང་འཇར་པན།  ཨོ་སི་ཁྲུ་ལི་ཡ་སོགས་ས་ཆ་མང་པོ་ན་ཇ་ལས་ལྕགས་ཐག་ལག་འབྲེལ་གྱི་ཆེད་འཚོང་ཁང130ལྷག་བཙུགས་ཡོད།  གཞན་ད་དུང་རང་རྒྱལ་གྱི་ས་ཆ་མང་ཤོས་ན་ལྕགས་ཐག་ལག་འབྲེལ་གྱི་ཆེད་འཚོང་ཁང་མང་པོ་བཙུགས་ཡོད།

4 ལས་སྣོན་མ་ལག

ཐེན་ཧྥུ་ཚོགས་པས་ཧྥུ་ཅན་གྱི་ཧྥུ་ཀྲོའུ་དང་ཀྲང་ཀྲོའུ།  ཨན་ཞི།  སི་ཁྲོན་གྱི་ལེ་ཧྲན།  ཀྲེ་ཅང་གི་ཞིན་ཁྲང་སོགས་མིང་ཆེ་བའི་ཇ་ཡི་ཐོན་གནས་སུ་ཁྱབ་རྒྱ་ཆེ་བའི་ཇ་ལོ་དང་ཇའི་བཟའ་ཆས་སོགས་ཀྱི་ལས་སྣོན་བཟོ་གྲྭ་བཙུགས་ཡོད་པ་དང་།  རིམ་པར་ཇ་ལྗང་དང་མེ་ཏོག་མོ་ལིའི་ཇ།  ཝུའུ་ལུང་ཇ།  ཐིའེ་ཀོན་དབྱིན།  ལུང་ཅིང་ཇ་སོགས་ས་ཆ་སོ་སོའི་མིང་ཆེ་བའི་ཇ་དང་ཇའི་བཟའ་ཆས་སྣ་ཚོགས་ལ་ལས་སྣོན་བྱ་བཞིན་ཡོད། ཐེན་ཧྥུ་ཚོགས་པས་ཐོན་རྫས་བདེ་འཇགས་དང་གཙང་སྦྲ།  རྒྱུ་སྤུས།  བྲོ་བའི་ཁྱད་ཆོས་ཕྱོགས་གང་ཐད་ཀྱི་དོ་དམ་ཧ་ཅང་གཟབ་ནན་ཡིན།

5 རིག་གནས་ཀྱི་མ་ལག

ཐེན་ཧྥུ་ཇ་དངོས་མང་བཤམས་སྟོན་གླིང་ནི་ཐེན་ཧྥུ་ཡིས་མ་རྐང་བཞག་ནས་བསྐྲུན་པའི་སྤྱི་ཕན་གྱི་རིག་གནས་བྱ་བཞག་ཅིག་ཡིན་ཞིང་།   ལི་རུའེ་ཧོ་ཡིས་ཀྲུང་གོའི་ཇ་རིག་གནས་ཐད་བསྒྲུབ་པའི་བྱ་གཞག་ཆེན་པོ་ཞིག་ཀྱང་ཡིན།

མཚོན་རྟགས་ཅན་གྱི་འཛུགས་བསྐྲུན།

ཇ་སློབ་གླིང་།  ཀྲང་ཀྲོའུ་ཐེན་ཧྥུ་ཇ་ལས་རིགས་ལག་རྩལ་སློབ་གླིང་ལ་ཐེན་ཧྥུ་ཇ་སློབ་གླིང་ཡང་ཟེར་ཞིང་།   དེ་ནི་ལི་རུའེ་ཧོ་ཡིས་མི་དམངས་ཤོག་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་མ་རྩ་བཏང་ནས་བཙུགས་པ་ཞིག་ཡིན།

ཇ་ཁང་ལྟེ་གནས།  ལུའུ་ཡུས་ཇ་ཁང་ལྟེ་གནས་ནི་སྤྱི་ལོ1980ལོར་བཙུགས་ཤིང་ད་བར་ལོ་ངོ་སུམ་བཅུ་སོ་ལྔ་ཡི་ལོ་རྒྱུས་ཡོད།

ཇ་དངོས་མང་བཤམས་སྟོན་གླིང་།  ཇ་དངོས་མང་བཤམས་སྟོན་གླིང་ནི་སྤྱི་ལོ2000ལོའི་ཟླ་དང་པོའི་ཚེས་བརྒྱད་ཉིན་རྩིག་རྨང་བཏང་བ་དང་སྤྱི་ལོ2002ལོའི་ཟླ་དང་པོའི་ཚེས་བདུན་ཉིན་སྒོ་ཕྱེ་བ་ཡིན།  འདི་ནི་མིག་སྔར་འཛམ་གླིང་སྟེང་ཆེས་ཆེ་བའི་ཇ་དངོས་མང་བཤམས་སྟོན་གླིང་ཡིན།

ཐེན་ཡོན་ཇ་ཁྲ།  ཐེན་ཡོན་ཇ་ཁྲ་ནི་ཧྥུ་ཀྲོའུ་རྨིན་ཧོའུ་རྫོང་ལམ་གོང་མའི་བཟོ་ལས་ཁུལ་དུ་གནས་པ་དང་།  གཙོ་བོ་མེ་ཏོག་མོ་ལིའི་ཇ་ལས་སྣོན་དང་ཇ་ལོ་རིགས་སོ་སོའི་ལས་སྣོན་དང་ཐུམ་རྒྱག་པ།  བརྒྱུད་འདྲེན། ཕྱིར་གཏོང་སོགས་ཀྱི་ལས་འགན་ལ་འགན་ཁུར་བ་ཡིན།

ལས་སྣོན་རྟེན་གཞི།  ཧ་ཨན་ཐེན་ཧྥུ་ཇ་ལས་ཚད་ཡོད་ཀུང་ཟི་ནི་ཐིའེ་ཀོན་དབྱིན་གྱི་ཕ་ཡུལ་ཧ་ཨན་རྫོང་ཞན་ཏུའུ་གྲོང་རྡལ་དུ་གནས་པ་དང་།  གཙོ་བོ་ཇ་ལོ་ལ་ལས་སྣོན་དང་ཉོ་སྒྲུབ།  གྲང་ཉར།  སྐྱེལ་བ།  རིག་གནས་འགྲེམ་སྟོན་སོགས་ཀྱི་བྱེད་ནུས་ཡོད།

བརྡ་འགྲེལ་གདོང་འཛར།

ཚོང་རྟགས། ཇ་རིགས། ཐེན་ཧྥུ་མིང་ཇ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།