ལུང་ཅིང་ཇ།

ལུང་ཅིང་ཇ་ནི་རྒྱ་རིགས་ཀྱི་སྲོལ་རྒྱུན་ཁྲོད་མིང་དུ་གྲགས་པའི་ཇ་ལྗང་རིགས་ཀྱི་གྲས་གཅིག་ཡིན། ཀྲེ་ཅང་ཧང་ཀྲོའུ་ཞིས་ཧུའུ་ལུང་ཅིང་སྡེ་བའི་རྒྱུད་དུ་ཐོན་སྐྱེད་བྱས་ཤིང་། ད་ལྟ་ལོ་ངོ་ཆིག་སྟོང་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ལྡན། ལུང་ཅིང་ཇ་ལ་གཡུ་མདོག་གི་ཇ་མདོག་ལྡན་པ་དང་དྲི་ངད་ལྡང་བ། མངར་བའི་བྲོ་བ་ཞིམ་པ་ཡིན་ལ། ལྗང་མདོག དྲི་ཞིམ་པ། རོ་མངར་བ། དབྱིབས་མཛེས་བ་བཅས་ཀྱི་ཁྱད་ཆོས་བཞི་ལྡན་ནོ། །དུས་དེ་ནས་བཟུང་ཇ་དེར་ལུང་ཅིང་ཐོགས་ཡོད། ལུང་ཅིང་དེ་ཞིས་ཧུའུ་ཡི་ཞི་ཝུང་ཅ་རི་བོའི་ལུང་ཅིང་ཇ་ཡི་སྡེ་བ་རུ་གནས་ཡོད།
ལུང་ཅིང་ཇ་ཡི་རིགས་ལ་རིགས་ཚོགས་དང་ཕེང་དབྱང་ཆེས་སྔ་མོ། ཏ་ཧྥོ་ལུང་ཅིང་། ཏ་ཧྥོ་ལུང་ཅིང་དཀར་པོ། བ་མོ་བསུ། ཀྲེ་ཞིང117 ཀྲེ་ཞིང139 ཝུའུ་ཉིའུ་སྔ་མོ་བཅས་ཡོད། རིགས་ཚོགས་ནི་ལུང་ཅིང་ཇ་ཡི་ཆེས་སྔ་བའི་རིགས་ཤིག་ཡིན་ཞིང་། ད་ལྟ་བལྟས་ན་ལོ་མའི་རྒྱུ་སྤུས་ཆེས་བཟང་བ་ཡིན། ཕེང་དབྱང་ཆེས་སྔ་མོ་ནི་སྡོང་ཐུང་ལོ་མ་འབྲིང་བའི་རིགས་དང་ཆེས་སྔ་བར་སྐྱེས་བའི་རིགས་ཤིག་ཡིན། ཏ་ཧྥོ་ལུང་ཅིང་ནི་ཀྲུང་གོའི་མིང་དུ་གྲགས་པའི་ཇ་ཡི་ཕ་ཡུལ་ཀྲེ་ཅང་ཞིན་ཁྲང་རྫོང་དུ་ཐོན་པ་ཡིན་ཞིང་། གཙོ་བོ་མཚོ་འཕགས་སྨི་བཞི་བརྒྱ་ཡན་གྱི་རི་བོ་མཐོ་བའི་ཇ་ཁུལ་དུ་ཁྱབ་པ་ཡིན། ཏ་ཧྥོ་ལུང་ཅིང་དཀར་པོའི་མ་བཅོས་རྒྱུ་ཆ་ནི་ཨན་ཅི་ཇ་དཀར་ཡིན། བ་མོ་བསུ་ནི་སྡོང་རིང་ཆུང་བའི་ལོ་མ་འབྲིང་བའི་རིགས་སུ་གཏོགས་ཤིང་ལོ་མ་འབུས་སྔ་བ་ཡིན། ཀྲེ་ཞིང117ནི་ཀྲེ་ཅང་སློབ་ཆེན་གྱིས་བདམས་གསོ་བྱས་བའི་སྤུས་ལེགས་ཅིང་ཐོན་ཚད་མཐོ་བ། སྐྱེས་སྔ་བའི་དམར་ལྗང་གཉིས་ཀ་མཉམ་དུ་བཀོལ་བའི་མཚན་མེད་རིགས་མཆོག་ཅིག་ཡིན། ཀྲེ་ཞིང139ནི་ཀྲེ་ཅང་སློབ་ཆེན་གྱིས་བདམས་གསོ་བྱས་བའི་སྤུས་ལེགས་ཅིང་ཐོན་ཚད་མཐོ་བ། སྐྱེས་སྔ་བའི་མཚན་མེད་རིགས་མཆོག་གི་ཇ་སྡོང་རིགས་མཆོག་ཅིག་ཡིན།
ལུང་ཅིང་ཇ་འཐུ་བར་ཞིབ་ཚགས་ལྡན་པ་དང་རིམ་པ་མི་འདྲ་བ། འཐུ་བའི་ཚད་གཞི་མི་འདྲ་བ་ཡིན། དཔྱིད་ཇ་ནས་བཟུང་། ཇ་གསར་སྐྱེས་བྱས་ནས་གྲུབ་ཚུལ་ལ་དུས་ཚིགས་མི་འདྲ་བ་མང་པོ་འདུག དེ་མིན་ལོ་མ་གསར་བ་ལ་མིང་འདོགས་ཚུལ་ཡང་མི་འདྲ་བ་ཡོད། ལུང་ཅིང་ཇ་ཡི་བཏོག་དུས་སྔ་ན་དེའི་རྒྱུ་སྤུས་བཟང་བ་མཚོན་པ་དང་། ཉིན་གསུམ་སྔོན་ལ་བཏུས་ན་རིན་ཆེན་ཡིན་ལ། ཉིན་གསུམ་གྱི་རྗེས་སུ་བཏུས་ན་རྩྭ་རུ་འགྱུར་འགྲོ་ཅེས་བཤད་སྲོལ་ཡོད།
(1) སྤྲོ་འཕེལ་གྱི་ནུས་པ།
(2 )གཅིན་འབེབ་ཀྱི་ནུས་པ།
(3) སེམས་བཀྲོལ་བའི་ནུས་བ།
(4) འཕར་རྩ་སྲ་འགྱུར་ཚོད་འགོག་ནུས་བ།
(5) འབུ་སྲིན་འགོག་པའི་ནུས་པ།
(6) ཚོ་བྱང་བའི་ནུས་བ།
(7) སོ་རུལ་སྔོན་འགོག་གི་ནུས་པ།
(8) འབུ་ཕྲ་ཕུང་སྔོན་འགོག་ནུས་པ།
(9) སྐོམ་སེལ་ནུས་པ།
(10) དབྱང་འགྱུར་འགོག་པའི་ནུས་པ་བཅས་ལྡན།
ལུང་ཅིང་ཇ་གསོག་ཉར་བྱེད་ཐབས་ལ། སྐམ་ཤས་ཆེ་བའི་ལག་རྩལ་དང་དྲོད་ཚད་དམའ་བའི་གྲང་ཉར་ལག་རྩལ། ཐུམ་རྒྱག་ལག་རྩལ་སོགས་ཡོད། སྐམ་ཤས་ཆེ་བའི་ལག་རྩལ་གྱི་ཁོངས་སུ་རྡོ་ཐལ་རློན་པའི་གསོག་ཉར་ཐབས་དང་སོལ་བའི་གསོག་ཉར་ཐབས་གཉིས་ཡོད་པ་ཡིན།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2015-12-01
གསར་སྤེལ་མཁན། :གངསསྨྱུག་སྲས།