ཅུན་ཧྲན་ཇ།

ཅུན་ཧྲན་ཇ་ནི་ཧུའུ་ནན་ཡུའེ་དབྱང་གྲོང་ཁྱེར་གྱི་ཅུན་ཧྲན་གླིང་ཕྲན་ནས་ཐོན་སྐྱེད་བྱས། དེ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་ཇ་ཡི་བཟོ་རྩལ་ཅིག་ཡིན་པ་དང་། སྐད་གྲགས་ཆེ་བའི་ཀྲུང་གོའི་ཇ་ཆེན་བཅུའི་གྲས་ཤིག་ཡིན། ཇ་དེའི་སྲོལ་རྒྱུན་གྱི་བཟོ་རྩལ་བཟོ་བསྐྲུན་ཁྱད་དུ་འཕགས་ལ་འབུར་ཐོན་ཡིན་པས་ཀྲུང་གོའི་ཇ་ཆེན་བཅུའི་ནང་དུ་དྲངས།
སྔོན་མིང་དུ་གྲགས་པའི་ཐང་རྒྱལ་རབས་སྐབས་ཀྱི་རྒྱ་ནག་གི་རྩོམ་པ་པོ་ལི་པའེ་ཡིས་ཅུན་ཧྲན་རི་བོའི་ཇ་འདིར་སྙན་ཚིག་ཕུལ་བ་དང་མཛའ་བརྩེ་ཡི་ཨ་ལོང་སྦྲེལ་ཡོད།
ཅུན་ཧྲན་གྱི་མིང་གཞན་ལ་ཏུང་ཐིང་ཧྲན་ཟེར། མ་གཞི་ནས་ལྷ་ཡུལ་གྱི་གནས་རིའི་དོན་ཡིན། ལོ་རྒྱུས་ཐོག་ངོ་མཚར་བའི་ངག་རྒྱུན་མང་པོའི་ཁྱབ་འདུག
ཅུན་ཧྲན་ལ་རི་རྩེ་ཆེ་ཆུང་དོན་གཉིས་ཡོད་ཅིང་། རི་རྩེ་སོ་སོ་ལ་མིང་རེ་ཡོད་པ་དང་། རི་རྩེ་རེ་རེ་ན་མཛེས་ལྗོངས་ལྟ་ན་སྡུག་པ་ཡོད། དེ་མིན་དེ་རེ་རེ་ན་སྙན་འཇེབས་ཀྱི་ངོ་མཚར་བའི་གཏམ་རྒྱུད་ཡང་མོད་པོ་ཡོད།
ཅུན་ཧྲན་ནི་ལོ་རྒྱུན་དུ་ནམ་ཟླ་དྲོ་ཞིང་འཇམ་པ་དང་ཆར་ཆུ་མོད་པ། ས་རྒྱུ་གཤིན་པ། སྤྱིར་བཏང་དུ་ས་དམར་དང་ས་སེར་ཡིན་པས་ཇ་སྡོང་གི་སྐྱེས་བ་ལ་ཁོར་ཡུག་ལེགས་པོ་བསྐྲུན་ཡོད།
ཅུན་ཧྲན་དངུལ་ཁབ་སྦོང་བ་བྱེད་སྐབས། གསོལ་ཇ་བསྡུར་ཚད་ནི1:50དང་། ཆུའི་དྲོད་ཚད95℃ཡས་མས། ཇ་སྦོང་ཆས་དེ་ཅུང་མཐོ་བའི་ཤེལ་ཕོར་བཀོལ་ཆོག སྦོང་བའི་གོ་རིམ་ནི་དྲོད་ལྡན་སྣོད། ཇ་འདེབས་པ། བཞའ་སིམ་སྦུ། གཡུག་པ། ཚོད་ལྟ་བྱེད་པ། སྦོང་བ། ཚོད་གཤེར་བྱེད་པ། རོལ་མྱོང་བྱེད་པ་བཅས་ཡིན།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2015-12-01
གསར་སྤེལ་མཁན། :གངསསྨྱུག་སྲས།