ཧྥུའུ་ཨེར་ཐའེ་ནི་ཧྥ་རན་སེའི་བློ་སྒོ་འབྱེད་པའི་བསམ་བློ་པ་དང་རྩོམ་རིག་པ། མཚན་ཉིད་རིག་པ་བ། དུས་རབས་བཅོ་བརྒྱད་པར་ཧྥ་རན་སེའི་འབྱོར་ལྡན་གྲལ་རིམ་གྱི་བློ་སྒོ་འབྱེད་པའི་ལས་འགུལ་གྱི་གཙོ་འཛིན་བཅས་ཡིན། རྒྱ་ཡིག་གི་མིང་། 弗朗索瓦•马利•阿鲁埃 ཕྱི་ཡིག་གི་མིང་། Voltaire མཚན་ཧྲིལ་བོ། ཧྥུའུ་ལང་སུའོ་ཝ•མཱ་ལི•ཨ་ལུའུ་ཨེར། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1694.11.21-1778.5.30) རྒྱལ་ཁབ། ཧྥ་རན་སེ། ལས་རིགས། བསམ་བློ་པ་དང་རྩོམ་རིག་པ།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
སློབ་དཔོན་དབྱིག་གཉེན་ནི་འཕགས་པ་ཐོགས་མེད་དང་ཡུམ་གཅིག་པ་ཡིན་ལ། ཡབ་ནི་བྲམ་ཟེའི་རིགས་དང་། ཡུམ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས། ཡུམ་ཀྱིས་བློ་རྣོ་བའི་ཆོ་ག་བྱས་ཤིང་ཁྲུས་དང་གཙང་སྤྲ་ལ་གནས་པའི་སྒོ་ནས་བསྐྱེད་བསྲིངས་ཏེ། ཡི་གེ་དང་། རྩིས་དང་། རིག་བྱེད་བཞི་ལ་སོགས་པ་ཐུན་མོང་བའི་རིག་གནས་ལེགས་པར་བསླབས་ཏེ་ཁོང་དུ་ཆུད་པར་བྱས། སློབ་དཔོན་འདི་བཞུགས་པའི་དུས་སུ་རྒྱ་གར་ཤར་ལྷོ་དབུས་སོགས་སུ་སློབ་མ་ཐེག་པ་ཆེན་པོའི་དགེ་སློང་གཅིག་པུ་བསྡོམས་ན་ཁྲི་དྲུག་ཙམ་གདའ། སྐུ་ཚེའི་སྨད་དུ་སློབ་མ་མཁས་པ་སྟོང་ཕྲག་ལྔ་ཙམ་ཁྲིད་ནས་བལ་བོའི་ཡུལ་དུ་བྱོན་ནས་དམ་པའི་ཆོས་ཀྱི་བདུད་རྩི་དཔགས་མེད་བསྩལ་པ་དང་།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་ནི་ཡབ་ནམ་པ་ལྡོང་གི་རིགས་ལས་མཆེད་པའི་ཁྲོ་ཚང་གསས་མཁར་གཉན་དང་། ཡུམ་དར་བཟའ་སྒྲོལ་ལྡན་མ་གཉིས་ཀྱི་སྲས་སུ་སྤྱི་ལོའི་དུས་རབས་བཅུ་པའི་སྤྱི་ལོ956མེ་འབྲུག་ལོར་སྐུ་འཁྲུངས། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(956 —1077 ) འཁྲུངས་ཡུལ། བོད་ལྗོངས་ནག་ཆུ་ས་ཁུལ་ཤེལ་ཚྭ་རྫོང་བ་ཚ་ཤང་ཁོངས་ཀྱི་དེང་ཁྲ་ཚང་ལུང་པ། ཡབ། ཁྲོ་ཚང་གསས་མཁར་གཉན། ཡུམ། དར་བཟའ་སྒྲོལ་ལྡན་མ། གྲུབ་མཐའ། བོན་ལུགས། ངོ་སྤྲོད། དེ་ཡང་སྤྲུལ་པའི་སྐུ་མཆོག་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་ནི་ཡབ་ནམ་པ་ལྡོང་གི་རིགས་ལས་མཆེད་པའི་ཁྲོ་ཚང་གསས་མཁར་གཉན་དང་། ཡུམ་དར་བཟའ་སྒྲོལ་ལྡན་མ་གཉིས་ཀྱི་སྲས་སུ་སྤྱི་ལོའི་དུས་རབས་བཅུ་པའི་སྤྱི་ལོ956མེ་འབྲུག་ལོའི་འབྲུག་
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
ཁོང་ནི་རབ་བྱུང་བཅུ་གཉིས་པའི་ནང་མདོ་སྨད་དུ་སྐུ་འཁྲུངས།ཀུན་མཁྱེན་འཇིགས་མེད་དབང་བོས་ལྕང་སྐྱ་བློ་བཟང་ཆོས་ལྡན་གྱི་ཡང་སྲིད་དུ་ཐུགས་ཐག་བཅད།པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་དུ་དགེ་ཚུལ་སློང་གི་སྡོམ་པ་མནོས་ཏེ་མཚན་ལ་ཡེ་ཤེས་བསྟན་པའི་སྒྲོན་མེ་ཞེས་གསོལ། དགུང་ལོ་ཉེར་ལྔ་བར་གོང་མ་ཆན་ལུང་གི་བཀའ་ལྟར་བསྟན་འགྱུར་སོག་ཡིག་ཏུ་བསྒྱུར། བསམ་ཡས་གཙུག་ལག་ཁང་ལ་དཔེ་བླངས་ནས་པེ་ཅིན་སོགས་སུ་བོད་ལུགས་དགོན་པ་མང་བོ་གསར་བཞེངས་གནང་། དགུང་ལོ་ཞེ་གཅིག་པར་གོང་མའི་བཀའ་བཞིན་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་བཙལ་བར་དབུས་སུ་ཕེབས།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
ཁོང་ནི་དུས་རབས་བཅུ་གསུམ་པའི་ནང་དུ་བྱོན་པའི་བོད་ཀྱི་ལོ་ཙཱ་བ་ཆེན་མོ་ཞིག་ཡིན་ཏེ། སྐུ་ན་གཞོན་དུས་ནས་རབ་ཏུ་བྱུང་། གོ་ལུང་བ་མདོ་སྡེ་རྒྱལ་མཚན་དང་ཚ་ནར་བླ་མ་སྲག་བདེ་བ་སོགས་བསྟེན་ནས་མདོ་སྔགས་ཀུན་ལ་མཁས་པར་སྦྱངས། འགྲོ་མགོན་ཆོས་རྒྱལ་འཕགས་པའི་བདག་རྐྱེན་གནང་སྟེ་བལ་ཡུལ་དུ་ལོ་ཙཱ་སློབ་དུ་བྱིན། རིག་གནས་ཆུང་བ་ལྔ་གཙོ་བོ་གྱུར་བའི་སྒྲ་རིག་པ་ལ་ཕུལ་དུ་ཕྱིན་པར་གྱུར་ཞིང་། རྒྱ་གཞུང་གི་བསྟན་བཅོས་མང་པོ་བོད་དུ་བསྒྱུར་བ་མ་ཟད་སློབ་བུ་ཡང་ཤོང་ལོ་ཙཱ་བློ་གྲོས་བརྟན་པ་སོགས་མཁས་ཆེན་མང་དུ་བྱོན་ནོ། ། འཁྲུངས་འདས་ལོ་ཚིགས།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གཙང་སྟག་ཚང་གི་ལོ་ཙཱ་བ་སྒྲ་པ་ཤེས་རབ་རིན་ཆེན་ནམ་སྟག་ལོ་སྨྲ་བའི་ཉི་མ་ཞེས་བྱ་བ་མཁས་བཙུན་བཟང་གསུམ་འཆད་རྩོད་རྩོམ་གསུམ་གྱི་ཆ་ལ་གངས་ཅན་གྱི་མཁས་པ་ཀུན་གྱི་གཙུག་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་ཞིང་སྙན་པའི་གྲགས་དཀར་སྲིད་རྩེའི་གོང་བ་ལས་ཀྱང་ཆེས་ཆེར་བརྒལ་བ། མདོ་སྔགས་རིག་གནས་དང་བཅས་པ་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ། བདུད་དང་ཕྱིར་རྒོལ་བ་གང་གིས་ཀྱང་འགྲན་པའི་རྔོ་མི་ཐོགས་པ་ལྷག་བཅས་འགྲོ་བ་ཀུན་གྱི་སྐྱབས་དང་དཔུང་གཉེན་གཅིག་པུར་གྱུར་པ་དེ་ཉིད་ཀྱི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པར་བྱ།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
ཅོ་ནེ་གྲགས་པ་བཤད་སྒྲུབ་ནི་དབུས་སུ་ཕེབས་ནས་ཐུགས་གཉེར་མཛད་དེ་ལྷ་རམས་པའི་མཚན་བཏགས་བཞེས། ཅོ་ནེ་དགོན་ཆེན་གྱི་ཁྲིར་ཐེངས་གཉིས་ཕེབས་ཤིང་། གསུང་རྩོམ་པོད་བཅུ་གཅིག་མཆིས། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1675—1749) འཁྲུངས་ཡུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་དཔོན་གྱི་མངའ་འོག་ཐུའུ་ཇུའི་ཡུལ་གྱི་བྱེ་བྲག་གཡོ་སའམ་རབ་པོ། ཡབ། སྐྱབས་འབུམ། ཡུམ། སྐལ་བཟང་སྨན། འཐུས་ཚབ་བརྩམས་ཆོས། 《གསང་བདེ་འཇིགས་གསུམ་གྱི་བླ་མའི་རྣལ་འབྱོར》 ངོ་སྤྲོད།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
སློབ་དཔོན་འཕགས་པ་ཀླུ་སྒྲུབ་ནི་འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ཡ་གྱལ་ཡིན་ལ། སྟོན་པས་ལུང་དུ་བསྟན་ཞིང་རྒྱ་གར་ཡུལ་དུ་སྐུ་འཁྲུངས་པའི་བསྟན་འཛིན་གྱི་སྐྱེས་བུ་ཁྱད་དུ་འཕགས་པ་ཞིག་ཡིན། བསྟན་བཅོས་མང་དུ་མཛད་ཅིང་དབུ་མ་པའི་གྲུབ་མཐའ་སྲོལ་བཏོད། རྒྱ་ཡིག་གི་མིང་། 龙树 龙树菩萨 龙树大师 ཕྱི་ཡིག་གི་མིང་། Nāgārjuna bodhisattva མཚན་གཞན། ཀླུ་སྒྲུབ། མགོན་པོ་ཀླུ་སྒྲུབ། དཔལ་མགོན་ཀླུ་སྒྲུབ། སློབ་དཔོན་ཀླུ་སྒྲུབ། དུས་སྐབས། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཙམ།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
སྐྱང་རྩེ་འཇམ་དབྱངས་སྦྱིན་པ་རྒྱ་མཚོ་མཆོག་ནི་མདོ་སྨད་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་རྒྱུད་ཀྱི་མང་འབའ་བྱ་གསུམ་དུ་གྲགས་པའི་ནང་ཚན་བྱ་གཞུང་ཕྱུག་མོ་གཞུང་དུ་སྐུ་འཁྲུངས་ཤིང་། 1994ལོའི་ཟླ6པའི་ཚེས17ཉིན་རྗེ་འདི་ཉིད་སྐྱང་རྩེ་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་གནང་། རྗེ་འདི་ཉིད་ཀྱིས་གསོ་དཔྱད་སྨན་གྱི་གཞུང་ལུགས་དང་དེའི་ལག་ལེན་ཆ་ཚང་བ་སྦྱངས་ནས། གཞན་ཕན་གྱི་སྙིང་རྗེ་ཆེན་པོས་ལུས་ཅན་སྐྱེ་བོ་མཐའ་དག་མི་འདོད་པའི་ནད་བརྒྱའི་སྡུག་བསྔལ་ལས་དབུགས་དབྱུང་བར་མཛད་པར་མ་ཟད།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ནི་རབ་བྱུང་བཅུ་པའི་མེ་སྦྲུལ(1617)ལོ་ལ་ལྷོ་ཁ་འཕྱོངས་རྒྱས་རྫོང་དུ་འཁྲུངས། རབ་བྱུང་བཅུ་པའི་ཆུ་ཁྱི(1622)ལོ་ལ་གདན་དྲངས་པ་ལྟར་འབྲས་སྤུངས་ལ་ཕེབས། རབ་བྱུང་བཅུ་པའི་ཤིང་གླང(1625)ལོ་ལ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་བསྟེན་ནས་རབ་ཏུ་བྱུང༌། རབ་བྱུང་བཅུ་གཅིག་པའི་མེ་གླང(1637)ལོ་ལ་པཎ་ཆེན་སྐུ་ཕྲེང་བཞི་པ་དང་བཀའ་མོལ་གནང་ནས་སྐུ་ཚབ་གཅིག་མངགས་ཏེ་མན་ཇུ་རྒྱལ་ཚང་དང་འབྲེལ་ལམ་བཙུགས། རབ་བྱུང་བཅུ་གཅིག་པའི་ཆུ་རྟ(1642)ལོ་ལ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཁམས་ཡོངས་རྫོགས་དབང་དུ་བསྒྱུར་བའི་མཚན་གནས་ཕུལ་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་གཞི་ཚུགས།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
འགོས་ལོ་གཞོན་ནུ་དཔལ་ཞེས་བོད་ས་གནས་ཡོངས་དང་རྒྱ་གར་བལ་ཡུལ་བཅས་སུ་མཚན་སྙན་ཤིན་ཏུ་ཆེ་བ་ཞིག་ཡིན།ལྷོ་ཁ་འཕྱོངས་རྒྱས་ཁུལ་རྒྱས་སྨན་ལྷ་ཁང་གི་མདའ་འམ་པ་རའི་གྲོང་ནག་མེ་དགུ་ཟེར་བའི་ས་ཆར་བོད་ཀྱི་རབ་བྱུང་བདུན་པའི་ཆུ་སྦྲེལ་སྤྱི་ལོ(1392)ལོར་སྐུ་འཁྲུངས་ཤིང་།དགུང་གྲངས་དགུ་བཅུ་བ་སྤྱི་ལོ(1481)ལོར་སྐུ་གཤེགས་པའོ།། རྒྱ་ཡིག་གི་མིང་། 廓诺·雄努白 མིང་གཞན། འགོས་ལོ་ཙཱ་བ། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1392-1481) འཁྲུངས་ཡུལ། ལྷོ་ཁ་འཕྱོངས་རྒྱས་ཁུལ་རྒྱས་སྨན་ལྷ་ཁང་གི་མདའ་འམ་པ་རའི་གྲོང་ནག་མེ་དགུ་ཟེར་བའི་ས་ཆར་སྐུ་འཁྲུངས།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
འདི་ཉིད་ནི་རབ་བྱུང་དྲུག་པའི་ནང་བྱོན་ཞིང་། ཆུང་ངུའི་དུས་སུ་ཡབ་ཀྱི་དྲུང་ནས་བོན་ཆོས་ལ་སྦྱངས། དབུས་གཙང་དུ་ཕེབས་ནས་རབ་ཏུ་བྱུང་སྟེ་གསང་ཕུ་ནེའུ་ཐོགས་ཀྱི་ཆོས་གྲྭར་ཞུགས། སྐྱེས་ཆེན་དམ་པ་མང་པོ་བསྟེན་ནས་ས་ལུགས་ཀྱི་མདོ་དང་རྔོག་ལུགས་ཀྱི་གསང་སྔགས་ཀྱི་ཟབ་དོན་བཞེས་ནས་ས་ལུག་དང་རྔོག་ལུགས་རྣམ་གཉིས་ཀྱི་བཤད་སྲོལ་སོགས་ཐུགས་སུ་ཆུད། འཕན་པོ་ནཱ་ལེནྡྲའི་ཆོས་གྲྭ་ཕྱག་འདེབས་མཛད་དེ་སྐྱེས་འགྲོ་ཀུན་ལ་མདོ་སྔགས་གཉིས་ཀྱི་ཆོས་ཆར་རྒྱ་ཆེར་ཕབ། མཚན་གཞན། རོང་སྟོན་སྨྲ་བའི་སེང་གེ། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1367—1449) འཁྲུངས་ཡུལ།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
གནའ་བོའི་ཀེ་རི་སེའི་རྩིས་དང་མཚན་ཉིད་རིག་པ་བ། གུས་ལུགས་རྙིང་མའི་སྲོལ་འབྱེད་མཁན་པི་ཏ་ཀོ་ལ་སི། རྒྱ་ཡིག་གི་མིང་། 毕达哥拉斯 དབྱིན་ཇིའི་མིང་། Pythagoras འཁྲུངས་འདས་ཀྱི་ལོ་ཚིགས། 572 BC~497 BC རྒྱལ་ཁབ། གནའ་རབས་ཞི་ལི། མཛད་རྗེས་གཙོ་བོ། ༡.དཔངས་འཕྲེད་གཏན་སྲོལ། ༢.དབྱངས་རྒྱུན་གཏན་སྲོལ། ༣.ཡ་གྲངས་དང་ཆ་གྲངས། ཚུགས་ཐུབ་གྲངས་བཅས་ཀྱི་ཁྱད་པར་འབྱེད་ཐབས། མཚམས་སྦྱོར་མདོར་བསྡུས། གནའ་བོའི་ཀེ་རི་སེའི་རྩིས་དང་མཚན་ཉིད་རིག་པ་བ།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
བོད་ཀྱི་སློབ་གསོ་བ་དང་ནང་དོན་རིག་པ་བ་ཆེན་མོ་ཤར་གདོང་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་ནི་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་ཁོངས་བྱ་ཁྱུང་དགོན་པའི་ཉེ་འདབས་ཀྱི་གུང་ཡེ་དགོན་ཚར་ཞེས་པའི་གྲོང་སྡེར་སྐུ་འཁྲུངས་ཤིང་། ཁོང་ཉིད་དགུང་ལོ34སྟེང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གདན་ཞུས་ལྟར་བོད་ཡིག་དགེ་རྒན་གྱི་འགན་བཞེས་ནས་སྐལ་ལྡན་གྱི་སློབ་བུ་མང་བོ་ལ་བོད་ཀྱི་བརྡ་སྤྲོད་དང་སྙན་ངག་སོགས་དཔེ་ཁྲིད་མཛད་པར་མ་ཟད། མཚོ་སྔོན་གསོ་རིག་སློབ་གླིང་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་དཔེ་ཁྲིད་གནང་།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
ལ་མོ་ཞབས་དྲུང་དཀར་པོ་སྐུ་ཕྲེང་དགུ་བ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་ནི་རྒྱལ་དབང་སྐུ་ཕྲེང་གསུམ་པ་རྒྱལ་བ་བསོད་ནམས་རྒྱ་མཚོའི་སྐུ་ཚབ་ཏུ་མདོ་སྨད་དམ་མཚོ་སྔོན་བོད་སོག་སྤྱིའི་དབུ་བླར་ཕེབས་པ་ལ་མོ་བ་ཚོགས་གཉིས་རྒྱ་མཚོ་ཞེས་པའི་སྐུ་ཕྲེང་དགུ་བ་ཡིན། ཁོང་གིས་དང་བོ་མཚན་ལྡན་བཤེས་གཉེན་མང་བོ་བསྟེན་ནས་ཐོས་སོགས་དང་དབང་ལུང་མང་བོ་རྒྱ་ཆེར་གསན་བཞེས་མཛད། ཞོར་དུ་རིག་གསར་སྐབས་རྩ་གཏོར་བཏང་བའི་ཁོང་གི་དགོན་སྡེ་ཁག་དང་སྒར་གཞུང་ལྷག་ལུས་རྣམས་བསྒྲེས་སྐྱོན་ཆེ་བ་དག་ཞིག་གསོ་བགྱིས་པ་དང་དགོན་པ་སོ་སོར་འཆད་ཉན་བཤད་སྒྲུབ་ཀྱི་བྱ་བ་རྣམས་ཉམས་པ་སླར་གསོ་དང་གནས་པ་གོང་འཕེལ་གྱི་ཐབས་ལ་འབད་བཞིན་བཞུགས་ཡོད།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
མཁས་དབང་འདི་ཉིད་བོད་རབ་བྱུང་བཅོ་ལྔ་བའི་མེ་མོ་བྱ་ལོར་བོད་ཀྱི་མི་དྲག་གི་ཁོངས་སུ་གཏོགས་པའི་སྐུ་དྲག་གི་ཁྱིམ་ཚང་ལྕང་ལོ་ཅན་དུ་སྐུ་འཁྲུངས། བོད་ཤེས་རིག་གི་ཐད་ལ་བྱས་རྗེས་སྣ་ཚོགས་བཞག་བའི་མཁས་པ་ཞིག་ཡིན། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1917-1972) ཡབ། ལྕང་ལོ་ཅན་རྣམ་རྒྱལ་ཚེ་བརྟན། ཡུམ། རྡོ་རྗེ་དབྱངས་སྐྱིད། འཁྲུངས་ཡུལ། ལྷ་ས། ངོ་སྤྲོད། མཁས་དབང་འདི་ཉིད་བོད་རབ་བྱུང་བཅོ་ལྔ་བའི་མེ་མོ་བྱ་ལོར་བོད་ཀྱི་མི་དྲག་གི་ཁོངས་སུ་གཏོགས་པའི་སྐུ་དྲག་གི་ཁྱིམ་ཚང་ལྕང་ལོ་ཅན་དུ་སྐུ་འཁྲུངས།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
འཕགས་པ་ཐོགས་མེད་ནི་རྒྱ་གར་གྱི་མཁས་པ་ཆེན་པོ་རྒྱན་དྲུག་མཆོག་གཉིས་ཀྱི་ནང་ཚན། སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སྨྲ་བ་བཞིའི་ནང་ནས་སེམས་ཙམ་པའི་གྲུབ་མཐའི་སྲོལ་གསར་དུ་གཏོད་མཁན་གཙོ་བོ་ཡིན་པས། ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་ཀྱི་ནང་ཚན་དུ་བགྲངས་སྲོལ་མཆིས། སློབ་དཔོན་འདིའི་ཡབ་རྒྱལ་རིགས་དང་ཡུམ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་བྱ་བ་ནང་བའི་བསྟན་པ་ལ་ཧ་ཅང་དད་པ་དེའི་སྲས་སུ་འཁྲུངས་པ་ཡིན། སློབ་དཔོན་དབྱིག་གཉེན་དང་ཡབ་མི་གཅིག་པའི་སྐུ་མཆེད་ཡིན། ཆེར་ལོངས་པའི་དུས་སུ་རིག་པའི་གནས་མཐའ་དག་པ་མཁས་པར་བསླབས་པ་དང་།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
ཨ་ཀྱཱ་བློ་བཟང་འཇམ་དབྱངས་རྒྱ་མཚོ་ནི་ཁྲི་ཀ་སྒོ་མེ་ཧོར་ཀྱཱ་སྡེ་བར་སྤྱི་ལོ1768ལོར་འཁྲུངས། ཨ་ཀྱཱ་སྐུ་ཕེྲེང་གསུམ་པ་ཡིན། སྐུ་འབུམ་བྱམས་པ་གླིང་དུ་གདན་ས་བཀོད་དེ་ཆོས་སྒོར་ཞུགས། རིམ་བཞིན་དབུ་ཕར་གྱི་གཞུང་དང་ཐུན་མོང་གི་རིག་གནས་ལ་ཞིབ་པར་སྦྱངས། དགུང་ལོ་བཅོ་བརྒྱད་པ་སྤྱི་ལོ1785ལོར་པེ་ཅིང་དུ་ཕེབས་ཏེ་མན་ཇུ་གོང་མར་མཇལ་འཕྲལ་གནང་། དབུས་སུ་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་བྱེས་གྲྭ་ཚང་དུ་མདོ་སྔགས་ཀུན་ལ་སློབ་གཉེར་མཛད། རྒྱལ་དབང་མཆོག་ནས་བསྟན་པའི་གསལ་བྱེད་ཨེར་ཏི་ནི་པཎྜིཏ་ཞེས་གཟེངས་བསྟོད་དང་མཁན་ཆས་བསྩལ་ཡོད།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
སློབ་དཔོན་ཆེན་མོ་སངས་རྒྱས་རིན་ཆེན་ལགས་ནི་སྤྱི་ལོ1947ལོར་མདོ་སྨད་གཅན་ཚའི་ལྷ་ས་སྡེ་བ་རུ་ཡབ་ཤ་བོ་སངས་རྒྱས་དང་ཡུམ་པདྨ་མཚོ་སྐྱིད་གཉིས་ཀྱི་བུར་སྐྱེས་ཤིང་། སྤྱི་ལོ1953ལོ་སྟེ་རང་ལོ་བདུན་པ་ནས་བཟུང་རེས་བསྐྱོད་རེས་སྡོད་དང་རེས་དལ་རེས་བྲེལ་གྱི་སློབ་གཉེར་ཁོར་ཡུག་ཁྲོད་ནས་རིམ་བཞིན་གཅན་ཚ་རྫོང་ལྷ་ས་སློབ་ཆུང་དང་གཅན་ཚ་རྫོང་ཞྭ་ཁྲ་ཆ་ཚང་སློབ་ཆུང་འགྲིམས་ལ། སྤྱི་ལོ1969ལོ་ནས་སྤྱི་ལོ1972ལོའི་བར་གཅན་ཚ་རྫོང་རྐང་རྗེན་སྨན་པའི་འཛིན་གྲྭ་ནས་རྒྱ་ནག་དང་ཕྱི་གླིང་གི་གསོ་བ་རིག་པའི་གཞུང་ལ་སློབ་གཉེར་མཛད། སྤྱི་ལོ1972ལོར་མཚོ་སྔོན་མི་རིགས་སློབ་གླིང་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གི་བོད་ཡིག་འཛིན་གྲྭར་ཞུགས་ནས་སུམ་རྟགས་དག་གསུམ་དང་རྒྱ་བོད་ལོ་ཙཱ།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
དགེ་བའི་བཤེས་གཉེན་ཆེན་མོ་རབ་འབྱམས་པ་ངག་དབང་ཀུན་བཟང་མཆོག་ནི་རབ་བྱུང་བཅུ་དྲུག་པའི་ཤིང་མོ་གླང(སྤྱི་ལོ1924)ལོར། མདོ་སྨད་ཁྲི་ཀའི་ཡུལ་ལྷ་སྡེ་རུ་སྐུ་འཁྲུངས། སྐུ་ན་ཕྲ་བའི་དུས་ནས་གཤིས་རྒྱུད་དྲང་ཞིང་བློ་རིག་བཀྲ་བས་དགོན་གསར་གཤོང་མོ་ཆེ་ཏུ་སངས་རྒྱས་ཀྱི་བསྟན་པའི་ཆོས་སྒོར་ཞུགས། དགུང་ལོ་བཅུ་དྲུག་པ་ཆུ་ལུག(སྤྱི་ལོ1943)ལོར། དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ་ཕེབས། དགུང་ལོ་དྲུག་ཅུ་པ་ཤིང་བྱི(སྤྱི་ལོ1984)ལོར། ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་དུ་གདན་ཞུས་ལྟར་ཕེབས་ནས་དགེ་སློབ་ཡོངས་ཀྱི་འདོད་མོས་ལྟར་སློབ་ཁྲིད་མཛད་དེ་མི་རིགས་སློབ་གསོའི་བྱ་བར་མཛད་རྗེས་གང་ལེགས་བཞག
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
གུ་དྲག་ནི1955ལོར་ཅོ་ནེའི་དག་ཡིག་ཁོག་ཏུ་སྐྱེས་ཤིང་ཆོས་དཔལ་ལུང་ཁུག་ཏུ་འཚར་ལོངས་བྱུང་། ལོ་ན་ཆུང་བའི་དུས་ནས་བཟུང་རང་སའི་སློབ་ཆུང་དུ་ཡི་གེ་འབྲི་ཀློག་སྦྱོང་མགོ་ཚུགས་ཏེ། རིམ་བཞིན་རིག་གནས་ཀྱི་གལ་ཆེ་བའི་རང་བཞིན་གསལ་བོར་རྟོགས་ནས། རྒྱ་ཡིག་གི་ཤེས་བྱ་སྦྱོང་དགོས་པའི་ཐོག་བོད་ཡིག་དེ་བས་སྤྱོད་དགོས་པའི་འདུན་པ་སྐྱེས་ནའང་། རིག་གསར་གྱི་དབང་གིས་རང་སྦྱོང་མི་བྱེད་ཐབས་མེད་བྱུང་། སྐྱེས་ལོ། སྤྱི་ལོ1955ལོ། སྐྱེས་ཡུལ། ཀན་ལྷོ་ཁུལ་ཅོ་ནེའི་དག་ཡིག་ཁོག་ཏུ་སྐྱེས།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
སློབ་གསོའི་ལས་དོན་ལ་ཤ་ཞེན་དང་ལྷག་བསམ་མཆོག་ཏུ་དཀར་བའི་གཙོས་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭའི་བོད་ཡིག་སློབ་སྐོར་གྱི་དགེ་རྒན་ཆེན་མོ་གཞོན་པ་དགེ་འདུན་རྒྱ་མཚོ་ལགས་ནི1948ལོར་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྟོད་ཞང་ཁམས་སངས་སྡེ་བའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། ཆུང་དུས་ནས་རིག་པ་རྣོ་ཞིང་གསལ་བ་དང་སློབ་གཉེར་ལ་བརྩོན་པ་ཆེ་སྟབས1975ལོར་ནུབ་བྱང་མི་རིགས་སློབ་གླིང་དུ་རྒྱུགས་འཕྲོད་དེ་སློབ་སྦྱོང་ལ་ཞུགས། སྐྱེས་ལོ། 1948 སྐྱེས་ཡུལ། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྟོད་ཡུལ་ཚོ་ཁམས་སངས་སྡེ་བ།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
ཁོང་ནི་སྤྱི་ལོ 1968ལོར་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་མང་རའི་ས་ཆར་སྐྱེས་ཤིང་། པིར་མིང་ལ་རྒྱ་གྲོལ་ཟེར། ལོ་བཅོ་བརྒྱད་སྟེང་མང་རའི་ཀླུ་ཚང་དགོན་དུ་རབ་ཏུ་བྱུང་ནས་རྗེ་འཇམ་དབྱངས་བློ་བཟང་བསྟན་དར་དང༌། སྨད་སོག་སྨོན་ལམ་རྒྱ་མཚོ་སོགས་ལས་མདོ་སྔགས་གཞུང་ལུགས་ལ་སྦྱངས། སྤྱི་ལོ1996ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག དགོན་དེ་གའི་བཀའ་རམས་འཛིན་གྲྭར་ཡོད་ཅིང་ཞོར་དུ་དབུས་གཞོང་ཐར་ཤུལ་དགོན་གྱི་དགེ་རྒན་བྱས་ཡོད། ཁོང་ནི་བོད་ཁམས་སུ་མིང་གྲགས་ཆེ་བའི་སྙན་ངག་པ་དང་བསམ་བློ་བ།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
ཁོང་ནི་ཀན་ལྷོ་བསང་ཆུ་རྫོང་དུ་སྐྱེས་ཤིང་། མི་ཚེ་ཧྲིལ་བོ་མི་རིགས་སློབ་གསོའི་དོན་གཏོང་མྱོང་བའི་བོད་ཀྱི་མཁས་པ་ཞིག་ཡིན། ཁོངས་གཏོགས། མི་སྣ། འཁྲུངས་ཡུལ། ཀན་ལྷོ་བསང་ཆུ། འཁྲུངས་འདས་ལོ། སྤྱི་ལོ1929-2010 ལས་རིགས། སློབ་གསོ་བ། ངོ་སྤྲོད། སྤྱི་ལོ1929ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆུ་སྔོན་ཞང་གི་ཞིང་བའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། སློབ་ལོ་རན་པ་ནས་བསང་ཆུ་རྫོང་བོད་རིགས་སློབ་ཆུང་དུ་སློབ་གཉེར་མཛད།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བོ་ནི་བོད་ལ་ལོ་ཙཱ་བ་མང་དུ་འཁྲུངས་པའི་ཁྲོད་ནས་མཚན་སྙན་ཡོད་པ་ཞིག་ཡིན་ལ། དགུང་ལོ་ཆུང་ངུའི་དུས་ནས་ལོ་ཆེན་གྲགས་པ་རྒྱ་མཚོ་དང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་སོགས་ཀྱི་མཁས་དབང་དུ་མའི་ཞབས་ལ་གཏུགས་ནས་ཡིག་རིགས་མི་འདྲ་བ་སྣ་ཚོགས་སྦྱངས་ཏེ་ལོ་ཙཱ་བ་ཆེན་མོའི་མཚན་གནས་ཐོབ། ཕྱིས་སུ་རྒྱ་གཞུང་དུ་མ་བོད་སྐད་དུ་བསྒྱུར་བའི་བཀའ་བསྟན་པོད་བཅུ་ཕྲག་ལང་བ་ཡོད་དོ། ། མིང་གཞན། ཆོས་སྐྱོང་འབུམ། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1441—1527) འཁྲུངས་ཡུལ། གཙང་ཞ་ལུ་གསེར་ཁང་གི་ཁང་གསར་གོང་མ།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
སྤྲུལ་སྐུ་ངག་དབང་འཇམ་དཔལ་ནི་སྤྱི་ལོ1821ལོར་འཁྲུངས་ཤིང་། བཙན་ལྷ་བྱེ་སྨད་དགོན་མ་ལག་ཐོག་མར་སྲོལ་གཏོད་མཁན་སྐུ་ཕྲེང་དང་བོ་ཡིན། སྤྱི་ལོ1884ལོ་ལ་དགོངས་པ་རྫོགས། སྐུ་གཤེགས་དུས་དགུང་ལོ63ཡིན། རྒྱ་ཡིག་གི་མིང་། 阿旺嘉木尔 བོད་ཡིག་གི་མིང་། བླ་མ་ངག་དབང་འཇམ་དཔལ། མཚན་དངོས། བྱེ་སྨད་ངག་དབང་འཇམ་དཔལ། འཁྲུངས་འདས་ལོ་ཚིགས། སྤྱི་ལོ1821ནས་སྤྱི་ལོ1884ལོའི་བར་ཡིན། འཁྲུངས་ཡུལ། མདོ་སྨད་བཙན་ལྷ་རྫོང་གི་མི་ཕམ་ཡུལ་ཚོའི་ས་ཆ།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
ཨ་མཆོག་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ནི་ཡུལ་མདོ་སྨད་ཀྱི་ས་ཆར་ལྷོ་བྱང་གཉིས་སུ་དབྱེ་བའི་ནང་ཚན་ལྷོའི་རྒྱུད་རྔ་བ་ཆོག་ཙེ(མཆོག་རྩེ)རྒྱལ་པོའི་མངའ་འབངས་སུ་ཡབ་བསོད་ནམས་ནོར་བུ་དང་ཡུམ་ཕུན་ཚོགས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་མོ་བྱ་ལོར(སྤྱི་ལོ1849ལོ)འཁྲུངས་ཤིང་། ཁོང་ནི་ཨ་མཆོག་སྐུ་རབས་གསུམ་པ་ཡིན་ལ། སྐུ་རབས་དང་པོ་བསོད་ནམས་ཆོས་འཕེལ་ཤར་རྒྱལ་མོ་རོང་དུ་ཨ་མཆོག་རྒྱལ་པོའི་ཕོ་བྲང་དུ་སྐུ་བལྟམས་པས་ཕྱིས་རབས་རྣམས་ལ་ཨ་མཆོག་སྤྲུལ་སྐུའི་མིང་ཐོབ་པ་རེད།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
གེ་སར་ཞིབ་འཇུག་པ་གཅོད་པ་དོན་གྲུབ་ལགས་ནི་སྤྱི་ལོ1950ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་འགག་རྒྱལ་ར་སྡེ་ཆེན་དུ་ཡབ་པདྨ་དབང་རྒྱལ་དང་ཡུམ་ཤ་བོ་སྐྱིད་གཉིས་ཀྱི་གཅེས་ཕྲུག་ཏུ་སྐྱེས། སྤྱི་ལོ1964ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དགེ་ཐོན་སློབ་གྲྭར་ཞུགས་ནས་བོད་ཡིག་དང་རྒྱ་ཡིག་བཅས་ལ་སྦྱང་བརྩོན་བྱས་པ་དང་སྤྱི་ལོ1969ལོར་མཚོ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་ཏེ་ལོ་འཁོར་ལྔ་དྲུག་ཙམ་ལ་འབྲོག་པའི་སློབ་ཆུང་གི་དགེ་རྒན་གྱི་འགན་ཁུར།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
བློ་བཟང་ཉི་མ་ནི་སྤྱི་ལོ1926ལོའི་ཟླ7པའི་ཚེས26ཉིན་མཛོད་དགེ་རྫོང་གཟའ་རུ་ཡུལ་ཚོ་ཨ་ནུ་ཐང་སྡེ་བར་འཁྲུངས་ཤིང་། དགུང་ལོ་བརྒྱད་ཐོག་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་ནས་རབ་ཏུ་བྱུང་། སྤྱི་ལོ1942ལོ་ནས་སྤྱི་ལོ1949ལོའི་བར་སྔ་གཞུག་ཏུ་དཀར་མཛེས་ཁུལ་སྡེ་དགེ་རྫོང་རྫོགས་ཆེན་དགོན་དང་སྡེ་དགེ་དགོན། བོད་ལྗོངས་ཀྱི་འབྲས་སྤུངས་དགོན། བཀྲ་ཤིས་ལྷུན་པོ་སོགས་ནས་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་བཅུ་ལ་གསན་སྦྱང་མཐར་ཕྱིན་པར་མཛད་ནས་དགེ་བཤེས་ཀྱི་གོ་གནས་འཐོབ། ཁོང་གིས་སྔ་གཞུག་ཏུ་བོད་ཀྱི་ཕྱུགས་སྨན་གསོ་སྦྱོང་འཛིན་གྲྭ་དང་མཛོད་དགེ་རྫོང་གི་རོང་འབྲོག་མི་སེར་གྱི་ལག་རྩལ་སློབ་གྲྭ།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག
བླ་མ་གྲགས་པ་བཟོད་པ་ནི་བཙན་ལྷ་རྫོང་མི་ཕམ་དགོན་མ་ལག་ཐོག་མར་སྲོལ་གཏོད་མཁན་དང་མི་ཕམ་སྐུ་ཕྲེང་དང་པོ་སེར་སྨད་རབ་འབྱམས་པའི་མཚན་ཐོབ་མཁན་ཡིན། རྒྱ་ཡིག་གི་མིང་། 扎巴若巴 མཚན་དངོས། སེར་སྨད་རབ་འབྱམས་པ་བླ་མ་གྲགས་པ་བཟོད་པ། འཁྲུངས་ཡུལ། མདོ་སྨད་བཙན་ལྷ་རྫོང་གི་ཀྱོ་སྨད་ཡུལ་ཚོའི་ས་ཆ། མི་རིགས། བོད་རིགས། གྲུབ་མཐའ། དགེ་ལུགས་པ། བླ་མ་གཙོ་བོ། རྗེ་ཙོང་ཁ་བ། བྱས་རྗེས་གཙོ་བོ། བྱེ་སྨད་ཏ་རོ་ལུང་རྒྱལ་དང་རོང་དགོན་མི་ཕམ་བཤད་སྒྲུབ་གླིང་ཕྱག་བཏབ་པ་དང་།
རིགས་དབྱེ། མི་སྣ། • སྤྱི་ཚོགས་ཚན་རིག