ཡཱ་ལི་ཧྲི་ཏུའོ་ཏུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡཱ་ལི་ཧྲི་ཏུའོ་ཏུ།
ཡ་ལི་ཧྲི་ཏུའོ་ཏེ(སྤྱི་ལོ་སྔོན་གྱི384-སྤྱི་ལོ་སྔོན་གྱི322)ནི་གནའ་དུས་ཆེས་རླབས་ཆེ་བའི་མཚན་ཉིད་རིག་པ་བ་དང་ཚན་རིག་པ། ནུབ་གླིང་དངོས་ཡོད་རིང་ལུགས་ཀྱི་མཛེས་དཔྱོད་གཞུང་ལུགས་གསར་གཏོད་པ། གནའ་བོའི་ཀེ་རི་སེ་རྒྱལ་ཁབ་ཀྱི་རིག་གཞུང་སོ་སོའི་ཆེད་མཁས་པའང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
亚里士多德
ཕྱི་ཡིག་གི་མིང་།
Αριστοτέλης,Aristotélēs
འཁྲུངས་འདས་ལོ་ཚིགས།
(སྤྱི་ལོ་སྔོན་གྱི384-སྤྱི་ལོ་སྔོན་གྱི322.3.7)
རྒྱལ་ཁབ།
གནའ་བོའི་ཀེ་རི་སེ།
ལས་རིགས།
མཚན་ཉིད་རིག་པ་བ། ཚན་རིག་པ་དང་སློབ་གསོ་པ། བསམ་བློ་བ།
འཐུས་ཚབ་བརྩམས་ཆོས།
《ལག་ཆ་སྨྲ་བ》 《དངོས་ལུགས་རིག་པ》 《གཟུགས་འདས་རིག་པ》 《མི་ཆོས་རིག་པ》 《ཆབ་སྲིད་རིག་པ》
བྱས་རྗེས་གཙོ་བོ།
གནའ་བོའི་ཀེ་རི་སེའི་རིག་གཞུང་མཐའ་དག་སྤྱི་བསྡོམས་མཛད་པ། གཏན་ཚིགས་རིག་པའི་སྲོལ་འབྱེད་པ།
1 ​མི་སྣ་ངོ་སྤྲོད།

ཡ་ལི་ཧྲི་ཏུའོ་ཏེ(སྤྱི་ལོ་སྔོན་གྱི384-སྤྱི་ལོ་སྔོན་གྱི322)ནི་གནའ་དུས་ཆེས་རླབས་ཆེ་བའི་མཚན་ཉིད་རིག་པ་བ་དང་ཚན་རིག་པ། ནུབ་གླིང་དངོས་ཡོད་རིང་ལུགས་ཀྱི་མཛེས་དཔྱོད་གཞུང་ལུགས་གསར་གཏོད་པ། གནའ་བོའི་ཀེ་རི་སེ་རྒྱལ་ཁབ་ཀྱི་རིག་གཞུང་སོ་སོའི་ཆེད་མཁས་པ་བཅས་ཡིན། ཁོང་གིས་ཚན་རིག་ཞིབ་འཇུག་གི་མ་ལག་ཧ་ཅང་རྒྱ་ཆེན་པོ་ཞིག་བསྐྲུན་ཏེ་ཕྱོགས་སོ་སོ་ནས་གནའ་བོའི་ཀེ་རི་སེའི་རིག་གཞུང་མཐའ་དག་སྤྱི་བསྡོམས་མཛད་ཡོད། སྲོག་ཆགས་རིག་པ་དང་སྐྱེ་དངོས་རིག་པ། ལུས་ཁམས་རིག་པ། གསོ་རིག་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པར་མ་ཟད། ལོ་རྒྱུས་རིག་པ་དང་ཆབ་སྲིད་རིག་པ། རིག་རྩལ་གཞུང་ལུགས་བཅས་ལའང་ཞིབ་འཇུག་མང་པོ་བྱས།

སྤྱི་ལོ་སྔོན་གྱི384ལོར། ཡ་ལི་ཧྲི་ཏུའོ་ཏེ་ནི་མ་ཁི་ཏོ་ཉི་ཡ་རྒྱལ་ཁབ་ཀྱི་སི་ཐ་ཅི་ལ་གྲོང་ཁྱེར་དུ་སྐྱེས། ཆུང་དུས་ནས་གསོ་རིག་དང་གཤག་བཅོས་རིག་པ། སྐྱེ་དངོས་རིག་པ་བཅས་རང་བྱུང་རིག་པ་ལ་སྤྲོ་བ་ཆེན་པོ་ལྡན། ལོ་བཅུ་བདུན་སྟེང་ནས་པོ་ལ་ཐུའུ་སློབ་གླིང་དུ་ལོ་ངོ་ཉི་ཤུ་ལྷག་ལ་སློབ་སྦྱོང་བྱས་ལ། པོ་ལ་ཐུའུ་ཡི་སློབ་མའི་གྲས་ནས་ཆེས་ཁྱད་དུ་འཕགས་པ་ཞིག་ཡིན་པས། པོ་ལ་ཐུའུ་ཡིས་ཀྱང་ཁོང་ལ་སློབ་གླིང་གི་རྩེར་སོན་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། ཁོང་སློབ་མཐར་ཕྱིན་རྗེས་ས་ཆ་མང་པོར་གནས་སྐོར་དུ་སོང་ཞིང་། རིམ་གྱིས་རང་གི་བསམ་བློའི་མ་ལག་ཅིག་གྲུབ། སྤྱི་ལོ་སྔོན་གྱི335ལོར་ཁོང་གིས་ཡ་ཏེན་ལུའི་ཁོ་ཨང་གྲོང་ཁྱེར་དུ་རང་གི་སློབ་གླིང་བཙུགས།

སློབ་ཁྲིད་ལས་གཞན། ཁོང་གིས་ད་དུང་སྐྱེ་དངོས་རིག་པ་དང་རང་བྱུང་ཚན་རིག་ལ་ཞིབ་འཇུག་བྱས། ཁོང་ནི་གོང་མ་ཡཱ་ལི་ཧྲན་ཏའི་དགེ་རྒན་ཡིན་པས་ཡོང་འབབ་ཀྱང་ཧ་ཅང་བཟང་ལ། ཆུང་མའང་ཀེ་རི་སེ་རྒྱལ་ཁབ་ཀྱི་དབང་ཐང་ལྡན་པའི་ཁྱིམ་རྒྱུད་ཅིག་གི་བུ་མོ་ཡིན་ཕྱིར། རྒྱུ་ནོར་སོགས་ཀྱི་ཆ་ནས་རང་གི་ལས་དོན་སྒྲུབ་པར་མཐུན་རྐྱེན་འཛོམས། གོང་མ་ཡ་ལི་ཧྲན་ཏས་ཁོང་གི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་ཆེད་ལག་གཡོག་རྣམས་ལ་ཕྱོགས་གང་ཅིའི་ཐད་ནས་ཁོང་ལ་རོགས་སྐྱོར་བྱེད་དུ་བཅུག

2 མཛད་རྗེས།

ཡ་ལི་ཧྲི་ཏུའོ་ཏེ་ཡིས་རང་ཉིད་ཀྱི་རིག་པའི་གཞུང་ལུགས་ཐད་ཀྱི་བྱས་རྗེས་གླེང་སྐབས། ཁེངས་སྐྱུང་གི་སྒོ་ནས"བདག་གི་ལག་ལ་གྲ་སྒྲིག་བྱས་ཟིན་པའི་མ་རྩ་ཞིག་རྙེད་པ་མ་ཡིན་ལ། བདག་ལ་དཔེར་འོས་པའི་དཔེ་དབྱིབས་ཤིག་ཀྱང་ཡོད་པ་མིན། ང་ནི་ཆེས་ཐོག་མའི་གོམ་པ་སྤོ་མཁན་དེ་ཡིན་པས། གོམ་པ་ཆུང་ཆུང་ཞིག་ལས་སྤོས་མེད"ཅེས་ཟེར་ནའང་། ཁོང་ཉིད་འཛམ་གླིང་སྟེང་གི་ཆེས་ཐོག་མའི་སྐྱེ་དངོས་རིག་པ་བ་ཆེན་པོ་དང་། གཏན་ཚིགས་རིག་པའི་སྲོལ་འབྱེད། རང་བྱུང་ལོ་རྒྱུས་ཕྱོགས་ཀྱི་ཆེས་ཐོག་མའི་རིགས་འབྱེད་མཁན་དུ་གྱུར་པ་མ་ཟད། གནམ་དཔྱད་རིག་པ་དང་། ས་གཤིས་རིག་པ། སྦྲུམ་རྟེན་རིག་པ་བ། ཤུགས་རིག་པ་སོགས་ཀྱི་ཐད་ནས་ཀྱང་བྱས་རྗེས་མི་དམན་པ་བཞག 

ཁོང་གིས་རང་གི་ལས་དོན་ལ་རྒྱུ་འབོར་ཆེན་བཏང་བར་མ་ཟད། མི་ཤུགས་ཀྱང་མང་པོ་བཏང་། ཁོང་གིས་མི་སྟོང་ལྷག་ཀེ་རི་སེ་དང་ཡ་ཞི་ཡ་ཆུང་བ་ལ་སོགས་པའི་ས་ཆ་མང་པོར་མངགས་ནས་སྲོག་ཆགས་དང་སྐྱེ་དངོས་སྐོར་གྱི་རྒྱུ་ཆ་འཚོལ་སྡུད་བྱས། ཆ་རྐྱེན་དེ་དག་འཛོམས་པས། ཁོང་གིས་ད་གཟོད་འཛམ་གླིང་སྟེང་གི་སྲོག་ཆགས་རིག་པའི་ལྟེ་གནས་ཐོག་མ་འཛུགས་ཐུབ་པ་བྱུང་། བཤད་རྒྱུན་ལྟར་ན། དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་རྒྱུ་ཤུགས་སོགས་ཀྱིས་རིག་ཚན་བྱ་བཞག་ལ་རོགས་སྐྱོར་བྱས་པའི་མ་དཔེ་ལྟ་བུ་ཡིན་ཟེར་རོ།།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-09

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།