ཧྥུའུ་ཨེར་ཐའེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥུའུ་ཨེར་ཐའེ།
ཧྥུའུ་ཨེར་ཐའེ་ནི་ཧྥ་རན་སེའི་བློ་སྒོ་འབྱེད་པའི་བསམ་བློ་པ་དང་རྩོམ་རིག་པ། མཚན་ཉིད་རིག་པ་བ། དུས་རབས་བཅོ་བརྒྱད་པར་ཧྥ་རན་སེའི་འབྱོར་ལྡན་གྲལ་རིམ་གྱི་བློ་སྒོ་འབྱེད་པའི་ལས་འགུལ་གྱི་གཙོ་འཛིན་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
弗朗索瓦•马利•阿鲁埃
ཕྱི་ཡིག་གི་མིང་།
Voltaire
མཚན་ཧྲིལ་བོ།
ཧྥུའུ་ལང་སུའོ་ཝ•མཱ་ལི•ཨ་ལུའུ་ཨེར།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1694.11.21-1778.5.30)
རྒྱལ་ཁབ།
ཧྥ་རན་སེ།
ལས་རིགས།
བསམ་བློ་པ་དང་རྩོམ་རིག་པ། མཚན་ཉིད་རིག་པ་བ།
འཐུས་ཚབ་བརྩམས་ཆོས།
《མཚན་ཉིད་རིག་པའི་འཕྲིན་གཏོང》 《ལུའུ་དབྱི་དུས་རབས་བཅུ་བཞི་བ》《གཟུགས་འདས་རིག་པ་སྨྲ་བ》
བྱས་རྗེས་གཙོ་བོ།
ཚེ་གང་བོར་ཟློས་གར་བརྩམས་ཆོས50ལྷག་གསར་རྩོམ་གནང་བ་དང་། འཇིག་རྟེན་ཁམས་དང་མི་ཚེའི་གནས་ལུགས་ཀྱི་སྐོར་གྱི་བརྩམས་སྒྲུང་དང་ལོ་རྒྱུས་གསུང་རྩོམ་འབོར་ཆེན་མཛད་ཡོད།
མིང་གཞན།
ཧྥུའུ་ཨེར་ཐའེ།
1 མི་སྣ་ངོ་སྤྲོད།

ཧྥུའུ་ཨེར་ཐའེ(1694-1778)ནི་ཧྥ་རན་སེའི་བློ་སྒོ་འབྱེད་པའི་བསམ་བློ་པ་དང་རྩོམ་རིག་པ། མཚན་ཉིད་རིག་པ་བ། དུས་རབས་བཅོ་བརྒྱད་པར་ཧྥ་རན་སེའི་འབྱོར་ལྡན་གྲལ་རིམ་གྱི་བློ་སྒོ་འབྱེད་པའི་ལས་འགུལ་གྱི་གཙོ་འཛིན་བཅས་ཡིན་པས། ཁོང་ལ་ཧྥ་ལན་ཞིའི་བསམ་བློའི་རྒྱལ་པོ་ཞེས་པའི་མཚན་སྙན་ཐོབ་སྟེ། ཁོང་གིས་ལྷན་སྐྱེས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙིགས་སུ་བཟུང་ན་རང་དབང་དང་ཞི་བདེ་ཡིན་ལ། མི་རྣམས་ལ་འཚོ་གནས་དང་བདེ་སྐྱིད་ལ་འཚོལ་སྙེག་བྱེད་པའི་དབང་ཆ་ལྡན་ཞིང་དེ་ནི་གནམ་རྒན་མས་སྩལ་པ་ཡིན་པས་སུས་ཀྱང་འཕྲོག་མི་ཐུབ་པའི་བསམ་བློ་སྤེལ། འདི་ནི་ལྷན་སྐྱེས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་བསམ་བློ་དེ་རེད།

2 མི་སྣའི་ལོ་རྒྱུས།

ཧྥུའུ་ཨེར་ཐའེ་ནི་ཕ་རི་སིའི་འབྱོར་འབྲིང་གྲལ་རིམ་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ལ་ཆུང་དུས་ནས་སློབ་གསོ་ལེགས་པོར་མྱངས། ཁོང་གི་དྲན་ཤེས་ཧ་ཅང་རྣོ་བས་ལོ་གསུམ་གྱི་སྟེང་ནས་ལཱ•ཧྥེང་ཏན་གྱི《ལེགས་བཤད་གཏམ་རྒྱུད》ཧྲིལ་བོ་བློ་ནས་བསྐྱོར་ཐུབ། ཉིན་ཞིག་ཨ་ཕ་ལགས་ཕྱི་རོལ་ནས་ཡོང་དུས་ཁོང་གི་མལ་ཁྲིའི་སྟེང་ཁེར་ལབ་བྱས་ཏེ་ལན་རེར་དགའ་ཞིང་ཁྲོ་ལ། ལན་རེར་སྐྱོ་བའི་རྣམ་འགྱུར་སྟོན། ཡང་ལན་རེར་རྐང་ལག་གིས་རྣམ་འགྱུར་སྣ་ཚོགས་སྟོན་པའི་ཚུལ་དེ་ཨ་ཕས་མཐོང་འཕྲལ་ཡ་མཚན་དང་སྙིང་རྗེ་ལྷན་ཅིག་ཏུ་སྐྱེས། དེ་ནས་ཨ་ཕ་ཁོང་གི་རྒྱབ་ཏུ་ཡིབས་ནས་ཧྥུའུ་ཨེར་ཐའེ་ཡིས་བཤད་པའི་སྒྲུང་གཏམ་ལ་ཉན་ཞིང་འཁྲབ་པའི་རྣམ་འགྱུར་ལ་བལྟས། མ་གཞིར་ཁོང་གི《ལེགས་བཤད་གཏམ་རྒྱུད》བཤད་བཞིན་ཡོད་པ་འདྲ་བས་ཨ་ཕས་ལྐོག་ཏུ་དཔེ་ཆ་ཁྱེར་ཡོང་ནས་བུས་བཤད་པ་དང་གཤིབ་བསྡུར་བྱས་པ་ན་ཡིག་འབྲུ་གཅིག་ཀྱང་ཆད་ལྷག་མི་འདུག འདི་ནི་དངོས་ནས་བསམ་གྱིས་མི་ཁྱབ་པ་ཞིག་རེད། བྱིས་པའི་གཏམ་རྒྱུད་བཤད་ཚར་རྗེས་ཨ་ཕ་དགའ་ནས་རྒྱུག་ཐེངས་གཅིག་གིས་བྱིས་པ་པང་ལ་བཟུང་ཞིང་གནམ་ལ་བཀྱགས་ནས་ངའི་བུ་བཟང་ངོ་མ་རིག་རྒོད་ཅིག་རེད་ཅེས་བསྔགས་བརྗོད་བྱས། ཁྱིམ་མིའི་སློབ་གསོའི་འོག་ཧྥུའུ་ཨེར་ཐའེ་ཡིས་ལོ་བཅུ་གཉིས་སྟེང་སྙན་ངག་འབྲི་མགོ་བརྩམས་ཤིང་ལོ་བཅུ་དྲུག་ལ་སོན་དུས་ཟུར་ཟའི་སྙན་ངག་དང་ཡུལ་ལྗོངས་སྙན་ངག་བྲིས་པ་ཧ་ཅང་ལེགས། ལོ་ཉི་ཤུའི་སྟེང་ཨ་ཕ་དང་མཉམ་དུ་ཧོ་ལན་དུ་ཞི་དཔོན་བྱས་ཏེ། ཁོང་ལ་སྔར་ལས་ལྷག་པར་རང་ཉིད་ཀྱི་འཇོན་ཐང་ངོམ་པའི་སྐལ་བ་ལྡན་སོང་།

ཧྥུའུ་ཨེར་ཐའེ་ནི་ཀྲུང་གོའི་རིག་གནས་ལ་ཧ་ཅང་དགའ་སྟེ་རུའུ་ལུགས་པའི་བསམ་བློར་ཞིབ་འཇུག་མཛད་ཅིང་། ཀྲུང་གོ་ནི་རྗེས་དཔག་རིང་ལུགས་པའི་རྒྱལ་ཁབ་ཅིག་ཡིན་པར་བསྔགས་བརྗོད་བྱས། ཁོང་གིས《ཀྲོ་ཚང་གི་དྭ་ཕྲུག》ཅེས་པ་ནི་ཧྥ་རན་སེའི་སྐད་ལ་བསྒྱུར་ཏེ《ཀྲོ་ཚང་གི་དྭ་ཕྲུག》ཅེས་པའི་སྐྱོ་གར་ཞིག་བརྩམས། བརྩམས་ཆོས་འདིའི་ནང་དུ་ཀྲུང་གོ་པའི་སྐྱོ་གར་ཞིག་བརྩམས། བརྩམས་ཆོས་འདིའི་ནང་དུ་ཀྲུང་གོ་པའི་དཔའ་མཛངས་རྟུལ་ཕོད་དང་དགྲ་ཤ་ལེན་པའི་སྙིང་སྟོབས་སོགས་བརྗོད་ཡོད་པས་ཧྥ་རན་སེ་རུ་དེར་གདེང་འཇོག་ཆེན་པོ་ཐོབ་བོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-26

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།