ཅུའུ་ཁྲའོ།

ཅུའུ་ཁྲའོ་ནི་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་ཧྥུའུ་ཧྥན་ཡུའུ་རྫོང་གི་ཡུའུ་ཧྲན་ཞང(ད་ལྟའི་ཀོང་ཀྲོའུ་གྲོང་ཁྱེར་ཧའེ་ཀྲུའུ་ཆུའུ)གི་མི་ཡིན་པ་དང་། ཕ་ཡུལ་ཅང་སུའུ་དབྱང་ཀྲོའུ་པའོ་དབྱིན་རྫོང་ཡིན། ཀྲུང་གོའི་ཆིང་རྒྱལ་རབས་དུས་མཇུག་གི་རི་མོ་བ་ཞིག་ཡིན་ལ། “ལིང་ནན་རི་མོའི་གྲུབ་མཐའ་ཡི་བློ་འབྱེད་མེས་པོའི་དགེ་རྒན”ཞེས་འབོད་པ་དང་། ཅུའུ་ལེན་དང་མཉམ་དུ“ཅུའུ་གཉིས”ཞེས་འབོད།

རིགས་དབྱེ།  

ཡེ་ཀྲེ་རྨིན།

ཁོང་ནི་སྤྱི་ལོ1924ལོར་པེ་ཅིན་དུ་འཁྲུངས། མན་ཇུ་རིགས་ཡིན། པེ་ཅིན་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་ནས་ཐོན་པ་དང་། ཆིན་ཧྭ་སློབ་གྲྭ་ཆེན་མོའི་མཛེས་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ། པེ་ཅིན་རིག་རྩལ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་བཞེས། དེ་སྔ་གདན་ཞུ་དང་ལེན་གྱིས་ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་གི་གདན་བཞུགས་ཞིབ་འཇུག་པ་དང་། རྒྱལ་ས་དགེ་འོས་སློབ་ཆེན་མཛེས་རྩལ་སློབ་གླིང་གི་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ། ཀྲུང་གོའི་ཀུའེ་ཚྭ་རྫ་ཆས་སློབ་ཚོགས་ཀྱི་གནའ་བོའི་རྫ་ཆས་ཨུ་ཡོན་ལྷན་ཁང་གི་བློ་འདོན་པ། ཀྲུང་གོའི་གནའ་བོའི་རྫ་ཆས་རིག་གཞུང་སློབ་ཚོགས་ཀྱི་བློ་འདོན་པ། པེ་ཅིང་ཀྲུང་གོའི་ཡིག་རིས་ཞིབ་འཇུག་ཁང་གི་བློ་འདྲི་བ་སོགས་ཀྱི་ལས་འགན་འཁུར་མྱོང་ཡོད། སྤྱི་ལོ2018ལོའི་ཟླ1པའི་ཚེས2ཉིན་གནའ་བོའི་རྫ་དཀར་མཁས་དབང་ཡེ་ཀྲེན་རྨིན་ནད་ཀྱིས་རྐྱེན་པས་པེ་ཅིང་དུ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ94ཡིན་པ་རེད།

རིགས་དབྱེ།