ཏུའུ་ནན།

ཁོང་ནི་སྤྱི་ལོ1828ལོའི་ཟླ5བའི་ཚེས8ཉིན་ནས་སྤྱི་ལོ1910ལོའི་ཟླ10བའི་ཚེས30ཉིན་བར་འཚོ་བཞུགས་གནང་། སུའེ་ཙེར་གྱི་ཚོང་པ་དང་མི་ཆོས་རིང་ལུགས་པ། སྤྱི་ལོ1901ལོར་སྐབས་དང་པོའི་ནོ་པེར་ཞི་བདེའི་བྱ་དགའ་ཐོབ་མཁན་དང་། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་གསར་འཛུགས་མཁན། ལོ་རེའི་ཟླ5ཚེས8ཉིན(དེའི་སྐྱེས་སྐར)ནི་འཛམ་གླིང་གི་རྒྱ་གྲམ་དམར་པོའི་ཉིན་མོ་ཡིན།

རིགས་དབྱེ།  

མོ་ནེ་ཐཱ།

ཁོང་ནི་སྤྱི་ལོ1833ལོའི་ཟླ9བའི་ཚེས20འཁྲུངས་པའི་དབྱི་ཐ་ལིའི་གསར་འགོད་པ་དང་རྒྱལ་སྤྱིའི་ཞི་བདེ་རིང་ལུགས་ཀྱི་བྱེད་སྒོ་སྤེལ་མཁན་ཞིག་ཡིན། སྤྱི་ལོ1907ལོར་ནོ་པེར་ཞི་བདེའི་བྱ་དགའ་ཐོབ། མཐར་སྤྱི་ལོ1918ལོའི་ཟླ2པའི་ཚེས10ཉིན་སྐུ་གྲོངས།

རིགས་དབྱེ།  

མཱ་ཏིང་།

ཁོང་ནི་སྤྱི་ལོ1929ལོའི་ཟླ1པོའི་ཚེས15ཉིན་ཨ་རིའི་ཙུའོ་ཀྲི་ཡཱ་ཀྲོའུ་ཡཱ་ཐི་ལན་ཏཱ་ནས་སྐྱེས་ཤིང་། ཨ་རིའི་ཡེ་ཤུའི་ཆོས་འཆད་མཁན་དང་། སྤྱི་ཚོགས་ཀྱི་བྱེད་སྒོ་པ། མི་རྒྱུད་ནག་པོའི་དམངས་དབང་ལས་འགུལ་གྱི་གཙོ་འཛིན་བཅས་ཡིན། སྤྱི་ལོ1964ལོར་མཱ་ཏིང•ལུའུ་ཏུ•ཅིན་ལ་ནོ་པེར་ཞི་བདེའི་བྱ་དགའ་ཐོབ། སྤྱི་ལོ1968ལོའི་ཟླ4པའི་ཚེས4ཉིན་གྱི་ཕྱི་དྲོ། མཱ་ཏིང•ལུའུ་ཏུ•ཅིན་ནི་མེང་ཧྥེ་སི་གྲོང་ཁྱེར་ལུའོ་ལིན་རླངས་འཁོར་མགྲོན་ཁང་གི་ཐོག་སོ་གཉིས་པར་རིགས་རྒྱུད་རིང་ལུགས་པས་ལྐོག་གསོད་བྱས། སྐབས་དེར་དགུང་ལོ39ཡིན།

རིགས་དབྱེ།  

ཁཱ་སེན།

ཁོང་ནི་སྤྱི་ལོ1887ལོར་སྐྱེས་ཤིང་། ཧྥ་རན་སེའི་ཁྲིམས་རིག་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དགེ་རྒན་ཆེན་མོ། ཧྥ་རན་སེའི་སློབ་གླིང་གི་ཡོན་ཧྲི་བཅས་ཡིན། སྤྱི་ལོ1968ལོར་ནོ་པེར་ཞི་བདེའི་བྱ་དགའ་ཐོབ། སྤྱི་ལོ1976ལོར་སྐུ་གཤེགས།

རིགས་དབྱེ།  

ཁུ་ལི་ཀེན།

ཁོ་མོ་ནི་དབྱིན་ཇི་རྒྱལ་ཁབ་ཀྱི་མི་ཡིན་པ་དང་། ཨིར་ལན་བྱང་མའི་ཞི་བདེ་སྲུང་སྐྱོང་དང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་པར་བྱས་རྗེས་བཞག་ཡོད་པས་སྤྱི་ལོ1976ལོར་ནོ་པེར་ཞི་བདེ་བྱ་དགའ་ཐོབ།

རིགས་དབྱེ།  

ཆབ་འགག་རྟ་མགྲིན།

ཆབ་འགག་རྟ་མགྲིན། ཕོ། ​སྤྱི་ལོ1955ལོར་མདོ་སྨད་ཆབ་འགག་རྒྱལ་ར་སྡེ་ཆེན་དུ་སྐྱེས། 1964ལོ་ནས་རིམ་བཞིན་སློབ་ཆུང་ནས་སློབ་གྲྭ་ཆེན་མོར་འགྲིམས། སྤྱི་ལོ1989ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་རབ་འབྱམས་པའི་བསླབ་གནས་བླངས། ད་ལྟ་མཚོ་སྔོན་མི་རིགས་སློབ་གླིང་གི་བོད་རིག་པའི་ཚན་རིག་གླིང་གི་སྤྱི་ཁྱབ་པུའུ་ཡི་ཧྲུའུ་ཅི་དང་། མཚོ་སྔོན་མི་རིགས་སློབ་གླིང་གི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་དང་དགེ་རྒན་ཆེན་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཆེད་མཁས་པ། མཚོ་སྔོན་མི་རིགས་སློབ་གླིང་གི་རིག་གཞུང་ཚན་ཁག་གི་སྣེ་ཁྲིད་པ་བཅས་ཡིན།

རིགས་དབྱེ།  

ཝེ་ལེན་སི།

པེ་ཏི•ཝེ་ལེན་སི་དང་མེ་ལི་ཏུ•ཁུ་ལི་ཀེན་གཉིས་ཀྱིས་མཉམ་དུ“ཞི་བདེའི་མི་དམངས་རྩ་འཛུགས”བཙུགས་པ་དང་། ཁོ་མོས“ཨིར་ལན་བྱང་མའི་གནད་དོན”ལ་ཞི་བའི་ངང་ཐག་གཅོད་བྱེད་པར་བྱས་རྗེས་གལ་ཆེན་བཞག་ཡོད་པས་སྤྱི་ལོ1976ལོར་ནོ་པེར་ཞི་བདེའི་བྱ་དགའ་ཐོབ། ཁོ་མོ་ནི་རྒྱལ་སྤྱིའི་བྱམས་སྐྱོང་བྱིས་པའི་འཛམ་གླིང་ལྟེ་གནས་ཀྱི་ཀྲུའུ་ཞི་ཡིན། སྤྱི་ལོ2020ལོའི་ཟླ3པའི་ཚེས17ཉིན་ཨིར་ལན་བྱང་མའི་པེ་ཨེར་ཧྥ་སི་ཐུར་སྐུ་གཤེགས།

རིགས་དབྱེ།  

ཞིབ་བརྗོད་མི་ཆོས་རིག་པ།

དེ་ནི་མི་སྒེར་རམ་ཚོགས་པའི་མི་ཆོས་ལྟ་བའི་ཉམས་མྱོང་ཞིབ་འཇུག་ཅིག་ཡིན་ཏེ། ཞིབ་བརྗོད་མི་ཆོས་རིག་པར་ཞིབ་འཇུག་བྱེད་པའི་མཁས་པས་མི་རྣམས་ཀྱི་བསམ་ཚུལ་ཐེར་འདོན་བྱེད་པའི་བསམ་ཚུལ་ཡོད་ཅིང་། དེའི་ནང་རིན་ཐང་ལྟ་བ་དང་། ནོར་འཁྲུལ་གྱི་བྱ་སྤྱོད། ཀུན་སྤྱོད་ཀྱི་གྲུབ་ཆ་གཙོ་བོའི་ཁྱད་ཆོས་གང་ཞིག་ནི་སེམས་བཟང་ཡིན་པ་སོགས་ཚུད་ཡོད། མི་ཆོས་རིག་པའི་ཞིབ་བརྗོད་དེ་མི་རྣམས་ཀྱི་རིན་ཐང་ལྟ་བ་གསལ་བཤད་བྱེད་པ་དང་མི་རྣམས་ཀྱིས་ཀུན་སྤྱོད་ཐད་ཀྱི་ལྟ་ཚུལ་འགྲིག་དོ་སྣང་བྱེད་པ་སྟེ། དེས་མི་རྣམས་ཀྱི་བྱ་སྤྱོད་དམ་བསམ་ཚུལ་ལ་དཔྱད་མཚམས་གང་ཡང་གཏོང་མི་སྲིད།

རིགས་དབྱེ།  

ཚད་ལྡན་མི་ཆོས་རིག་པ།

དེ་ནི་མི་ཆོས་རིག་པའི་གཞི་རྩའི་རྣམ་པ་ཞིག་ཡིན་ཞིང་། གཙོ་བོ་མཚན་ཉིད་རིག་པའི་རྟོག་དཔྱོད་ཀྱི་ཐབས་ལ་བརྟེན་ནས་མི་ཆོས་ཀྱི་གནད་དོན་ལ་ཞིབ་འཇུག་བྱས་ཏེ། མི་རྣམས་ཀྱི་བྱ་སྤྱོད་དང་། འགུལ་སྐྱོད། ཐག་གཅོད་བཅས་ལ་ཁྲིད་སྟོན་བྱེད་ཐུབ་པའི་གཞི་རྩའི་ཀུན་སྤྱོད་རྩ་དོན་གསལ་སྟོན་དང་། འཕེལ་རྒྱས། ར་སྤྲོད་བཅས་བྱེད་པར་འབད་བརྩོན་བྱས་ཏེ། དོན་དངོས་གཞིར་བཟུང་ནས་འཚོ་བ་དངོས་ལ་མི་ཆོས་ཀྱི་མཛུབ་སྟོན་བྱེད་པ་དང་། ལག་ལེན་གྱི་རང་བཞིན་ཅུང་ཆེན་པོ་ལྡན་ཞིང་། སྲོལ་རྒྱུན་དང་གཙོ་རྒྱུན་གྱི་མི་ཆོས་རིག་པའི་ཁོངས་སུ་གཏོགས་པ་རེད། དེའི་འབྲེལ་ཡོད་ཞིབ་འཇུག་དེ་གནའ་བོའི་ཀེ་རི་སེ་དང་ཀྲུང་གོའི་ཆིན་རྒྱལ་རབས་སྔོན་མའི་བར་དུ་ཁུངས་གཏུགས་ཆོག

རིགས་དབྱེ།  

ཐུགས་ཁུར་མི་ཆོས་རིག་པ།

ཐུགས་ཁུར་མི་ཆོས་རིག་པ(Care Ethics)ལ་སྐབས་འགར་བུད་མེད་ཀྱི་མི་ཆོས་རིག་པའི་གཞུང་ལུགས་སུ་འབོད་པ་དང་། སེམས་ཁམས་རིག་པ་བC .ཅི་ལི་ཀེན་གྱིས་གསར་གཏོད་བྱས་པ་ཡིན། མོས་ཕོ་མོས་ཀུན་སྤྱོད་ཐག་གཅོད་བྱེད་སྐབས་རྣམ་འགྱུར་མི་འདྲ་བ་ཡོད་པར་འདོད།

རིགས་དབྱེ།