ལུའུ་སུའོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུའུ་སུའོ།
ལུའུ་སུའོ་ནི་དུས་རབས་བཅོ་བརྒྱད་པའི་ཧྥ་རན་སེའི་མིང་དུ་གྲགས་པའི་བསམ་བློ་པ་དང་མཚན་ཉིད་རིག་པ་བ། སློབ་གསོ་པ། རྩོམ་རིག་པ་དང་རྨོངས་སེལ་ལས་འགུལ་ཁྲོད་ཀྱི་ཆེས་ཁྱད་དུ་འཕགས་པའི་འཐུས་ཚབ་མི་སྣ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
让•雅克•卢梭
ཕྱི་ཡིག་གི་མིང་།
Jean-Jacques Rousseau
མཚན་ཧྲིལ་བོ།
རང•ཡཱ་ཁུ•ལུའུ་སུའོ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1712.6.28-1778.7.2)
རྒྱལ་ཁབ།
ཧྥ་རན་སེ།
ལས་རིགས།
བསམ་བློ་པ་དང་མཚན་ཉིད་རིག་པ་བ། སློབ་གསོ་པ། རྩོམ་རིག་པ་བཅས་ཡིན།
འཐུས་ཚབ་བརྩམས་ཆོས།
《སྤྱི་ཚོགས་གན་རྒྱ་སྨྲ་བ》 《ཨའེ་སྨི་ཨར》 《འགྱོད་བཤགས》སོགས་ཡོད།
བྱས་རྗེས་གཙོ་བོ།
ཧྥ་རན་སེའི་གསར་བརྗེ་ཆེན་མོའི་བསམ་བློ་གསར་གཏོད་བྱེད་མཁན།
1 མི་སྣ་ངོ་སྤྲོད།

ལུའུ་སུའོ(1712-1778)ནི་དུས་རབས་བཅོ་བརྒྱད་པའི་ཧྥ་རན་སེའི་མིང་དུ་གྲགས་པའི་བསམ་བློ་པ་དང་མཚན་ཉིད་རིག་པ་བ། སློབ་གསོ་པ། རྩོམ་རིག་པ་བཅས་དང་རྨོངས་སེལ་ལས་འགུལ་ཁྲོད་ཀྱི་ཆེས་ཁྱད་དུ་འཕགས་པའི་འཐུས་ཚབ་མི་སྣའི་གྲས་ཀྱི་གཅིག་ཡིན་ལ། ཧྥ་རན་སེའི་གསར་བརྗེ་ཆེན་མོའི་བསམ་བློ་གསར་གཏོད་བྱེད་མཁན་ཡང་ཡིན། ཚབ་མཚོན་བརྩམས་ཆོས་ལ《སྤྱི་ཚོགས་གན་རྒྱ་སྨྲ་བ》 《ཨའེ་སྨི་ཨར》 《འགྱོད་བཤགས》སོགས་ཡོད།

2 མི་སྣའི་ལོ་རྒྱུས།

1712ལོར། ལུའུ་སུའོ་ནི་སུའེ་ཙེར་གྱི་རི་ནེ་ཝ་རུ་སྐྱེས། ཁོང་སྐྱེས་པའི་ཉིན་འགའི་རྗེས་སུ་ཁོང་གི་ཨ་མ་འཇིག་རྟེན་མི་ཡུལ་དང་གཏན་དུ་བྲལ། ཨ་ཕ་ནི་དུས་ཚོད་འཁོར་ལོ་ལས་མཁན་ཞིག་ཡིན་པས་ཁྱིམ་ཚང་གི་འབྱོར་བ་ཧ་ཅང་ཞན། ཨ་མ་ཚེ་ལས་འདས་ཁར་དཔེ་ཆ་མང་པོ་བསྐྱུར་ཡོད་པས། ལོ་ལྔ་ལ་སོན་པའི་ལུའུ་སུའོ་དང་ཁོང་གི་ཨ་ཕ་ནི་ཁོམ་གསེང་གི་སྐབས་སུ་དཔེ་ཆར་ལྟ་རྒྱུ་ཧ་ཅང་དགའ། ཁོང་གཉིས་ཀྱིས་རྒྱུན་དུ་དགོང་ཟས་ཟོས་རྗེས་དཔེ་ཆ་བཀླགས་པ་དང་། སྐབས་འགར་ཡིད་དབང་བཀུག་ནས་གཉིད་རྒྱུ་ཡང་བརྗེད་འགྲོ། དེ་ལྟར་ཁོང་གཉིས་ཀྱིས་རྟག་ཏུ་ནམ་གུང་དང་ཐ་ན་ནམ་ལངས་རག་བར་དུ་དཔེ་ཆ་བཀླགས་པ་རེད།

ལུས་སུའོ་ཡིས་ལྟོགས་པས་ཟས་དང་སྐོམ་པས་ཆུ་ལྟར་དཔེ་ཆ་བཀླགས་ནས་དཔེ་ཆར་དགའ་པའི་གོམས་གཤིས་ཤིག་ངང་ངམ་ཤུགས་ཀྱིས་ཆགས་ཤིང་། དཔེ་ཆའི་ནང་དོན་ཐམས་ཅད་བློ་ངོར་གསལ་བོར་འཛིན་ཐུབ་པ་དང་གོ་བ་ཟབ་མོ་ཡང་ལེན་ཐུབ། ལོ་བདུན་ལ་སོན་དུས་ཁོང་གིས་ཁྱིམ་གྱི་དཔེ་ཆ་མཐའ་དག་བལྟས་ཚར་བས། སྤོ་བོ་ཡོད་སར་དཔེ་ཆ་ལྟ་རུ་སོང་། ཁོང་གིས་བརྩམས་སྒྲུང་རྐྱང་རྐྱང་བཀླགས་པ་མིན་ཏེ། ད་དུང་ཤེས་བྱ་སྣ་ཚོགས་དང་བསམ་བློའི་ཕྱུག་པའི་དཔེ་ཆ་བཀླགས་པ་དཔེར་ན《འཛམ་གླིང་གི་ལོ་རྒྱུས་གླེང་བ》དང་། 《མི་སྣ་གྲགས་ཅན་གྱི་གཏམ་རྒྱུད》 《འཇིག་རྟེན་གྱི་སྣང་ཚུལ་སྣ་ཚོགས་གསལ་འགྲེལ》སོགས་ལྟ་བུ་རེད། ནང་དོན་ཟབ་པའི་དཔེ་ཆ་དེ་དག་གིས་ཁོང་ཉིད་བརྩམས་སྒྲུང་ཕྱོགས་ལ་ཡོད་པའི་སྤྲོ་བ་བསྒྱུར་པ་དཔེར་ན། 《མི་སྣ་གྲགས་ཅན་གྱི་གཏམ་རྒྱུད》ཅེས་པ་བཀླགས་རྗེས་གནའ་བོའི་ཀེ་རི་སེ་དང་གནའ་བོའི་རོ་མའི་དཔའ་རྒོད་དག་ལ་དད་གུས་སྐྱེས་ཏེ། བློ་ངོར་ནམ་ཡང་དཔའ་རྒོད་ཅིག་བྱེད་པའི་སྤྲོ་སེམས་ཀྱིས་ཁེངས་ཤིང་། དཔའ་བོ་ཚོའི་ཞུམ་པ་མེད་པའི་མཛད་རྗེས་བཀླགས་ཐེངས་རེར་ཁོང་ལ་སྙིང་སྟོབས་རབ་ཏུ་རྒྱས་པ་དང་། མིག་ཟུང་དུ་ནམ་ཡང་རྣམ་རིག་གི་འོད་མདངས་བཀྲ།

ཉིན་ཞིག་ལ་ཁོང་གིས་རོ་མའི་དུས་སྐབས་ཀྱི་ཞི་ཧྥི་ལའི་གཏམ་རྒྱུད་བཀླགས། ཞི་ཧྥི་ལ་འཛིན་བཟུང་ཐེབས་རྗེས་ཁོང་གི་ལག་པ་མེ་ལ་བསྲེགས་ཀྱང་ཨམ་གཙིགས་བསྡམས་ནས་དགྲ་ལ་མགོ་བོ་མ་བསྒུར། དཔེ་ཆ་བཀླགས་ནས་མཚམས་འདིར་ཐོན་དུས་ལུའུ་སུའོ་ལ་སེམས་འགུལ་ཐེབས་ནས་རང་ཉིད་ཀྱི་ལག་པའང་མེ་ཕོར་ཐོག་ཏུ་བཞག ཁྱེད་ཀྱིས་ཅི་བྱེད་བཞིན་ཡོད་མི་རྣམས་ཀྱིས་འུར་བརྒྱབ། ང་ཡང་ཞི་ཧྥི་ལ་ལྟ་བུ་ཞིག་བྱེད་འདོད་ཅེས་ལུའུ་སུའོ་ཡིས་སྐད་གསེང་མཐོན་པོས་བཤད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-30

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།