དོན་འགྲུབ་དབང་འབུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དོན་འགྲུབ་དབང་འབུམ།
ཁོང་ནི་ཀྲུང་དབྱང་མི་རིགས་སློབ་གླིང་རྒྱ་སྐད་ཡིག་སྡེ་ཁག་ཏུ་སློབ་མཐར་ཕྱིན་པ་དང་། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཏང་ཙུའུ་ཁོངས་མིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
丹珠昂奔
སྐྱེས་ལོ།
སྤྱི་ལོ1955ལོའི་ཟླ7པ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་།
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་མི་རིགས་སློབ་གླིང་།
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ1955ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་དུ་སྐྱེས།  སྤྱི་ལོ1981ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།  སྤྱི་ལོ1982ལོར་ཀྲུང་དབྱང་མི་རིགས་སློབ་གླིང་རྒྱ་སྐད་ཡིག་སྡེ་ཁག་ཏུ་སློབ་མཐར་ཕྱིན་པ་དང་།  སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཏང་ཙུའུ་ཁོངས་མིའི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1973ལོར་བྱ་བར་ཞུགས་ཤིང་།  སྔ་རྗེས་སུ་ཀན་སུའུ་ཞིང་ཆེན་དཔལ་རིས་རྫོང་ཏུང་ཕིན་སློབ་འབྲིང་དང་མཚོ་སྔོན་ཞིང་ཆེན་དུར་ལམ་རྫོང་ཆུ་ཁོལ་སློབ་གྲྭ། ཀྲུང་དབྱང་མི་རིགས་སློབ་གླིང་རིག་རྩལ་ཚན་ཁག་བཅས་སུ་ལས་ཀ་བསྒྲུབས།

སྤྱི་ལོ1990ལོ་ནས1995ལོའི་བར།  སྔ་རྗེས་སུ་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཚན་ཁག་གི་ཚན་གཙོ་གཞོན་པ་དང་བོད་རིག་པའི་སྡེ་ཁག་གི་ཀྲུའུ་རིན། བོད་རིག་པ་ཞིབ་འཇུག་ཚན་ཁག་གི་ཚན་གཙོ། མི་རིགས་རིག་པའི་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ། བོད་རིག་པ་སྡེ་ཁག་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

སྤྱི་ལོ1995ལོ་ནས1999ལོའི་བར།  སྔ་རྗེས་སུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ཨུ(སློབ་རིམ་གཞོན་པའི་ཚད་རིམ།)དང་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ལས་བྱེད་དོ་དམ་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ1999ལོ་ནས2006ལོའི་བར།  སྔ་རྗེས་སུ་ཀྲུང་གོ་མི་རིགས་སྐད་ཡིག་ལོ་ཙཱ་ལྟེ་གནས་ཀྱི་ཏང་ཨུའི་ཧྲུའུ་ཅི་དང་ཀྲུའུ་རིན་གཞོན་པ།  ཏང་ཨུའི་ཧྲུའུ་ཅི་དང་ཀྲུའུ་རིན་བཅས་ཀྱི་འགན་བཞེས།(2004ལོའི་ཟླ2པ་ནས2006ལོའི་ཟླ1པོའི་བར།  ཡུན་ནན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་དང་། ཧྲིན་ཀྲང་གི་ལས་རོགས་པ་བཅས་ཀྱི་འགན་བཏགས།)

སྤྱི་ལོ2006ལོའི་ཟླ3པ་ནས་ད་ལྟའི་བར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཏང་ཙུའུ་ཁོངས་མིའི་འགན་བཞེས་ཀྱིན་ཡོད་པ་རེད།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དྲུག་པ་དང་བཅུ་བདུན་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-21

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།