ཡོངས་འཛིན་རིག་མཛོད། >མི་སྣ། >སྤྱི་ཚོགས་ཚན་རིག >གཞན་དག

ཚེ་ལོ།

ཚེ་ལོ་ལགས་ནི་སྤྱི་ལོ1963ལོའི་ཟླ2པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་དུ་སྐྱེས་ཤིང་། ད་ལྟར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། རིམ་པ་གཉིས་པའི་སྐོར་གཟིགས་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཞི་གྲངས་ཆེན་མོའི་ཐོན་ལས་ཞབས་ཞུ་ལྟེ་གནས་ཀྱི་འགོ་གཙོ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཀྱིན་ཡོད།

རིགས་དབྱེ།  

དོན་གྲུབ་དབང་འབུམ།

སྤྱི་ལོ1955ལོར་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ་འཁྲུངས་ཤིང་ཕ་ཡུལ་མཚོ་སྔོན་དུ་ནར་སོན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་འབུམ་རམས་སློབ་མའི་མཛུབ་སྟོན་སློབ་དཔོན་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡིན། ཏང་གི་སྐབས་བཅུ་དྲུག་པ་དང་། བཅུ་བདུན་པ། བཅོ་བརྒྱད་པ་བཅས་ཀྱི་འཐུས་མིའི་འགན་བཞེས་མྱོང་ཞིང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས་མུས་ཡོད།

རིགས་དབྱེ།  

ལི་ཡན་ཧུང་།

ཁོང་ནི་སྤྱི་ལོ1968ལོར་ཧྲན་ཞི་ཞིང་ཆེན་དུ་སྐྱེས་ཤིང་པའེ་ཏུའུ་ཀུང་སི་ཕྱག་འདེབས་པ་པོ་དང་ད་ལྟའི་སྤྱི་གཉེར་ཆེན་པོའི་འགན་བཞེས་མུས་ཡིན། སྤྱི་ལོ1991ལོར་ཨ་རིའི་སློབ་ཆེན་ཞིག་ཏུ་བསྐྱོད་དེ་རྩིས་འཁོར་ཆེད་ལས་ཀྱི་རབ་འབྱམས་པའི་བསླབ་གནས་བཞེས།

རིགས་དབྱེ།  

དཀོན་མཆོག་བསྟན་འཛིན།

མཁས་དབང་དཀོན་མཆོག་བསྟན་འཛིན་ལགས་ནི། 1950ལོར་ལྕགས་མདུད་འབྲུག་མོ་རྫོང་ངམ་ཉག་རོང་རྫོང་དུ་སྐུ་བལྟམས། ཆུང་བྱིས་པའི་དུས་ནས་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་རི་མོ་འབྲི་བ་སོགས་ལ་སྔོན་གོམས་ཀྱིི་བག་ཆགས་ལྷན་སྐྱེས་སུ་མངའ་ཞིང་། སློབ་གྲྭ་ཆེ་ཆུང་རིམ་པ་ནས་སློབ་ཐོན་བརྒྱུད་དེ་སྤྱི་ལོ1972ལོར་རང་གི་ཕུགས་འདུན་ལྟར་རྒྱལ་ས་པེ་ཅིན་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མཛེས་རྩལ་ཆེད་སྦྱོང་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་རྙེད། ཁོང་གིས་དགེ་བའི་བཤེས་གཉེན་ཆེན་མོ་དུ་མའི་མདུན་གྲལ་ནས་དགོང་ཕྱི་ཉལ་དང་ནངས་སྔ་ལངས་ཀྱིས་ངལ་བ་ཁྱད་དུ་བསད་དེ་བརྩོན་འགྲུས་ཀྱི་དཔུང་པ་མཉམ་དུ་བསྡེབས་ཏེ་སྔོན་བྱོན་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟ་བུ་རྣམས་ཀྱི་ཤུལ་དུ་བཞག་པའི་རིན་བྲལ་གྱི་ནོར་བུ་སྟེ་ཐུན་མོང་དང་ཐུན་མིན་གྱི་གཞུང་ལུགས་དང་ལོ་ཙཱ་བའི་རིག་གཞུང་སྣ་ཚོགས་ལ་ཐོས་བསམ་གྱི་མཐའ་རྒྱ་བཅད་པར་མཛད།

རིགས་དབྱེ།  

ཏིང་ལེ།

ཁོང་ནི་སྤྱི་ལོ1971ལོར་ཀྲེ་ཅང་ཞིང་ཆེན་དུ་སྐྱེས། ཀྲུང་གོའི་མིང་དུ་གྲགས་པའི་ཆ་འཕྲིན་ལག་རྩལ་གྱི་ཁེ་ལས་པ་ཆེན་པོ་དང་། ཝང་ཡང་ཀུང་ཟི་གསར་འཛུགས་པ་ཡང་ཡིན།

རིགས་དབྱེ།  

ཡེ་ཀུའོ་ཧྥུའུ།

ཁོང་ནི་སྤྱི་ལོ1980ལོར་ཧུའུ་པའེ་ཞིང་ཆེན་དུ་སྐྱེས། ད་ལྟ་ཨེ་ཡ་ཡ་ཁེ་ལས་ཚོགས་པའི་སྤྱི་གཉེར་བ་ཆེན་པོ་ཡིན།

རིགས་དབྱེ།  

མ་ཡུན།

ཁོང་ནི་སྤྱི་ལོ1964ལོར་ཀྲེ་ཅང་ཧང་ཀྲིག་གྲོང་ཁྱེར་དུ་སྐྱེས། སྤྱི་ལོ1982ལོ་སྟེ། དགུང་ལོ་བཅོ་བརྒྱད་ཀྱི་སྟེང་མཐོ་རྒྱུགས་ཞུགས་ཏེ་སྐར་གྲངས་མ་ལོངས། སྤྱི་ལོ1984ལོར་སླར་ཡང་མཐོ་རྒྱུགས་སུ་ཞུགས་ཀྱང་སྔར་བཞིན་སྐར་གྲངས་ཆད། སྤྱི་ལོ1984ལོར། ཐེངས་གསུམ་པར་ཞུགས་ཏེ་ད་གཟོད་ཧང་ཀྲིག་དགེ་ཐོན་སློབ་གླིང་དུ་རྒྱུགས་འཕྲོད་པ་ཙམ་བྱུང་།

རིགས་དབྱེ།  

མ་ཧྭ་ཐིན།

ཁོ་ནི་སྤྱི་ལོ1971ལོར་ཀོང་ཏུང་ཞིང་ཆེན་དུ་སྐྱེས། ཐིན་ཞོན་ཀུང་སི་གསར་གཏོད་པའི་གྲས་ཡིན། ད་ལྟ་ཀུང་སི་དེའི་སྤྱི་གཉེར་ཆེན་པོའི་འགན་བཞེས་མུས་མཆིས། ཀུན་གྱིསQQམཉེན་ཆས་ཀྱི་ཡབ་མེས་ཞེས་བསྔགས་པར་བྱེད།

རིགས་དབྱེ།  

རྟ་མགྲིན་རྒྱལ།

དགེ་རྒན་ཆེན་མོ་རྟ་མགྲིན་རྒྱལ་ནི་སྤྱི་ལོ1947ལོའི་ཟླ6པར་མདོ་སྨད་རེབ་གོང་ཡུལ་གྱི་རྒྱལ་བུ་རླངས་ཚང་ལས་ཕྱོར་རུ་ཞེས་པའི་ཡུལ་དུ་སྐྱེས། རང་ལོ་བརྒྱད་པའི་སྟེང་དུ་སློབ་ཆུང་དུ་ཞུགས་ཏེ་ཡི་གེ་འབྲི་ཀློག་སོགས་བསླབས། ཁོང་ཉིད་ནི་སྔ་འགྱུར་རྙིང་མའི་མཁས་པ་ཞིག་དང་། གསོ་རིག་མཁས་ཆེན་ཞིག་ཡིན་པར་མ་ཟད། རེབ་གོང་ཤེས་རིག་གླིང་གི་སློབ་སྟོན་པ་དང་འཆད་འཁྲིད་གནང་མཁན་གྱི་སློབ་དཔོན་བཅས་ཡིན།

རིགས་དབྱེ།  

བཀྲ་ཤིས་དཔལ་ལྡན།

བཀྲ་ཤིས་དཔལ་ལྡན་ནི་སྤྱི་ལོ1962ལོར་བོད་ལྗོངས་རིན་སྤུངས་རྫོང་རམ་པ་སྡེ་བའི་རོང་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་ཤིང་། སྤྱི་ལོ1974ལོ་སྟེ་རང་ལོ་བཅུ་གསུམ་ཐོག རིན་སྤུངས་རྫོང་གི་སློབ་འབྲིང་གསར་འཛུགས་ཀྱི་སྐབས་དང་བསྟུན་ནས་ཁོང་ཉིད་སློབ་འབྲིང་འགྲིམ་པའི་སྐལ་བ་ལྡན་མོད། སྤྱི་ལོ1976ལོའི་ཟླ9པར་སློབ་འབྲིང་གི་སློབ་གཉེར་བར་བཅད་དེ། གཞི་རིམ་དུ་དམངས་བཙུགས་སློབ་གྲྭའི་དགེ་རྒན་བྱེད་དུ་སོང་། སྤྱི་ལོ1986ལོའི་བར་སྟེ་ལོ་ངོ་བཅུ་ཡི་རིང་ལ་སློབ་བུ་མང་དུ་བསྐྱངས། ཕྱིས་སུ་ལས་གནས་སྤར་ཏེ་ད་ལྟའི་བར་དུ་གསར་འགོད་པ་དང་རྩོམ་སྒྲིག་པའི་ལས་ཀ་གཉེར། ཚབ་མཚོན་རང་བཞིན་གྱི་བརྩམས་ཆོས་ལ་《ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག》དང་《རྒྱུད་སྐུད་སྟེང་གི་རྣམ་ཤེས》《དགུན་གཞུང་རིང་མོ》སོགས་ཡོད། ད་ལྟ་ཁོང་གིས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་། མཐོ་རིམ་རྩོམ་སྒྲིག་པ། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྒྱལ་ཡོངས་ཐ་སྙད་བཀས་བཅད་མཁས་དབང་ཚོགས་ཆུང་གི་ཁོངས་མི་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།

རིགས་དབྱེ།  

ཝེ་ལེན་མུའུ་སི།

མོ་ནི་སྤྱི་ལོ1950ལོའི་ཟླ10བའི་ཚེས9ཉིན་སྐྱེས་པ་དང་། ལུས་སེམས་ལ་ནད་ཀྱིས་མནར་བའི་ཕུ་བོར་རྒྱུན་དུ་སློབ་གྲོགས་ཚོས་བརྙས་བཅོས་དང་སྤྱི་ཚོགས་ཀྱིས་མཐོང་ཆུང་བྱེད་བཞིན་ཡོད་པས། ཁོ་མོ་ཆུང་དུས་ནས་གཞུང་དྲང་མིན་པའི་སྤྱི་ཚོགས་ཀྱི་བྱ་དངོས་ལ་སྡང་སེམས་ཆེན་པོ་སྐྱེས་ཤིང་། ནར་སོན་རྗེས་ཁོ་མོ་དགེ་རྒན་བྱས་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལས་དོན་ཁྲོད་ཧུར་ཐག་གིས་ཞུགས། སྤྱི་ལོ1997ལོར་ཁོང་གིས་རྒྱལ་སྤྱིའི་ཐོག་ས་འོག་འབར་མདེལ་གཏན་འགོག་བྱེད་པའི་ལས་འགུལ་ལ(International Campaign to Ban Landminesདང་ICBL)སྐུལ་འདེད་བཏང་བས་ནོར་པེར་ཞི་བདེའི་བྱ་དགའ་ཐོབ།

རིགས་དབྱེ།  

ཨོ་སི་ཐུ་ལུའོ་མུའུ།

ཁོ་མོ་ནི་སྤྱི་ལོ1933ལོའི་ཟླ8ཚེས7ཉིན་ཨ་རི་ནས་འཁྲུངས། ཨ་རིའི་དབྱིན་ཏི་ཨན་ནཱ་སློབ་ཆེན་དུ་ལས་ཀ་བྱེད་ཀྱིན་ཡོད། ཁོང་མོ་ནི་སྐད་གྲགས་ཆེ་བའི་ཆབ་སྲིད་རིག་པ་མཁས་ཅན་དང་། ཆབ་སྲིད་དཔལ་འབྱོར་རིག་པ་མཁས་ཅན། སྲིད་འཛིན་རིག་པ་མཁས་ཅན། སྲིད་ཇུས་དབྱེ་ཞིབ་མཁས་ཅན་བཅས་ཡིན་པ་དང་། ཨ་རིའི་སྤྱི་བའི་གདམ་གའི་གྲུབ་མཐའ་གསར་གཏོད་བྱེད་མཁན་གྱི་གྲས་ཡིན། སྤྱི་ལོ2009ལོའི་ཟླ10ཚེས12ཉིན་ཁོ་མོ་ལོ་རྒྱུས་ཐོག་གི་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན་བུད་མེད་དང་པོར་གྱུར། སྤྱི་ལོ2012ལོའི་ཟླ6པའི་ཚེས12ཉིན་ཚེ་ལས་འདས།

རིགས་དབྱེ།  

ཝེ་ལེན་སིན།

ཁོང་ནི་སྤྱི་ལོ1932ལོའི་ཟླ9བའི་ཚེས27ཉིན་འཁྲུངས། སྤྱི་ལོ1998ལོ་ནས་བཟུང་ཨ་རིའི་ཅཱ་ཀྲོའུ་སློབ་ཆེན་པོ་ཁེ་ལི་ཡན་ལག་སློབ་གྲྭའི་མཚན་འཛིན་ཁེ་ལས་དོ་དམ་རིག་པའི་དགེ་རྒན་ཆེན་མོ་བ་དང་། དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ། ཁྲིམས་ལུགས་རིག་པའི་དགེ་རྒན་ཆེན་མོ་བ་བཅས་ཀྱི་འགན་བཞེས། ཨ་རིའི་ཆབ་སྲིད་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་ཡོན་ཧྲི་དང་། ཨ་རིའི་རྒྱལ་ཁབ་ཚན་རིག་ཁང་གི་ཡོན་ཧྲི། ཨ་རིའི་སྒྱུ་རྩལ་དང་ཚན་རིག་ཁང་གི་ཡོན་ཧྲི། ཚད་འཇལ་དཔལ་འབྱོར་རིག་པའི་སློབ་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་བཞེས། སྤྱི་ལོ2009ལོར་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།

རིགས་དབྱེ།  

མོ་ཐེང་སེང་།

ཁོང་ནི་སྤྱི་ལོ1939ལོའི་ཟླ2པའི་ཚེས2ཉིན་འཁྲུངས། སྤྱི་ལོ2010ལོའི་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན་ཡིན། ཨ་རིའི་ནུབ་བྱང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡིན། ཞིབ་འཇུག་ཁྱབ་ཁོངས་ནང་ངལ་རྩོལ་དཔལ་འབྱོར་རིག་པ་དང་། སྤྱི་ཁོག་དཔལ་འབྱོར་རིག་པ། དཔལ་འབྱོར་རིགས་པའི་གཞུང་ལུགས་བཅས་དང་ལྷག་དོན་དུ་ལས་ཀ་བཙལ་འཚོལ་དང་ལས་ཤོར་རིགས་པའི་གཞུང་ལུགས་ཐད་ཡོན་ཚད་ཆེན་པོ་ལྡན་ཡོད།

རིགས་དབྱེ།  

ཕི་སཱ་ལི་ཏི་སི།

ཁོང་ནི་སྤྱི་ལོ1948ལོའི་ཟླ2པའི་ཚེས20ཉིན་སེ་ཕུའུ་ལུའུ་སིའི་རྒྱལ་ས་ཉི་ཁོ་ཞི་ཡཱ་རུ་འཁྲུངས་པ་དང་། ཀེ་རི་སེའི་མི་རྒྱུད་ཡིན་པའི་སེ་ཕུའུ་ལུའུ་སིའི་མི་ཡིན། ལོན་ཏོན་ཆབ་སྲིད་དཔལ་འབྱོར་སློབ་གླིང་དུ་ལས་ཀ་བྱེད་ཀྱིན་ཡོད། ཁོང་གིས་ཚོང་རའི་འཚོལ་ཞིབ་གཞུང་ལུགས་དང་སྤྱི་ཁོག་དཔལ་འབྱོར་ཕྱོགས་ལ་བྱས་རྗེས་ཆེན་པོ་བཞག་པས། དཔལ་འབྱོར་རིག་པ་བ་གཞན་གཉིས་དང་མཉམ་དུ་སྤྱི་ལོ2010ལོའི་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ལོངས་སྤྱོད་བྱས། ད་ལྟ་ཞང་ཀང་ཚན་རྩལ་སློབ་ཆེན་མཐོ་རིམ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་ཡིན།

རིགས་དབྱེ།  

སཱ་ཅིན་ཐུ།

ཁོང་ནི་སྤྱི་ལོ1943ལོར་ཨ་རིའི་ཅ་ལི་ཧྥུ་ཉི་ཡཱ་ཀྲོའུ་ཡི་ཕཱ་ས་ཏི་ནཱར་འཁྲུངས་ཤིང་། ཨ་རིའི་དཔལ་འབྱོར་རིག་པ་མཁས་ཅན་ཞིག་ཡིན་ལ། སྤྱི་ལོ2011ལོར་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།

རིགས་དབྱེ།  

ཞི་མུའུ་སི།

ཁོང་ནི་སྤྱི་ལོ1942ལོའི་ཟླ10བའི་ཚེས21ཉིན་ཨ་མེ་རི་ཁའི་ཝ་ཧྲིང་ཏོན་དམིགས་བསལ་ཁུལ་དུ་འཁྲུངས་པ་དང་། ཨ་རིའི་རྩིས་རྒྱག་དཔལ་འབྱོར་རིག་པའི་མཁས་ཅན་དང་སྤྱི་ཁོག་དཔལ་འབྱོར་རིག་པ་མཁས་ཅན་ཞིག་ཡིན། སྤྱི་ལོ2011ལོར་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།

རིགས་དབྱེ།  

ཧྲ་ཕུའུ་ལི།

ཁོང་ནི་སྤྱི་ལོ1923ལོའི་ཟླ6པའི་ཚེས2ཉིན་ཨ་རིའི་མ་ཧྲིན་ཅན་ཆའོ་རུ་འཁྲུངས། ཁོང་ནི་ཨ་རིའི་ཕུལ་དུ་བྱུང་བའི་གྲངས་རིག་མཁས་པ་དང་དཔལ་འབྱོར་རིག་པ་བ་ཞིག་ཡིན། ཕུའུ་ལིན་སི་ཏུན་སློབ་ཆེན་དང་ཧྭ་ཧྥོ་སློབ་ཆེན་ནས་སློབ་མཐར་ཕྱིན་པ་དང་། ཨ་རིའི་ཅཱ་ཀྲོའུ་སློབ་ཆེན་ལུའོ་ཧྲན་ཅིའི་ཡན་ལག་སློབ་གྲྭའི་རྩིས་རིག་དང་དཔལ་འབྱོར་རིག་པའི་མཚན་འཛིན་དགེ་རྒན་ཆེན་མོ་ཡིན། སྤྱི་ལོ2012ལོར་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།

རིགས་དབྱེ།  

ལུའོ་སི།

ཁོང་ནི་སྤྱི་ལོ1951ལོའི་ཟླ12པའི་ཚེས19ཉིན་འཁྲུངས། ཨ་རིའི་དཔལ་འབྱོར་རིག་པ་མཁས་ཅན་ཡིན་ཞིང་། ཧྭ་ཧྥོ་སློབ་ཆེན་དུ་བཟོ་ཚོང་དོ་དམ་རིག་པའི་དགེ་རྒན་ཆེན་མོའི་འགན་ཁུར། སྤྱི་ལོ2012ལོར། ཁོང་དང་ལའོ་ཨའེ་ཏུ•ཧྲ་ཕུའུ་ལི་ལ་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།

རིགས་དབྱེ།  

ཧྥ་མཱ།

ཁོང་ནི་སྤྱི་ལོ1939ལོར་འཁྲུངས་ཤིང་། མིང་དུ་གྲགས་པའི་དཔལ་འབྱོར་རིག་པ་བ་ཞིག་ཡིན། སྤྱི་ལོ2013ལོའི་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།

རིགས་དབྱེ།  

ཧན་སེང་།

ཁོང་ནི་སྐད་གྲགས་ཆེ་བའི་སྤྱི་ཁོག་དཔལ་འབྱོར་རིག་པ་མཁས་ཅན་དང་། ཀྲི་ཅཱ་ཀུ་དཔལ་འབྱོར་རིག་པའི་གྲུབ་མཐའི་མཚོན་བྱེད་མི་སྣའི་གྲས་ཡིན། ཀྲི་ཅཱ་ཀུ་སློབ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཚན་རིག་གི་འཆད་ཁྲིད་དགེ་རྒན་ཆེན་མོ་བཅས་ཡིན། སྤྱི་ལོ2013ལོར་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།

རིགས་དབྱེ།  

ཞི་ལུ།

ཁོང་ནི་ཡེ་ལུའུ་སློབ་ཆེན་གྱི་དཔལ་འབྱོར་ཚན་ཁག་གི་དགེ་རྒན་ཆེན་མོ་གྲགས་ཅན་ཞིག་ཡིན། ད་ལྟ་ཡེ་ལུའུ་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་ཡིན། སྤྱི་ལོ2013ལོར་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།

རིགས་དབྱེ།  

ཐི་རུའུ་ཨེར།

ཁོང་ནི་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་དཔལ་འབྱོར་རིག་པའི་མཁས་དབང་ཞིག་ཡིན་པ་དང་། འཛམ་གླིང་གི་དཔལ་འབྱོར་རིག་པའི་མཁས་པའི་ཨང་རིམ་གཉིས་པར་སླེབས་ཡོད། ད་ཆ་ཧྥ་རན་སེའི་ཐུའུ་ལུའུ་ཙེ་སློབ་ཆེན་གྱི་ཐོན་ལས་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་ཚན་ཞིབ་སུའོ་ཀྲང་གི་འགན་འཁུར་བཞིན་ཡོད། སྤྱི་ལོ2014ལོར་ནོར་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།

རིགས་དབྱེ།  

ཧཱ་ཐུ།

ཁོང་ནི་སྤྱི་ལོ1948ལོར་དབྱིན་ཇིའི་ལུན་ཏུན་དུ་སྐུ་འཁྲུངས། ཧྭ་ཧྥོ་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་ཡིན། ཨ་རིའི་སྤྱི་ཚོགས་ཚན་རིག་སློབ་གླིང་གི་ཡོན་ཧྲི། དབྱིན་ཇིའི་ཚན་རིག་ཁང་གི་ཡོན་ཧྲི་བཅས་ཡིན། སྤྱི་ལོ2016ལོར་ནོར་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།

རིགས་དབྱེ།  

ཧུའོ་མུའུ་སི་ཐུ་ལུའོ་མུའུ།

ཁོང་ནི་སྤྱི་ལོ1949ལོའི་ཟླ4པའི་ཚེས18ཉིན་ཧྥིན་ལན་གྱི་རྒྱལ་ས་ཧེ་ཨེར་ཞིན་ཅི་རུ་འཁྲུངས། ཧྥིན་ལན་གྱི་དཔལ་འབྱོར་རིག་པའི་མཁས་ཅན་ཞིག་ཡིན། ད་ལྟ་མ་ཧྲེང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་དགེ་རྒན་ཆེན་མོའི་འགན་བཞེས་ཡོད། སྤྱི་ལོ2016ལོར་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།

རིགས་དབྱེ།  

ལུའུ་ཀྲུང་ཡོན།

ལུའུ་ཀྲུང་ཡོན་ནི་སྤྱི་ལོ1952ལོའི་ཟླ9བར་འཁྲུངས་ཤིང་ཧོ་ནན་ཞིང་ཆེན་ཅི་ཡོན་གྲོང་ཁྱེར་གྱི་མི་ཡིན། སྤྱི་ལོ1981ལོར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། སྤྱི་ལོ2007ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་། ཀྲུང་གོའི་ཚན་རིག་ཁང་གི་རྒྱལ་ཁབ་གནས་ཚུལ་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཨུ་ཡོན་དང་གདན་ཞུའི་སྐུ་མགྲོན་ཞིབ་འཇུག་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།

རིགས་དབྱེ།  

ཞཱ་པིན།

ཁོང་ནི་ཞིབ་འཇུག་པ་དང་། འབུམ་རམས་པའི་སློབ་དཔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་དངུལ་ལོངས་སུ་སྤྱོད་མཁན་བཅས་ཡིན། ད་ལྟ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་དང་། དེང་རབས་དཔལ་འབྱོར་རིག་པ་ཐེབས་རྩ་ཚོགས་པའི་ལས་འཛིན་འགོ་འཛིན། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དངུལ་རྩ་ཞིབ་འཇུག་ཁང་གི་མཚན་འཛིན་འགོ་འཛིན། ཀྲུང་གོའི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་གླེང་སྟེགས་ཀྱི་ཀྲུའུ་ཞི། ཀྲུང་གོའི་དཔལ་འབྱོར་མི50གླེང་སྟེགས་ཀྱི་ཁོངས་མི་བཅས་ཀྱི་འགན་བཞེས་བཞིན་ཡོད། དེ་སྔ་ཀྲུང་དབྱང་དངུལ་ཁང་གི་དངུལ་ལོར་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་ཁུར་མྱོང་། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་དང་། དངུལ་ལོར་སྲིད་ཇུས། དངུལ་རྩར་ལྟ་སྐུལ་དོ་དམ། ཀྲུང་གོའི་མ་རྩའི་ཚོང་ར་འཕེལ་རྒྱས་བཅས་ཡིན།

རིགས་དབྱེ།  

ཝང་ཀྲི་གོ།

ཁོང་ནི་སྤྱི་ལོ1939ལོའི་ཟླ12པར་ཧེ་ལུང་ཅང་ཞིང་ཆེན་ཝུའུ་ཁྲང་རྫོང་དུ་འཁྲུངས། སློབ་ཆེན་གྱི་བསླབ་གནས་ལྡན། ཀྲུང་གུང་ཏང་ཡོན་ཡིན། ཞིབ་འཇུག་པ་དང་། མཐོ་རིམ་བཟོ་སྐྲུན་དགེ་རྒན། མཐོ་རིམ་དཔལ་འབྱོར་རིག་པ་བ་བཅས་ཡིན། ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། ཏང་ཙུའུ་ཡི་ཁོངས་མི། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བདུན་པ་དང་བརྒྱད་པའི་ཀྲུའུ་ཞི་གཞོན་པ། ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་བཞེས་ཡོད།

རིགས་དབྱེ།  

ཁྲེང་ལུའུ།

ཁོང་ནི་སྤྱི་ལོ1946ལོའི་ཟླ4པར་འཁྲུངས། ཧྲན་ཏུང་ཞིང་ཆེན་ལའེ་ཀྲོའུ་ཡི་མི་ཡིན། ཀྲུང་གོའི་ནུབ་རྒྱུད་ཞིབ་འཇུག་དང་འཕེལ་རྒྱས་སྐུལ་འདེད་ཚོགས་པའི་ལས་འཛིན་པ། ཀྲུང་གོའི་འབྱུང་ཁུངས་ཇུས་འདོན་ཚོགས་པའི་ཆེད་མཁས་པ་བཅས་ཡིན།

རིགས་དབྱེ།  

ཁྲེན་ཝུན་ལིན།

ཁོ་མོ་ནི་ཀྲུང་གོའི་དཔལ་འབྱོར་རིག་པ་མཁས་ཅན་ཞིག་ཡིན་ལ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་ནས་སློབ་མཐར་ཕྱིན་ཅིང་། དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་དང་། ཞིབ་འཇུག་པ། འབུམ་རམས་པའི་སློབ་དཔོན་བཅས་ཡིན། ད་ལྟ་ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་ཀྱི་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན་དང་། ལག་བསྟར་ཅུའུ་ཡི་ཀྲུའུ་རེན་གཞོན་པ། རིག་གཞུང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས་ཡོད།

རིགས་དབྱེ།