དོན་གྲུབ་དབང་འབུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དོན་གྲུབ་དབང་འབུམ།
སྤྱི་ལོ1955ལོར་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ་འཁྲུངས་ཤིང་ཕ་ཡུལ་མཚོ་སྔོན་དུ་ནར་སོན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་འབུམ་རམས་སློབ་མའི་མཛུབ་སྟོན་སློབ་དཔོན་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡིན། ཏང་གི་སྐབས་བཅུ་དྲུག་པ་དང་། བཅུ་བདུན་པ། བཅོ་བརྒྱད་པ་བཅས་ཀྱི་འཐུས་མིའི་འགན་བཞེས་མྱོང་ཞིང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས་མུས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
དོན་གྲུབ་དབང་འབུམ།
རྒྱ་ཡིག་གི་མིང་།
丹珠昂奔
སྐྱེས་ལོ།
སྤྱི་ལོ1955ལོ།
སྐྱེས་ཡུལ།
ཀན་སུའུ་དཔའ་རིས།
1 ​ངོ་སྤྲོད།

སྤྱི་ལོ1955ལོར་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ་འཁྲུངས་ཤིང་ཕ་ཡུལ་མཚོ་སྔོན་དུ་ནར་སོན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་འབུམ་རམས་སློབ་མའི་མཛུབ་སྟོན་སློབ་དཔོན་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡིན། ཏང་གི་སྐབས་བཅུ་དྲུག་པ་དང་། བཅུ་བདུན་པ། བཅོ་བརྒྱད་པ་བཅས་ཀྱི་འཐུས་མིའི་འགན་བཞེས་མྱོང་ཞིང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས་མུས་ཡོད། 

སྤྱི་ལོ1977ལོར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནས་ཀྲུང་དབྱང་མི་རིགས་སློབ་གླིང་གི་རྒྱ་སྐད་ཡིག་སྡེ་ཁག་ཏུ་ཞུགས། སྤྱི་ལོ1981ལོར་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་མཚོ་སྔོན་ཡན་ལག་ཚོགས་པར་ཞུགས། སྤྱི་ལོ1982ལོར་སློབ་མཐར་རྗེས་ཀྲུང་དབྱང་མི་རིགས་སློབ་གླིང་དུ་བོད་རིག་པ་ཞིབ་འཇུག་གི་ཕྱག་ལས་གཉེར། སྤྱི་ལོ1986ལོར་ཀྲུང་གུང་པེ་ཅིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་གྲོང་ཁྱེར་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་བསྩལ། སྤྱི་ལོ1990ལོར་ཀྲུང་དབྱང་མི་རིགས་སློབ་གླིང་གི་བོད་རིག་པ་ཞིབ་འཇུག་ཁང་གི་དབུ་འཛིན་གཞོན་པའི་འགན་བཞེས། སྤྱི་ལོ1991ལོར་དགེ་རྒན་ཆེན་མོ་གཞོན་པའི་མཚན་གནས་ཐོབ་ཅིང་། ལོ་དེར་པེ་ཅིན་གྲོང་ཁྱེར་གྱི་གཞོན་ནུའི་རིག་གཞུང་ཚན་ཁག་གི་སྣེ་འཁྲིད་པར་བདམས། སྤྱི་ལོ1992ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་གྱི་ཆེད་ལས་མཁས་པར་བདམས། སྤྱི་ལོ1993ལོར་དགེ་རྒན་ཆེན་མོའི་མཚན་གནས་ཐོབ་ཅིང་པེ་ཅིན་གྲོང་ཁྱེར་གྱི་ཕུལ་བྱུང་དགེ་རྒན་དུ་བདམས་པ་དང་། དུས་མཚུངས་སུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སྡེ་ཁག་གི་ཀྲུའུ་རེན་ཐོག་མ་དང་བོད་རིག་པ་ཞིབ་འཇུག་ཁང་གི་དབུ་འཛིན་གཅིག་ལྕོགས་ཀྱི་འགན་བཞེས། སྤྱི་ལོ1995ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཏང་ཨུའི་རྒྱུན་ཨུ་དང་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

སྤྱི་ལོ1999ལོར་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཏང་ཨུ་ཧྲུའུ་ཅི་དང་ཅུས་ཀྲང་གི་འགན་བཞེས། སྤྱི་ལོ2004ལོར་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཞིང་ཆེན་འགོ་འཛིན་གྱི་ལས་རོགས་པའི་འགན་བཞེས། སྤྱི་ལོ2006ལོར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུང་རེན་གཞོན་པའི་འགན་བཞེས། སྤྱི་ལོ2001ལོར《བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས》ཞེས་པའི་བརྩམས་ཆོས་ལ“མཆོག་གྱུར་ལྔའི”ལས་གྲྭའི་བྱ་དགའ་ཐོབ།

2 བརྩམས་ཆོས། 

ཁོང་གིས་གཙོ་བོ་བོད་ཀྱི་རིག་གནས་དང་བོད་ཀྱི་རྩོམ་རིག་གི་ཕྱོགས་ལ་ཞིབ་འཇུག་ཟབ་མོ་བྱས་ཡོད་དེ། 《བོད་ཀྱི་རིག་གནས་ལོ་རྒྱུས》དང་། 《བོད་ཀྱི་རིག་གནས་དང་དེང་རབས་ཅན》 《ནང་བསྟན་དང་བོད་ཀྱི་རིག་གནས》སོགས་བརྩམས་ཤིང་།  སྤྱི་ལོ2013ལོར《དུས་སྐབས་གསར་པའི་མི་རིགས་རིག་གནས་ཀྱི་བསམ་གཞིགས》སོགས《དོན་གྲུབ་དབང་འབུམ་གྱི་གསུང་རྩོམ》(པོད་དྲུག་དེབ་བརྒྱད)པར་དུ་བསྐྲུན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-04

གསར་སྤེལ་མཁན། :བསེ་ཆང་རྡོ་རིན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།