མ་ཡུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མ་ཡུན།
ཁོང་ནི་སྤྱི་ལོ1964ལོར་ཀྲེ་ཅང་ཧང་ཀྲིག་གྲོང་ཁྱེར་དུ་སྐྱེས། སྤྱི་ལོ1982ལོ་སྟེ། དགུང་ལོ་བཅོ་བརྒྱད་ཀྱི་སྟེང་མཐོ་རྒྱུགས་ཞུགས་ཏེ་སྐར་གྲངས་མ་ལོངས། སྤྱི་ལོ1984ལོར་སླར་ཡང་མཐོ་རྒྱུགས་སུ་ཞུགས་ཀྱང་སྔར་བཞིན་སྐར་གྲངས་ཆད། སྤྱི་ལོ1984ལོར། ཐེངས་གསུམ་པར་ཞུགས་ཏེ་ད་གཟོད་ཧང་ཀྲིག་དགེ་ཐོན་སློབ་གླིང་དུ་རྒྱུགས་འཕྲོད་པ་ཙམ་བྱུང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马云
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
ཕྱི་ཡིག་གི་མིང་།
Jack Ma
ལས་རིགས།
ཁེ་ལས་པ།
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ1964ལོར་ཀྲེ་ཅང་ཧང་ཀྲིག་གྲོང་ཁྱེར་དུ་སྐྱེས། སྤྱི་ལོ1982ལོ་སྟེ། དགུང་ལོ་བཅོ་བརྒྱད་ཀྱི་སྟེང་མཐོ་རྒྱུགས་ཞུགས་ཏེ་སྐར་གྲངས་མ་ལོངས། སྤྱི་ལོ1984ལོར་སླར་ཡང་མཐོ་རྒྱུགས་སུ་ཞུགས་ཀྱང་སྔར་བཞིན་སྐར་གྲངས་ཆད། སྤྱི་ལོ1984ལོར། ཐེངས་གསུམ་པར་ཞུགས་ཏེ་ད་གཟོད་ཧང་ཀྲིག་དགེ་ཐོན་སློབ་གླིང་དུ་རྒྱུགས་འཕྲོད་པ་ཙམ་བྱུང་།

སྤྱི་ལོ1991ལོར། མ་ཡུན་ཐེངས་དང་པོར་ཚོང་ལས་བྱ་འགུལ་དུ་ཞུགས་ཏེ། 《ཧེ་པའོ་ལོ་ཙཱ་ཁང》ཞེས་པ་བཙུགས། ཟླ1པའི་ཡོང་འབབ་སྒོར་བདུན་བརྒྱ་རེད། དེ་དུས་ཀྱི་ཁང་གླ་ནི་སྒོར་སྟོང་ཕྲག་གཉིས་བརྒལ་འདུག དེ་བས་ཁོང་གིས་ཚོང་རྫས་ཙག་ཙིག་བརྒྱུད་འཚོང་བྱེད་པའི་ཐབས་ལམ་སྤྱད་ཐོག ཀོང་ཀྲིག་དང་དབྱི་ཝུའུ་སོགས་ནས་ཚོང་རྫས་དྲངས་ཤིང་སླར་ཡང་ཧང་ཀྲིག་ས་ཁུལ་དུ་བཀྲམས་པས། ལོ་ཙཱ་ཁང་དེ་རེ་ཞིག་གསོ་ཐབས་བྱུང་བར་མ་ཟད། ཧང་ཀྲིག་གྲོང་ཁྱེར་གྱི་དབྱིན་སྐད་གྲུ་ཟུར་དང་པོའང་བཙུགས།

སྤྱི་ལོ1994ལོའི་ལོ་མཇུག་ཏུ། མ་ཡུན་གྱིས་ཐེངས་དང་པོར་དྲ་ལམ་ཞེས་པ་གོ་ཐོས་བྱུང་། སྤྱི་ལོ1995ལོའི་ལོ་སྟོད་དུ། ཁོ་རང་ཨ་རི་རྒྱལ་ཁབ་ཏུ་ཕྱིན་ཏེ་དྲ་ལམ་ཞེས་པ་དངོས་སུ་མཐོང་ཞིང་། དེའི་དུས། གློག་ཀླད་ལ་རྨོངས་པའི་མ་ཡུན་གྱིས་གྲོགས་པོ་རེ་གཉིས་ཀྱི་རྒྱབ་སྐྱོར་དང་མཛུབ་སྟོན་ལ་བརྟེན་ནས་དྲ་ལམ་སྐོར་གྱི་ཤེས་བྱ་ཐོག་མར་སྦྱངས།

སྤྱི་ལོ1995ལོའི་ཟླ4པར། ཁོ་བཟའ་ཟླ་གཉིས་དང་གྲོགས་པོ་གསུམ་གྱིས་སྒོར་ཁྲི་གཉིས་མ་རྩ་བྱས་ཏེ་ཁེ་ལས་སོ་སོར་དྲ་ངོས་བཟོ་བའི་ཀུང་སི་བཙུགས་ཐོག ཀུང་སི་དེའི་མིང་ལ་ཀྲུང་གོའི་གསེར་ཤོག་ཅེས་པ་བཏགས་ཤིང་། ཀྲུང་གོའི་ཆེས་སྔ་བའི་དྲ་ལམ་ཀུང་སིའི་གྲས་སུ་ཚུད། ལོ་ངོ་གསུམ་ཙམ་གྱི་རིང་ལ། ཡོང་སྒོ་ས་ཡ་ལྔ་ལྷག་བཙལ་ཐུབ་པ་བྱུང་།

མ་ཡུན་ནི་ཀྲུང་གོའི་མིང་དུ་གྲགས་པའི་ཁེ་ལས་པ་ཡིན་ལ། ཨ་ལི་པ་པ་ཁེ་ལས་ཚོགས་པའི་སྲོལ་བཏོད་པ་པོ་ཡང་རེད། ཁོང་ནི་ཨ་རིའི《ཧྥུའུ་པུའུ་སི》དུས་དེབ་ཀྱི་མདུན་ཤོག་སྟེང་བདམས་པའི་ཀྲུང་གོའི་མི་སྣ་ཐོག་དང་པོ་དེ་ཡིན། 


བརྡ་འགྲེལ་གདོང་འཛར།

ཚོང་ལས། མི་སྣ། དྲ་ལམ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-27

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།