ཧྥོ་ལུའོ་དབྱི་ཏུ།

ཧྥོ་ལུའོ་དབྱི་ཏུ་ནི་ཨོ་སི་ཁྲུ་རི་ཡའི་སྐད་གྲགས་ཆེ་བའི་སྨྱོ་ནད་སྨན་པ་དཀའ་བཅུ་བ་དང་སེམས་ཁམས་རིག་པ་བ། ཀླད་པ་དབྱེ་ཞིབ་གྲུབ་མཐའི་སྲོལ་འབྱེད་མཁན་བཅས་ཡིན། ཁོང་གིས་བསམ་བློ་དབྱེ་ཞིབ་ལག་རྩལ་འཕེལ་རྒྱས་སུ་བཏང་སྟེ་སྨྱོ་ནད་ནད་བཅོས་བྱེད་པའི་ཐབས་ཤིག་ཏུ་བསྒྱུར། ཁོང་གིས་མི་ཚེ་གང་བོར་མིའི་རིགས་ཀྱི་བསམ་གཞིགས་དང་ཚོར་སྣང་། ཕུགས་བསམ་སོགས་ལ་ཞིབ་འཇུག་བྱས་ཏེ་སེམས་ཁམས་འཇིག་རྟེན་སྐོར་གྱི་གཞུང་ལུགས་བཙུགས།

རིགས་དབྱེ།  

པཱ་ཧྥུའུ་ལུའོ་ཧྥུའུ།

དབྱི་ཧྥན•པི་ཏུ་ལུའོ་ཝའེ་ཆི•པཱ་ཧྥུའུ་ལུའོ་ཧྥུའུ་ནི་ཨུ་རུ་སུའི་མིང་དུ་གྲགས་པའི་ལུས་ཁམས་རིག་པ་བ་དང་སེམས་ཁམས་རིག་པ་བ། སྨན་པ། མཐོ་རིམ་དབང་རྩའི་རིག་གཞུང་གི་སྲོལ་གཏོད་པ་པོ་བཅས་ཡིན། དུས་རབས་ཉི་ཤུ་པའི་དུས་མགོར། ཁོང་གིས་རྒྱུ་རྐྱེན་ལྡོག་འཕྲོའི་རིག་པ་གསར་གཏོད་བྱས་པ་དང་འཇུ་བྱེད་མ་ལག་འགུལ་སྐྱོད་ཀྱི་གཞི་རྩའི་ཆོས་ཉིད་སྤྱི་བསྡོམས་བྱས་པར་མ་ཟད་ཁྱབ་བསྒྲགས་བྱས་ཏེ་སྤྱི་ལོ1904ལོར་ནོ་པེར་ལུས་ཁམས་རིག་པའི་བྱ་དགའ་ཐོབ།

རིགས་དབྱེ།  

ངལ་རྩོལ་སེམས་ཁམས་རིག་པ།

ངལ་རྩོལ་སེམས་ཁམས་རིག་པ་ནི་སེམས་ཁམས་རིག་པའི་ཡན་ལག་ཅིག་ཡིན་ཞིང་། དེའི་ཁྱད་ཆོས་ནི་ངལ་རྩོལ་བྱ་རིམ་དང་ཟུང་འབྲེལ་བྱས་ཏེ་ངལ་རྩོལ་པའི་སེམས་ཁམས་ཀྱི་ཚུར་སྣང་དང་སེམས་ཁམས་ཀྱི་འགུལ་སྐྱོད་དང་སེམས་ཁམས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ་དེ་ཡིན།

རིགས་དབྱེ།  

སང་ཏའེ་ཁུ།

ཁོང་ནི་ཨ་རིའི་སེམས་ཁམས་རིག་པ་བ་དང་། སྲོག་ཆགས་སེམས་ཁམས་རིག་པའི་སྲོལ་གཏོད་པ། སེམས་ཁམས་རིག་པའི་འབྲེལ་མཐུད་རིང་ལུགས་ཀྱི་སྲོལ་འབྱེད་པ་དང་སློབ་གསོ་སེམས་ཁམས་རིག་པའི་མ་ལག་གི་སྲོལ་འབྱེད་པ་བཅས་ཡིན། ཁོང་གིས་སློབ་སྦྱོང་གི་གཏན་སྲོལ་རབ་དང་རིམ་པ་བཏོན་ཡོད་དེ། དེའི་ནང་དུ་སྦྱོང་བརྡར་གྱི་ཆོས་ཉིད་དང་འབྲས་བུའི་ཆོས་ཉིད་སོགས་འདུས། སྤྱི་ལོ1912ལོར་ཨ་རིའི་སེམས་ཁམས་རིག་པའི་ཚོགས་པའི་ཀྲུའུ་ཞིར་བདམས། སྤྱི་ལོ1917ལོར་རྒྱལ་ཁབ་ཚན་རིག་ཁང་གི་ཡོན་ཧྲི་ལ་བདམས།

རིགས་དབྱེ།  

ཨོའུ་དབྱང་ལུན།

ཁོང་ནི་ཧྲའན་ཞི་དགེ་འོས་སློབ་ཆེན་གྱི་གྲགས་ཅན་སེམས་ཁམས་རིག་པའི་དགེ་རྒན་ཆེན་མོ་བ་དང་། སེམས་ཁམས་རིག་པའི་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་དཔོན། ཧྲའན་ཞི་ཞིང་ཆེན་སེམས་ཁམས་བདེ་ཐང་སློབ་གསོ་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་། ཞིང་ཆེན་སེམས་ཁམས་རིག་པའི་སློབ་ཚོགས་ཀྱི་མཚན་འཛིན་ལས་འཛིན་དཔོན་བཅས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཚེ་གང་ལོངས་སྤྱོད་བྱེད་མཁན་བཅས་ཡིན་པ་རེད།

རིགས་དབྱེ།