ཡོངས་འཛིན་རིག་མཛོད། >མི་སྣ། >སྤྱི་ཚོགས་ཚན་རིག >ལོ་ཙཱ་བ།

རྭ་ལོ་ཙཱ་པ་རྡོ་རྗེ་གྲགས་པ།

རྗེ་འདི་ཉིད་ཡབ་སྔགས་པའི་རྒྱུད་རྭ་སྟོན་དཀོན་མཆོག་རྡོ་རྗེ་དང་ཡུམ་རྡོ་རྗེ་དཔལ་འཛོམས་གཉིས་ཀྱི་སྲས་སུ་སྟོད་ལྷོའི་ཆ་སྙེ་ནམ་གླང་ཡུལ་དུ་སྐུ་འཁྲུངས། མཚན་ལ་ངོ་མཚར་འབྱུང་གནས་ཅེས་བཏགས། ཆུང་ངུའི་དུས་ནས་ཡབ་ཀྱི་མདུན་དུ་སྦྱོར་ཀློག་དང་། དབུ་མེད། ད་དུང་གསེར་དངུལ་རྡོ་བཟོ་སོགས་ཀྱང་མཁྱེན་པས་མཚན་ལ་ཤེས་རབ་འབྱུང་གནས་ཅེས་བཏགས། ཕྱིས་སུ་གཞུང་མང་སོགས་ལ་སྦྱངས་ཏེ་མཁས་པ་ཆེན་པོར་གྱུར། ཁྱད་པར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པ། རྟོག་པ་བཞི་པ་སོགས་རྒྱུད་རྒྱ་གཞུང་ཐམས་ཅད་བསྒྱུར། སྐུ་ཚེའི་སྨད་དུ་ལྷ་ལྡན་ལ་བཞུགས་ཏེ་འཆད་ཉན་གྱི་འཕྲིན་ལས་རྒྱ་ཆེར་མཛད་དེ་མཐར་དགུང་གྲངས་བརྒྱ་དང་བཅུའམ་བརྒྱ་དང་བརྒྱད་ཅུ(གསུང་ཚུལ་མི་འདྲ་བ་མཆིས)སྐུ་གཤེགས།

རིགས་དབྱེ།  

ལོ་ཙཱ་བ་རིན་ཆེན་བཟང་བོ།

ཁོང་ནི་ཡབ་གཞོན་ནུ་དབང་ཕྱུག་དང་ཡུམ་ཅོག་རོ་ཀུན་བཟང་ཡེ་ཤེས་བརྟན་མ་གཉིས་ཀྱི་སྲས་སུ་རྟགས་མཚན་མ་སྣ་ཚོགས་དང་བཅས་སྐུ་འཁྲུངས།ཆུང་ངུས་དུས་ནས་བློ་རིག་རྣོ་ཞིང་ཟླ་དང་བྲལ་བའི་མཁས་གྲགས་ས་ཆེན་ཀུན་ལ་ཁྱབ། ཕྱིས་སུ་པཎ་གྲུབ་དང་ལོ་ཙཱ་བ་དུ་མ་ལ་བསྟེན་ཏེ་གཞུང་ལུགས་ཐོས་པ་མང་དུ་མཛད་མཐར་ཁོང་ཡང་ལོ་ཙཱ་བ་ཞིག་ཏུ་གྱུར། སྔགས་ཀྱི་བསྟན་པ་བོད་དུ་དར་བ་ཡང་ལོ་ཙཱ་བ་འདི་ཁོ་ནའི་བཀའ་དྲིན་ཡིན་ནོ།།

རིགས་དབྱེ།  

ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བོ།

ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བོ་ནི་བོད་ལ་ལོ་ཙཱ་བ་མང་དུ་འཁྲུངས་པའི་ཁྲོད་ནས་མཚན་སྙན་ཡོད་པ་ཞིག་ཡིན་ལ། དགུང་ལོ་ཆུང་ངུའི་དུས་ནས་ལོ་ཆེན་གྲགས་པ་རྒྱ་མཚོ་དང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་སོགས་ཀྱི་མཁས་དབང་དུ་མའི་ཞབས་ལ་གཏུགས་ནས་ཡིག་རིགས་མི་འདྲ་བ་སྣ་ཚོགས་སྦྱངས་ཏེ་ལོ་ཙཱ་བ་ཆེན་མོའི་མཚན་གནས་ཐོབ། ཕྱིས་སུ་རྒྱ་གཞུང་དུ་མ་བོད་སྐད་དུ་བསྒྱུར་བའི་བཀའ་བསྟན་པོད་བཅུ་ཕྲག་ལང་བ་ཡོད་དོ། །

རིགས་དབྱེ།  

རྔོག་ལེགས་པའི་ཤེས་རབ།

རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ་ནི་བཀའ་གདམས་ཀྱི་མེས་པོ་ཇོ་འབྲོམ་ཡབ་སྲས་གསུམ་གྱི་ཡ་གྱལ་ཡིན་ལ། ཇོ་བོ་རྗེའི་སློབ་མ་སྙན་གྲགས་ཅན་དབུས་ཀྱི་ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ་ཡང་ཡིན། ཆུང་ངུའི་དུས་ནས་རབ་ཏུ་བྱུང་སྟེ་མངའ་རིས་གུ་གེ་རྒྱལ་བོས་ཁ་ཆེ་ཡུལ་དུ་མངགས་ཏེ་ནང་ཆོས་ལ་སློབ་གཉེར་མཛད་དེ་མཁས་པར་གྱུར། ཕྱིས་ལོ་ཙཱ་བ་རིན་ཆེན་བཟང་བོ་དང་ལྷན་བཀའ་ཆོས་མང་དུ་བསྒྱུར། གསང་ཕུ་ནེའུ་ཐོག་དགོན་པ་བཏབ། སློབ་མའི་སྡེ་རྔོག་བློ་ལྡན་ཤེས་རབ་སོགས་མཁས་པ་མང་དུ་བྱུང་།

རིགས་དབྱེ།  

རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ།

རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནི་བོད་ཀྱི་ལོ་རྒྱུས་སྟེང་སྐད་གྲགས་ཆེ་བའི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་ཏེ། རྔོག་ནི་རུས་མིང་ཡིན། ལོ་ཙཱ་བ་བཙན་ཁ་བོ་ཆེ་དང་ཁྱུང་བོ་ཆོས་བརྩོན། རྭ་ལོ་ཙཱ་བ། གཉན་ལོ་ཙཱ་བ་རྣམས་དང་ལྷན་དུ་རྒྱ་གར་ལ་ཆོས་སློབ་པར་ཕེབས། རྒྱ་གར་ཡུལ་དང་ཁ་ཆེ་བཅས་སུ་ལོ་བཅུ་བདུན་རིང་མདོ་དང་། སྔགས། སྒྲ་རིག་པ། ཚད་མ་རིག་པ་སོགས་ལ་དཀའ་སྤྱད་འབད་བརྩོན་བློ་ཡུལ་དུ་མི་ཤོང་བ་གནང་ནས་སྦྱངས་བ་མཐར་ཕྱིན་ཏེ་བོད་ལ་ཕྱིར་ཕེབས། ཆོས་གསུང་བ་ལ་ཤིན་ཏུ་མཁས་པས་སློབ་མ་བགྲང་གིས་མི་ལོང་བ་བྱུང་།

རིགས་དབྱེ།  

ལོ་ཆེན་དྷརྨ་ཤྲཱི།

ཡོངས་གྲགས་སུ་ལོ་ཆེན་དྷ་རྨ་ཤྲཱི་ཟེར་ཞིང་། ཁོང་རྒྱལ་དབང་ལྔ་བ་ཆེན་པོའི་མདུན་ནས་རབ་ཏུ་བྱུང་སྟེ་མཚན་ལ་ངག་དབང་ཆོས་དཔལ་བསྩལ། སྨིན་གྲོལ་གླིང་དུ་འདུལ་བའི་གྲྭ་ས་བཙུགས་པ་སོགས་ཕྱག་རྗེས་ཆེན་པོ་བཞག གསུང་སྐྱེས་ཀྱི་བུ་སློབ་མང་དུ་ཡོད་པའི་མཁས་གྲགས་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་ནོ། །

རིགས་དབྱེ།  

ཁྲོ་ཕུ་ལོ་ཙཱ་བ།

ཁོང་ནི་རབ་བྱུང་བཅུ་གསུམ་པའི་ནང་དུ་བྱོན་ལ། སྐུ་ན་ཆུང་ངུའི་དུས་སུ་རབ་ཏུ་བྱུང་ཞིང་མཁྱེན་རབ་ཧ་ཅང་ཆེ། ཁ་ཆེའི་པཎ་ཆེན་བུདྡྷ་ཤྲི་བོད་དུ་གདན་དྲངས་ཏེ་ཕྱིར་ཕེབས་པའི་བར་དུ་བཀའ་ཆོས་མང་དུ་གསན་ཞིང་། ཅི་གསུངས་ཀྱི་ལོ་ཙཱ་མཛད་པས་བསྔགས་བརྗོད་ཐོབ། ཁོང་གིས་རྒྱ་གཞུང་མང་པོ་གསར་བསྒྱུར་དང་བསྒྱུར་ཟིན་ལ་ཞུ་དག་མཛད་པ་སོགས་ཕྱག་རྗེས་ཤིན་ཏུ་ཆེའོ། །

རིགས་དབྱེ།  

དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།

ཁོང་ནི་རབ་བྱུང་ལྔ་བའི་ནང་དུ་བྱོན་པའི་བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་ཏེ། ཆུང་དུས་ནས་ཆོས་རྗེ་སྤྱན་སྔ་བ་སོགས་ལས་རབ་ཏུ་བྱུང་། ལོ་ཙཱ་བ་ལོ་མཆོག་ལ་བརྟེན་ནས་ཀ་ལཱ་པ་དང་ཙནྡྲ་བ་སྙན་ངག་སོགས་ལ་མཁས་པར་སྦྱངས། བལ་བོད་སོགས་སུ་སྐལ་ལྡན་གྱི་བུ་སློབ་བགྲང་གིས་མི་ལང་བ་བསྐྱངས་ཤིང་། ལོ་ཙཱ་བ་ཆེན་པོར་གྱུར་ཏེ་རྒྱ་གཞུང་མང་པོ་འགྱུར་བཅོས་དང་གསར་འགྱུར་གྱིས་མཛད་རྗེས་ཧ་ཅང་ཆེ།

རིགས་དབྱེ།  

ཤོང་སྟོན་རྡོ་རྗེ་རྒྱལ་མཚན།

ཁོང་ནི་དུས་རབས་བཅུ་གསུམ་པའི་ནང་དུ་བྱོན་པའི་བོད་ཀྱི་ལོ་ཙཱ་བ་ཆེན་མོ་ཞིག་ཡིན་ཏེ། སྐུ་ན་གཞོན་དུས་ནས་རབ་ཏུ་བྱུང་། གོ་ལུང་བ་མདོ་སྡེ་རྒྱལ་མཚན་དང་ཚ་ནར་བླ་མ་སྲག་བདེ་བ་སོགས་བསྟེན་ནས་མདོ་སྔགས་ཀུན་ལ་མཁས་པར་སྦྱངས། འགྲོ་མགོན་ཆོས་རྒྱལ་འཕགས་པའི་བདག་རྐྱེན་གནང་སྟེ་བལ་ཡུལ་དུ་ལོ་ཙཱ་སློབ་དུ་བྱིན། རིག་གནས་ཆུང་བ་ལྔ་གཙོ་བོ་གྱུར་བའི་སྒྲ་རིག་པ་ལ་ཕུལ་དུ་ཕྱིན་པར་གྱུར་ཞིང་། རྒྱ་གཞུང་གི་བསྟན་བཅོས་མང་པོ་བོད་དུ་བསྒྱུར་བ་མ་ཟད་སློབ་བུ་ཡང་ཤོང་ལོ་ཙཱ་བློ་གྲོས་བརྟན་པ་སོགས་མཁས་ཆེན་མང་དུ་བྱོན་ནོ། །

རིགས་དབྱེ།  

འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས།

བོད་ཀྱི་ལོ་ཙཱ་མཚན་སྙན་གྲགས་ཧ་ཅང་ཆེ་བ་ཞིག་ཡིན།འདིའི་འཁྲུངས་ལོ་དང་གཤེགས་ལོ་ལོ་རྒྱུས་ཡིག་ཆ་རྣམས་སུ་གསལ་བོར་འཁོད་པ་མེད།

རིགས་དབྱེ།  

འགོས་ལོ་གཞོན་ནུ་དཔལ།

འགོས་ལོ་གཞོན་ནུ་དཔལ་ཞེས་བོད་ས་གནས་ཡོངས་དང་རྒྱ་གར་བལ་ཡུལ་བཅས་སུ་མཚན་སྙན་ཤིན་ཏུ་ཆེ་བ་ཞིག་ཡིན།ལྷོ་ཁ་འཕྱོངས་རྒྱས་ཁུལ་རྒྱས་སྨན་ལྷ་ཁང་གི་མདའ་འམ་པ་རའི་གྲོང་ནག་མེ་དགུ་ཟེར་བའི་ས་ཆར་བོད་ཀྱི་རབ་བྱུང་བདུན་པའི་ཆུ་སྦྲེལ་སྤྱི་ལོ(1392)ལོར་སྐུ་འཁྲུངས་ཤིང་།དགུང་གྲངས་དགུ་བཅུ་བ་སྤྱི་ལོ(1481)ལོར་སྐུ་གཤེགས་པའོ།།

རིགས་དབྱེ།  

སྟག་ཚཱང་ལོ་ཙཱ་བ་ཤེས་རབ་རིན་ཆེན།

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གཙང་སྟག་ཚང་གི་ལོ་ཙཱ་བ་སྒྲ་པ་ཤེས་རབ་རིན་ཆེན་ནམ་སྟག་ལོ་སྨྲ་བའི་ཉི་མ་ཞེས་བྱ་བ་མཁས་བཙུན་བཟང་གསུམ་འཆད་རྩོད་རྩོམ་གསུམ་གྱི་ཆ་ལ་གངས་ཅན་གྱི་མཁས་པ་ཀུན་གྱི་གཙུག་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་ཞིང་སྙན་པའི་གྲགས་དཀར་སྲིད་རྩེའི་གོང་བ་ལས་ཀྱང་ཆེས་ཆེར་བརྒལ་བ། མདོ་སྔགས་རིག་གནས་དང་བཅས་པ་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ། བདུད་དང་ཕྱིར་རྒོལ་བ་གང་གིས་ཀྱང་འགྲན་པའི་རྔོ་མི་ཐོགས་པ་ལྷག་བཅས་འགྲོ་བ་ཀུན་གྱི་སྐྱབས་དང་དཔུང་གཉེན་གཅིག་པུར་གྱུར་པ་དེ་ཉིད་ཀྱི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པར་བྱ།

རིགས་དབྱེ།  

རོང་ལོ་ཙཱ་བ་ཆོས་བཟང་།

ཁོང་ལ་རོང་ཟོམ་ལོ་ཙཱ་བ་ཆོས་བཟང་ཟེར་ཞིང་གཙང་གི་ཁུངས་རོང་དུ་འཁྲུངས། ཟུར་པོ་ཆེ་དང་ཧ་ལམ་དུས་མཉམ། པཎྜི་ཏ་སྨྲི་ཏི་དང་མཉམ་དུ་བོད་དུ་འོངས་པའི་པཎྜི་ཏ་ཕྲ་ལ་རིང་བས་གྲོང་འཇུག་བྱས་པས་རོང་པས་ཆོས་མང་པོ་རྡོལ་ཤེས་སུ་བྱུང་སྐད། གང་ལྟར་མདོ་རྒྱུད་དང༌། ཚད་མ། རིག་བྱེད། རིག་གནས་ཕྱི་ནང་ཀུན་ལ་མཁས་པ་ཆེན་པོ་ཞིག་ཡིན་ལ། རྒྱུད་སྡེ་རྩ་འགྲེལ་མང་པོ་བསྒྱུར། རང་ཉིད་ཀྱིས་ཀྱང་གསང་སྔགས་ཀྱི་བསྟན་བཅོས་དང་སྨྲ་སྒོ་མཚོན་ཆའི་འགྲེལ་པ་སོགས་བརྩམས། མདོ་སྒྱུ་སེམས་གསུམ་ཀའི་གསན་པ་དང་ཉམས་བཞེས་གཞན་ལ་ལེགས་འདོམས་ཀྱི་འཕྲིན་ལས་སྤེལ་ལོ། །

རིགས་དབྱེ།  

ལོ་ཆེན་བྱང་ཆུབ་རྩེ་མོ།

དཔང་ལོ་ཙཱ་བའི་དབོན་པོ་འདི་ནི་རབ་བྱུང་ལྔ་བའི་ནང་དུ་བྱོན་ཞིང་། སྐུ་ན་ཆུང་དུས་ནས་རབ་ཏུ་བྱུང་། དཔང་ལོས་མངའ་རིས་གནས་པོ་ཆེ་དང༌། ས་སྐྱ་སོགས་སུ་འཁྲིད་དེ་སློབ་གཉེར་གནང་། ས་སྐྱར་བཤད་གསར་དང༌། ཞ་ལུ་སོགས་སུ་གྲྭ་སྐོར་མཛད། ལོ་ཙཱ་བ་མཁས་པར་གྱུར་ཏེ་ཨེའི་གདན་ས་མཛད་པ་དང་ཡར་ལུང༌། གདན་ས་ཐེལ། གུང་ཐང་རྣམས་སུ་དུས་འཁོར་སྒྲ་སྙན་གྱི་ཆོས་ཆར་ཕབ་པས་སློབ་བུ་མཁས་པའང་མང་དུ་བྱོན་ནོ། །

རིགས་དབྱེ།  

ནག་ཚོ་ལོ་ཙཱ་བ།

དགེ་བཤེས་ནག་ཚོ་ལོ་ཙཱ་བ་ནི་ལྕགས་མོ་ཕག་ལ་གུང་ཐང་ཞེས་གྲགས་པ་མངའ་རིས་རྫོང་དགའི་ལྷ་གདོང་དུ་སྐུ་འཁྲུངས། གདུང་ནག་ཚོ། རབ་ཏུ་བྱུང་བའི་མཚན་ཚུལ་ཁྲིམས་རྒྱལ་བ།

རིགས་དབྱེ།  

འགོས་ལོ་ཙཱ་བ།

གཙང་གི་སློབ་མ་རྣམས་ཀྱི་གཙོ་བོ་རྗེ་འགོས་ལོ་ཙཱ་བ་ནི། རྟ་ནག་ཕུའི་ཁུག་པ་ཞེས་བྱ་བའི་སའི་ཆར་ཡུམ་སྒྲོལ་མའི་སྤྲུལ་པ་ཡིན་ཟེར་བ་ཞིག་ལ་འཁྲུངས། མཚན་ནི་ལྷས་བཙས་ཏེ་ལྷས་སྐྱབས་ཞེས་བྱ་བ་ཡིན།

རིགས་དབྱེ།  

དྷརྨ་ཀོ་ཥ།

དྷརྨ་ཀོ་ཥ་ནི་ལེགས་སྦྱར་སྐད་དེ། བོད་སྐད་དུ་ཆོས་ཀྱི་མཛོད་ཅེས་བྱ། ལོ་ཙཱ་བ་ཁོང་ཉིད་བོད་རྒྱལ་གདུང་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བྱོན་པའི་བོད་ཀྱི་ལོ་ཙཱ་བ་ཞིག

རིགས་དབྱེ།  

བལ་པོ་མ་ཧཱ་པཱ་ན།

ཁོང་ནི་བོད་བཙན་པོའི་དུས་ཀྱི་ལོ་ཙཱ་བ་ཞིག་ཡིན་ལ། ལོ་རྒྱུས་ཞིབ་པར་མ་རྙེད་ཀྱང་མིང་ལ་བརྟག་ན་བལ་པོའི་ཡུལ་ནས་སྐྱེས་ཤིང་བོད་དུ་ཕེབས་ནས་ལོ་ཙཱའི་འཕྲིན་ལས་ལ་གཞོལ་བའི་ནང་བའི་མཁས་པ་ཞིག་རེད།

རིགས་དབྱེ།  

འགོས་ལོ་ཙཱ་བ་ཆོས་འགྲུབ།

ཁོང་ནི་བསྟན་པ་སྔ་དར་སྐབས་ཀྱི་རྒྱ་གར་ནག་དང་བོད་ཀྱི་སྐད་ཡིག་ལ་བྱང་ཆུབ་པའི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་པ་དང་། སྐྱེས་ལོ་མི་གསལ་བ་དང་སྤྱི་ལོ865ལོར་འདས།

རིགས་དབྱེ།  

འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས།

ཁོང་ནི་སྤྱི་ལོ993ལོར་གཡས་རུ་འཁྲུངས་པ་དང་སྤྱི་ལོ་1175ལོར་མྱ་ངན་ལས་འདས། བསྟན་པ་ཕྱི་དར་སྐབས་ཀྱི་གསང་སྔགས་གསར་མ་སྒྱུར་བའི་ལོ་ཙཱ་བ་གྲགས་ཅན་ཞིག་ཡིན།

རིགས་དབྱེ།  

དཔལ་ཁང་ལོ་ཙཱ་བ།

ཁོང་ནི་མེ་བྱི་ལོ་སྟེ་སྤྱི་ལོ1456ལོར་བོད་ལྗོངས་གཙང་གི་བཞད་ཤར་ཕྱོགས་དཔལ་ཁང་ཞེས་པའི་ཁྱིམ་དུ་འཁྲུངས། མཚན་དངོས་ངག་དབང་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེར་འབོད་པ་དང་། མཚན་གཞན་དུ་དཔལ་ཁང་ལོ་ཙཱ་བ་དང་། དཔལ་ཁང་ཆོས་མཛད། ཀརྨ་འཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་ཡང་ཟེར་བ་དང་། སྐྱོགས་སྟོན་ཀརྨ་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་བློ་གྲོས་ངོ་མཚར་བྱེ་བའི་གཏེར་མཛོད་ཀྱི་དངོས་སློབ་ཡིན།

རིགས་དབྱེ།  

ལྕང་ལོ་ཅན་བསོད་ནམས་རྒྱལ་བོ།

མཁས་དབང་འདི་ཉིད་བོད་རབ་བྱུང་བཅོ་ལྔ་བའི་མེ་མོ་བྱ་ལོར་བོད་ཀྱི་མི་དྲག་གི་ཁོངས་སུ་གཏོགས་པའི་སྐུ་དྲག་གི་ཁྱིམ་ཚང་ལྕང་ལོ་ཅན་དུ་སྐུ་འཁྲུངས། བོད་ཤེས་རིག་གི་ཐད་ལ་བྱས་རྗེས་སྣ་ཚོགས་བཞག་བའི་མཁས་པ་ཞིག་ཡིན།

རིགས་དབྱེ།  

ནམ་མཁའ་སེང་གེ

བོད་ཀྱི་ཉེ་རབས་ལོ་ཙཱ་བ་སྐད་གྲགས་ཅན་ཞིག་ཡིན་པ་དང《ཆུ་ངོགས་གཏམ་རྒྱུད》བོད་ཡིག་ཏུ་བསྒྱུར་མཁན་གྱི་མི་སྣ་གཙོ་གྲས་ཡིན།

རིགས་དབྱེ།  

ཀ་བ་དཔལ་བརྩེགས།

ལོ་ཆེན་ཀ་བ་དཔལ་བརྩེགས་ནི། ཀ་ཅོག་ཞང་གསུམ་དུ་གྲགས་པའི་ནང་ཚན་ཏེ། དབུ་རུ་འཕན་ཡུལ་ཀ་བ་ཞེས་པའི་སར་འཁྲུངས། སློབ་དཔོན་ཆེན་པོས་སྤྲུལ་པའི་ལོ་ཙཱར་ལུང་བསྟན་པ་བཞིན་སྒྲ་སྐད་ལོ་ཙཱ་ལ་མཁས་པའི་ཕུལ་དུ་ཕྱིན། མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་སྟེ། སད་མི་མི་བདུན་གྱི་ནང་ཚན་ཡིན། སློབ་དཔོན་རིན་པོ་ཆེ་ལས་གསང་སྔགས་ཀྱི་ཆོས་ཞུས་པས། མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་ཏེ་གཞན་སེམས་ཐོགས་མེད་དུ་མཁྱེན་པའི་དངོས་གྲུབ་བརྙེས། བོད་ཀྱི་ཡི་གེ་འབྲི་བ་པོ་ཐམས་ཅད་ཀྱི་ཕྱི་མོ་ཡིན་ཏེ་ཁྲིད་རྒྱུན་མ་ཉམས་པར་དེང་སང་ཡང་ཁམས་དབུས་གཉིས་ཀར་དར་རྒྱས་ཆེ་གསུངས། རིན་པོ་ཆེའི་གཏམ་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་མཛད་དོ། །

རིགས་དབྱེ།  

ཤུད་བུ་དཔལ་སེང་།

​ཤུད་བུ་དཔལ་གྱི་སེང་གེ་ནི། གདུང་རུས་ཆོས་རྒྱལ་དང་གཅིག་ཀྱང་བོན་དང་སྒྲུང་དང་ལྡེའུ་གསུམ་ལ་མཁས་པ་ཞིག་ལ་བོན་ཀྱིས་ཤུད་བུར་མཚན་གསོལ་བས་དེ་ལྟར་གྲགས་ཀྱང་ཟེར། སྔོན་རྒྱལ་པོའི་ནང་བློན་ཡིན། ཤུད་བུ་ཁྲི་འབྲིང་ཁོང་བཙན་ཡང་ཟེར། སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་ཡང་མཛད། གུ་རུ་པདྨའི་དྲུང་དུ་ལོ་ཙཱ་མཁས་པར་སྦྱངས་ཏེ། མ་གཤིན་ཕུར་གསུམ་གྱི་གདམས་པ་དང་རྙིང་མའི་ཆོས་བཀའ་མང་དུ་བསྒྱུར། བོད་ཀྱི་མཁས་པ་ཆེན་པོ་བརྒྱད་ཀྱི་ནང་ཚན་དུ་གཏོགས།

རིགས་དབྱེ།  

རྒྱལ་བའི་བློ་གྲོས།

​རྗེ་འབངས་ཉེར་ལྔའི་ཡ་གྱལ་ཞིག་སྟེ། སྔོན་རྒྱལ་པོའི་ནང་མི་ཡིན་པ་དང་མིང་ལ་མགོན་པོ་ཟེར། ཕྱིས་རབ་ཏུ་བྱུང་བས་མཚན་རྒྱལ་བའི་བློ་གྲོས་སུ་གྲགས། ལོ་ཙཱ་མཁས་པར་མཁྱེན། རྒྱ་གར་དུ་བྱོན་ནས་སློབ་དཔོན་ཧཱུཾ་ཀ་ར་ལས་ཡང་དག་གི་ཆོས་སྐོར་ཞུས་པས་གྲུབ་པ་ཐོབ།

རིགས་དབྱེ།  

ཁྱེའུ་ཆུང་ལོ་ཙཱ་བ།

གྲུབ་ཆེན་ཁྱེའུ་ཆུང་ལོ་ཙཱ་བ་ནི། གདུང་རུས་འབྲོག་མི་སྟེ། སྐུ་གཞོན་ནུའི་དུས་ནས་ལོ་ཙཱ་མཁྱེན་པས་མཚན་ཡང་དེ་ལྟར་དུ་གྲགས། སློབ་དཔོན་གྱི་དྲུང་དུ་གསང་སྔགས་ཀྱི་ཆོས་ཐམས་ཅད་ལ་མཁས་པར་བསླབས། རྟེན་ཁྱིམ་པ་སྟེ་སྔགས་འཆང་གོས་དཀར་ལྕང་ལོ་ཅན་ནོ། །

རིགས་དབྱེ།  

ཀམ་ཀམ་ཆོས་ཀྱི་ཡེ་ཤེས།

སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་མདོ་སྔགས་རིག་གནས་དང་བཅས་པར་སློབ་གཉེར་མཛད་ཅིང་། བསྟན་པའི་ཆོས་སྒོར་ཞུགས་ཏེ་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་བསྲུང་བྱ་ཐམས་ཅད་ལེགས་པར་བསྲུང་།

རིགས་དབྱེ།  

ཀྲེ་བོ་ཤེས་རབ་དཔལ་བ།

སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་ཤིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་མདོ་སྔགས་གཉིས་ཀའི་གཞུང་ལུགས་ལ་སློབ་གཉེར་མཛད།

རིགས་དབྱེ།  

སྐྱོག་སྐྱ་གཞོན་ནུ་འབར་བ།

མར་པ་དོ་བ་ཆོས་ཀྱི་དབང་ཕྱུག་དང་དུས་མཉམ་ཡིན་པ་དང་། ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་། རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་བ་དཔྱིས་ཕྱིན་པ་མཛད།

རིགས་དབྱེ།