རྒྱལ་ཚང་སྙིང་པོ་རྒྱལ།

རྒྱལ་ཚང་སྙིང་པོ་རྒྱལ་ནི་སྤྱི་ལོ1930ལོར་ཡུལ་མདོ་སྨད་ཀྱི་རྡོ་སྦིས་དགུ་རུའི་རྒྱལ་ཚང་དུ་ཡབ་བསྟན་འཛིན་རབ་རྒྱས་དང་ཡུམ་སྙིང་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཀན་སུའུ་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་འགོ་འདྲེན་དང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་འགོ་འདྲེན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་སོགས་ཀྱི་འགན་བཞེས་ཏེ་བོད་ཀྱི་རིག་གནས་དང་སློབ་གསོའི་ཐད་ལ་བྱས་རྗེས་མི་དམན་པ་བཞག་ཡོད། ཁོང་དགུང་གྲངས་གོ་གསུམ་སྟེང་སྤྱི་ལོ2023ལོའི་ཟླ9པའི་ཚེས24ཉིན་ཀན་སུའུ་ལན་གྲུ་ནས་སྐུ་གཤེགས།

རིགས་དབྱེ།  

ཝང་ཡའོ།

ཁོང་ནི་ཅང་སུའུ་ལེན་ཧྲུའེ་རུ་སྐྱེས། དེ་སྔ་ནན་ཅིང་སློབ་ཆེན་རྒྱ་ཡིག་སྡེ་ཁག་ཏུ་སློབ་གཉེར་བྱས་ཤིང་། སྤྱི་ལོ1951ལོར་ཀྲུང་དབྱང་མི་རིགས་སློབ་གླིང་དུ་སློབ་གཉེར་བྱས། སྐད་བརྡ་རིག་པ་བ་གྲགས་ཅན་སྐུ་ཞབས་ཡུའུ་ཏའོ་ཆོན་ལགས་དགེ་རྒན་དུ་བསྟེན་མྱོང་། ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ཁོངས་མི་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་མཚན་འཛིན་ཡོན་ཀྲང་། ཨོ་སི་ཁྲུ་རི་ཡའི་ཝེ་ཨིན་ན་སློབ་ཆེན་དང་། འཇར་མན་གྱི་པོ་ཨུན་སློབ་ཆེན། ཁ་ན་ཏའི་ཏུའོ་ལུན་ཏུའོ་སློབ་ཆེན་གྱི་གདན་ཞུའི་དགེ་རྒན་ཆེན་མོ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་བཅས་ཀྱི་འགན་ཁུར་མྱོང་། བོད་རིག་པ་བ། མི་རིགས་ལོ་རྒྱུས་རིག་པ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི། པེ་ཅིང་སློབ་ཆེན་གྱི་གཅིག་ལྕོགས་དགེ་རྒན་ཆེན་མོ། ཀྲུང་གོ་ནང་བསྟན་རིག་གནས་ཞིབ་འཇུག་སུའོ་ཡི་ཆེད་མངགས་གདན་ཞུའི་ཞིབ་འཇུག་པ། པོ་ཨུན་སློབ་ཆེན་གྱི《བོད་ཡིག་ལོ་རྒྱུས་ཚད་ལྡན་ཡིག་ཆ》དུས་དེབ་ཀྱི་རྩོམ་སྒྲིག་ཨུ་ཡོན(སྤྱི་ལོ1981ལོ་ནས་བཟུང)བཅས་ཡིན།

རིགས་དབྱེ།  

ཨ་ནུའོ་ཏེ•ཧྥན•ཀའེ་ནེ་ཕུའུ།

ཨ་ནུའོ་ཏེ·ཧྥན·ཀའེ་ནེ་ཕུའུ(སྤྱི་ལོ1873ལོ་ནས་སྤྱི་ལོ1957ལོའི་བར)ལགས་ནི་སྤྱི་ལོ1873ལོར་འཇར་མན་དུ་སྐྱེས་ཤིང་ལོ་ན་ཕྲ་བའི་དུས་ནས་པ་ལིར་སློབ་གྲྭར་ཞུགས། སྤྱི་ལོ1892ལོའི་སྔ་གཞུག་ཏུ་ཤར་ཕྱོགས་སྐད་བརྡའི་སློབ་གྲྭ་ནས་ཨ་རབ་སྐད་ལ་སློབ་སྦྱོང་བྱས་པ་དང་མཉམ་དུ་མཐོ་རིམ་རིག་གཞུང་ཞིབ་འཇུག་གླིང་དུ་མཚན་ཉིད་རིག་པ་དང་། སྐད་བརྡ་རིག་པ། ཆོས་ལུགས་རིག་པ་སོགས་ལ་ཟབ་སྦྱོང་མཛད། མཐར་ཕྱིན་རྗེས་ཧྥ་རན་སིའི་སྐད་ཀྱི་དགེ་རྒན་དང་སྲིད་གཞུང་སྡེ་ཁག་གི་ལོ་ཙཱ་བ། གསང་འཕྲིན་གྱི་དཔོན་པོ་སོགས་ཀྱི་འགན་བཞེས། སྤྱི་ལོ1912ལོར་གདན་ཞུ་ལྟར་སུའི་ཙེར་སློབ་ཆེན་ཞིག་ཏུ་མིའི་རིགས་རིག་པའི་དགེ་རྒན་ཆེན་མོའི་འགན་ཁུར། བརྩམས་ཆོས་གཙོ་བོ་ལ《ཨོ་སི་ཁྲུ་ལི་ཡའི་ལྷ་སྒྲུང་ངག་རྒྱུན》《ཐོའུ་ཐིན་དང་ཞིབ་བསྡུར་ཞིབ་འཇུག་བྱེད་ཐབས》《ཆོས་ལུགས་ཏེ་ཡུལ་སྲོལ་དང་ངག་རྒྱུན》《ཨ་ཨེར་ཅ་ལི་ཡའི་མི་རིགས་ལོ་རྒྱུས་ཞིབ་འཇུག》སོགས་བཞུགས་ལ། ཁོང་གི་སྙན་གྲགས་རྒྱས་བྱེད་ཀྱི་བརྩམས་ཆོས་ནི་སྤྱི་ལོ1909ལོར་པར་དུ་བསྐྲུན་པའི《བརྒྱུད་པའི་ཆོ་ག》ཞེས་པའི་དཔེ་ཆ་དེ་ཡིན་ནོ།།

རིགས་དབྱེ།  

སྡེ་རོང་ཚེ་རིང་དོན་གྲུབ།

སྡེ་རོང་ཚེ་རིང་དོན་གྲུབ་ནི1954ལོའི་ཟླ11པར་དཀར་མཛེས་ཁུལ་སྡེ་རོང་རྫོང་ཟུར་སྣང་ཤང་སྣང་བཟང་གྲོང་སྡེར་སྐྱེས་ཤིང་། བོད་ཀྱི་ལོ་རྒྱུས་རིག་པ་བ་དང་བོད་རིག་པ་བ། ཡིག་ཚགས་རིག་པ་བ་བཅས་ཡིན།

རིགས་དབྱེ།