བློ་བཟང་ལྷུན་གྲུབ་རྡོ་རྗེ།

ཁོང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་དུ་སྐྱེས། ཀྲུང་གུང་ཏང་ཡོན། རྒྱལ་དམངས་དཔལ་འབྱོར་འཆར་གཞི་དང་དོ་དམ་ཆེད་ལས་སྦྱངས་ནས་མཐར་ཕྱིན་པ་དང་། དཔལ་འབྱོར་རིག་པའི་རམ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད།

རིགས་དབྱེ།  

ཧྲི་ཡུས་ཀྲུའུ།

ཁོང་ནི་སྤྱི་ལོ1962ལོར་ཨན་ཧོས་ཞིང་ཆེན་དུ་སྐྱེས། སྤྱི་ལོ1984ལོར་ཀྲའེ་ཅང་སློབ་ཆེན་རྩིས་རིག་སྡེ་ཁག་གི་དངོས་གཞིའི་ཚན་པ་ལས་མཐར་ཕྱིན་ཏེ། ཨན་ཧོས་ཞིང་ཆེན་བསྡོམས་རྩིས་ཅུས་སུ་ལས་བགོས་བྱས།

རིགས་དབྱེ།  

ཧྥུན་ཅུན།

ཁོ་ནི་སྤྱི་ལོ1969ལོར་ཞི་ཨན་གྲོང་ཁྱེར་དུ་སྐྱེས། སྤྱི་ལོ1992ལོར་ཆིན་ཧྭ་སློབ་ཆེན་ནས་མཐར་ཕྱིན་ཅིང་། སྤྱི་ལོ1993ལོར་ཧྭ་ཆི་ཚན་རྩལ་ཀུང་ཟི་བཙུགས། སྤྱི་ལོ1997ལོར་རང་ཉིད་ལ་དབང་བའི་ཚོང་གས་རྒྱལ་གཅེས་པ་ཞེས་པ་གསར་དུ་བཏོད། སྤྱི་ལོ2006ལོར། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྡུས་པའི་ལོ་རེའི་ཕུལ་བྱུང་གསར་གཏོད་མི་སྣའི་གྲས་སུ་བདམས་ཐོན་བྱུང་། ད་ལྟ། ཧྭ་ཆི་ཁེ་ལས་ཚོགས་པའི་སྤྱི་གཉེར་ཆེན་པོར་བཞུགས་ཡོད།

རིགས་དབྱེ།  

ལི་ཅཱ་ཁྲེང།

ཁོང་ནི་སྤྱི་ལོ1928ལོར་ཀོང་ཏུང་ཞིང་ཆེན་དུ་སྐྱེས། སྤྱི་ལོ1940ལོར་འཇར་པན་བཙན་འཛུལ་པར་གཡོལ་ཆེད་ཁྱིམ་མི་ལྷན་རྒྱས་ཞང་ཀང་དུ་བྲོས། སྤྱི་ལོ1979ལོར། ཁོང་གི་ཁེ་ལས་ཚོགས་པ་འབྲི་ཆུ་ཞེས་པ་དེས་དབྱིན་ཐི་བའི་ཁེ་ལས་ཆེན་པོ་ཧི་ཅི་སི་ཞེས་པའི་མ་རྐང་ཉོས་ཏེ། དབྱིན་ཇིའི་ཁེ་ལས་བླུས་པའི་ཀྲུང་གོ་པ་ཐོག་མར་གྱུར། ད་ལྟ་ཁོང་གིས་འབྲི་ཆུ་ཁེ་ལས་ཚོགས་པའི་སྤྱི་གཉེར་ཆེན་པོའི་འགན་བཞེས་ཡོད།

རིགས་དབྱེ།  

འཇམ་དཔལ་རྒྱལ་མཚོ།

འཇམ་དཔལ་རྒྱལ་མཚོ་ལགས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་ནས་ཡིན་ལ།དགུང་ལོ་ཆུང་དུས་ནས་པེ་ཅིང་དུ་སླེབས་པ་དང་། ད་ལྟའི་བར་དུ་ལོ་ངོ61ཙམ་ཕྱིན་ཡོད་པ་རེད། སྐད་གྲགས་ཅན་གྱི་བོད་རིག་པའི་ཆེད་མཁས་པ་དང་གེ་སར་ཆེད་མཁས་པ་ཞིག་རེད།

རིགས་དབྱེ།  

སི་ཏེན།

སི་ཏེན་ནི། Rolf Alfred Stein (1911-1999)ཧྥ་རན་སིའི་སྙན་གྲགས་ཆེ་བའི་བོད་རིག་པའི་མཁས་པ་ཞིག་ཡིན། ཁོང་ནི་འཇར་མན་གྱི་སི་ཝེ་ཙིའི་ཇེའུ་མི་རིགས་ཀྱི་ཁྱིམ་ཚང་ཞིག་ཏུ་འཁྲུངས་ཤིང་། ན་གཞོན་སྐབས་སུ་འཇར་མན་སྦིར་ལིན་སློབ་ཆེན་ཏུ་རྒྱ་ཡིག་ཆེད་སྦྱོང་བྱས་ཏེ་སློབ་མཐར་ཕྱིན། སྤྱི་ལོ1933ལོར་འཇར་མན་གྱི་ཧྥ་ཤི་སི་ལས་གཡོལ་ཆེད་དུ་ཧྥ་རན་སིར་འོངས་བ་དང་། ཕྱི་ལོར་ཧྥ་རན་སིའི་རྒྱལ་གཉེར་ཤར་ཕྱོགས་དེང་རབས་སྐད་བརྡའི་སློབ་གླིང་དུ་ཆས་ནས། རྒྱ་རིག་པའི་མཁས་ཆེན་གྷོ་ལན་ཡཱན(Marcel Granet)དགེ་རྒན་དུ་བསྟེན་ནས་མུ་མཐུད་དུ་རྒྱ་ཡིག་སྦྱངས་ཤིང་། ཞོར་ལ་སྐུ་ཞབས་ཇ་ཁེ་བྷ་ཁོ(Jacques Bacot)དང་མཱར་སེ་ལེ་ལཱ་ལོའུ(Marcelle Lalou)རྣམ་གཉིས་ཀྱི་མཛུབ་སྟོན་འོག་བོད་ཡིག་སྦྱངས། སློབ་མཐར་ཕྱིན་རྗེས་ཧྥ་རན་སིའི་རྒྱའི་རིག་པ་ཞིབ་འཇུག་ཁང་དུ་ཕྱག་ལས་གཉེར།

རིགས་དབྱེ།  

ཟཱ་དབྱི།

ཟཱ་དབྱི་ནི་ཧྥ་རན་སིའི་ལི་ཨང་ས་ཆའི་ཚོང་པ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། འཛམ་གླིང་སྟེང་མིང་དུ་གྲགས་པའི་དཔལ་འབྱོར་རིག་པ་བ་ཞིག་ཡིན།

རིགས་དབྱེ།  

ཧྲིམ་རྦེ་ཐི།

ཁོང་ནི་སི་ཝེ་ཚིས་ལན་རྡིའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། སྤྱི་ལོ1901ལོར་ཝེར་ནཱ་སློབ་ཆེན་འགྲིམས། སྤྱི་ལོ1906ལོར་ཁྲིམས་ལུགས་རིག་པའི་འབུམ་རམས་སློབ་གནས་ཐོབ་སྟེ། སྤྱི་ལོ1909ལོ་ནས་ཆེར་ཁི་ནོ་ཝེ་ཚི་སློབ་ཆེན་དང་ཐཱ་ལེ་ཚིའི་སློབ་ཆེན་དུ་དགེ་རྒན་གྱི་བྱ་བ་གཉེར་བའི་དཔལ་འབྱོར་རིག་པ་བ་གྲགས་ཅན་ཞིག་ཡིན།

རིགས་དབྱེ།  

ཧྲི་མའོ་ལི།

ཁོང་ནི་སྤྱི་ལོ1838ལོར་འཇར་མན་གྱི་དཔོན་ཆུང་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། སྤྱི་ལོ1864ལོ་ནས་སྤྱི་ལོ1913ལོའི་བར་ཧཱ་ལོས་སློབ་གྲྭ་ཆེན་མོ་དང་། ཟཱི་ཐར་ལ་ཟི་པའོ་སློབ་གྲྭ་ཆེན་མོ། པའོ་ལིན་སློབ་གྲྭ་ཆེན་མོ་སོགས་སུ་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་བྱས་ནས་མཐར་དཔལ་འབྱོར་རིག་པ་བ་གྲགས་ཅན་ཞིག་ཏུ་གྱུར།

རིགས་དབྱེ།  

པུན་ཉི་ཏི་ཁོ་ཐེ།

མོ་ནི་ཨ་རིའི་མིང་དུ་གྲགས་པའི་བུད་མེད་མིའི་རིགས་རིག་པ་སྨྲ་མཁན་ཞིག་སྟེ། དབྱིན་ཏེ་ཨན་མི་དང་ཞིན་ཅི་ཉི་ཡ། ཧྥེ་གླིང་སོགས་ཀྱི་ས་གནས་མང་པོའི་ཚོ་བར་དངོས་སུ་ཕེབས་ནས་ཡུལ་དངོས་རྟོག་ཞིབ་མཛད་དེ་འཛམ་གླིང་དུ་སྐད་གྲགས་ཆེན་པོ་ལྡན།

རིགས་དབྱེ།  

ཕཱ་ཞི།

ཁོང་ནི་སྤྱི་ལོ1822ལོའི་ཟླ5བའི་ཚེས20ཉིན་ནས་སྤྱི་ལོ1912ལོའི་ཟླ6པའི་ཚེས12ཉིན་བར་འཚོ་བཞུགས་གནང་།ཧྥ་རན་སེའི་དཔལ་འབྱོར་རིག་པ་བ་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་མཁན་ཞིག་ཡིན། འཛམ་གླིང་སྟེང་རྒྱལ་སྤྱིའི་ཞི་བདེའི་རྩ་འཛུགས་དང་པོ་སྟེ་རྒྱལ་སྤྱིའི་ཞི་བདེའི་མནའ་འབྲེལ་དང་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་གྱི་སྲོལ་གཏོད་མཁན་གྲས་ཀྱི་གཅིག་ཡིན། ཁོང་གིས་འཛམ་གླིང་ཞི་བདེའི་ཆེད་དུ་འཐབ་རྩོད་བྱེད་པའི་རྩ་འཛུགས་དེ་གཉིས་རྩ་འཛུགས་བྱེད་པའི་ཁྲོད་དུ་འབད་བརྩོན་གནང་བ་དང་། དེ་བཞིན་ཁོང་མི་སྒེར་གྱིས་ཞི་བདེའི་བྱ་གཞག་ལ་བྱས་རྗེས་གཟེངས་སུ་ཐོན་པ་ཕུལ་བར་གཟེངས་བསྟོད་བྱེད་ཆེད་སྐབས་དང་པོའི་ནོ་པེར་ཞི་བདེའི་བྱ་དགའ་བསྩལ་བ་རེད།

རིགས་དབྱེ།  

ཨའེ་སི་ཅི་ཝེར།

ཁོང་ནི་ཨ་ཀེན་ཐིན་གྱི་སྤྱི་ཚོགས་བྱེད་སྒོ་པ་ཞིག་ཡིན་པ་དང་། སྤྱི་ལོ1980ལོར་ནོ་པེར་ཞི་བདེའི་བྱ་དགའ་ཐོབ།

རིགས་དབྱེ།  

པོ་ལིའང་ཙེ།

ཁོང་ནི་ཅི་ལིན་ཞིང་ཆེན་ཅིའུ་ཐའེ་རྫོང་དུ་འཁྲུངས་ཤིང་། ཁྲིམས་རིག་པའི་རབ་འབྱམས་པ་དང་ཞིབ་འཇུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་པའི་ཆེད་མཁས་པ་བཅས་ཡིན།

རིགས་དབྱེ།  

ཚུའེ་ཁྲོན་དབྱི།

ཁོང་ནི་སྤྱི་ལོ1944ལོའི་ཟླ12པར་ཧྲན་ཏུང་ཁྲེང་ཝུའུ་རྫོང་ཀྲང་ཧྲི་ཏེན་སྡེ་བར་འཁྲུངས་ཤིང་། ཧྲང་ཧའེ་ཧྥུ་ཏན་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ཆབ་སྲིད་སྡེ་ཁག་ནས་སློབ་མཐར་ཕྱིན།

རིགས་དབྱེ།  

ཧྥན་ཚུང་ལའེ།

ཁོང་ནི་སྤྱི་ལོ1962ལོའི་ཟླ9བར་ཅང་སུའུ་ཧའེ་ཨན་དུ་འཁྲུངས་ཤིང་། དཔལ་འབྱོར་རིག་པའི་འབུམ་རམས་པ་ཡིན་པ་དང་། ད་ལྟ་ནན་ཅིང་སློབ་ཆེན་ཚོང་ལས་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རིག་ཚན་དཔྱད་ཞིབ་ཚོགས་ཆུང་གི་རིགས་གཅིག་མཁས་ཅན། རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ཡོན་ལྷན་ཁང་གི་རིག་ཚན་དཔྱད་མོལ་ཚོགས་ཆུང་གི་ཁོངས་མི། སློབ་གསོ་པུའུ་ཡི་གསར་གཏོད་ཚོགས་པའི་སྣེ་ཁྲིད་པ་བཅས་ཡིན།

རིགས་དབྱེ།  

ཧྥན་ཅན་ཞིན།

ཁོང་ནི་སྤྱི་ལོ1968ལོའི་ཟླ11པར་འཁྲུངས་ཤིང་། སྤྱི་ལོ1986ལོའི་ཟླ9བ་ནས་སྤྱི་ལོ1993ལོའི་ཟླ7པའི་བར་ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་སྡེ་ཁག་གི་མི་ཆོས་རིག་པའི་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་ཡིན། ད་ལྟ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མར་ཁེ་སི་རིང་ལུགས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཡིན། སྤྱི་ལོ2020ལོའི་ཟླ10བའི་ཚེས15ཉིན་ནས་བཟུང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཆབ་སྲིད་རིག་པ་ཞིབ་འཇུག་སུའོ་ཡི་ཏང་ཨུའི་ཧྲུའུ་ཅི་དང་སུའོ་ཀྲང་གཞོན་པའི་འགན་བཞེས།

རིགས་དབྱེ།  

ཨའེ་སི་ལེན།

ཁོང་ནི་སྤྱི་ལོ1965ལོར་འཁྲུངས་ཤིང་། ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཡིན། སྤྱི་ལོ2013ལོའི་ཟླ5བ་ནས་བཟུང་ཆིང་ཧྭ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་དང་། སློབ་གསོ་པུའུ་ཡི་མི་ཆོས་དང་སྤྱི་ཚོགས་ཚན་རིག་གཙོ་གནད་ཞིབ་འཇུག་རྟེན་གཞི་ཆིང་ཧྭ་སློབ་ཆེན་མཐོ་སློབ་ཀྱི་ཀུན་སྤྱོད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་ཡོད།

རིགས་དབྱེ།  

ཁྲང་ཅི་ཝུན།

ཁོང་ནི་སྤྱི་ལོ1971ལོའི་ཟླ4བར་ཧུའུ་པེ་རུ་འཁྲུངས་ཤིང་། སྤྱི་ལོ1995ལོའི་ཟླ7པར་བྱ་བར་ཞུགས། ཁོང་ནི་དགེ་རྒན་ཆེན་མོ་དང་། ཀྲུང་གོ་གསར་པའི་ཁོར་ཡུག་ཐོན་ཁུངས་ཁྲིམས་ལུགས་རིག་པའི་འབུམ་རམས་པ་དང་པོ་ཡིན། ད་ལྟ་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་སུའོ་ཀྲང་གཞོན་པ་དང་ཞིབ་འཇུག་པ། ཀྲུང་གོ་ས་གཤིས་སློབ་ཆེན་གྱི(ཝུའུ་ཧན)འཆད་ཁྲིད་དགེ་རྒན་ཆེན་མོའི་འགན་གཅིག་ལྕོགས་སུ་བཞེས་ཡོད།

རིགས་དབྱེ།  

བདེ་འཇགས་ལས་གྲྭའི་ལག་རྩལ་མི་སྣ།

བདེ་འཇགས་ལས་གྲྭའི་ལག་རྩལ་མི་སྣ་ནི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ལས་རིགས་ཤིག་ཡིན།

རིགས་དབྱེ།  

ཞཱ་མིའོ།

ཁོ་མོ་ནི་ནུབ་བྱང་སྲིད་ཁྲིམས་སློབ་ཆེན་ནས་དངོས་གཞི་མཐར་ཕྱིན་པ་དང་། ཧྭ་ནན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ནས་ཞིབ་འཇུག་མཐར་ཕྱིན། ཀོང་ཀྲོའུ་ཚོང་ལས་སློབ་གླིང་གི་ཁྲིམས་ལུགས་སློབ་གླིང་གི་ཉེས་དོན་བཅའ་ཁྲིམས་སློབ་དཔྱོད་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་ཡོད།

རིགས་དབྱེ།  

ཧྲེ་ཅིན།

ཁོ་མོ་ནི་ཧོ་པེ་ཞིང་ཆེན་ཧུའོ་ལུའུ་རྫོང་གི་མི་ཡིན་པ་དང་། སྤྱི་ལོ1965ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1969ལོར་བྱ་བར་ཞུགས། ཀྲུང་གོ་སུང་ཆིང་ལིན་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་གཞོན་པའི་འགན་ཁུར་མྱོང་།

རིགས་དབྱེ།  

ཧོང་པིང་ཝེ།

ཧོང་པིང་ཝེ་ནི(སྤྱི་ལོ1913ལོའི་ཟླ2པའི་ཚེས1ཉིན་ནས་སྤྱི་ལོ2000ལོའི་ཟླ12པའི་ཚེས8ཉིན་བར)ཀོང་ཏུང་ཧུའེ་དབྱང་གི་མི་ཡིན་ལ། ས་ཁམས་རིག་པ་བ་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་ལྔ་པའི་རྒྱུན་ཨུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་འཐུས་མི། ཀྲུང་གོའི་དེང་རབས་ས་ཁམས་རིག་པའི་ཞིབ་འཇུག་གི་རྩ་འཛུགས་པ་དང་སྣེ་ཁྲིད་པ་གཙོ་བོ་བཅས་ཡིན། ཀྲུང་གོ་ཚན་རིག་ཁང་གི་ས་ཁམས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དང་། ཞིབ་འཇུག་ཁང་གི་མགོ་འཛིན། མཚན་འཛིན་མགོ་འཛིན་བཅས་དང་། ཀྲུང་གོ་ཚན་རིག་ཁང་གི་ས་ཁམས་རིག་གཞུང་པུའུ་ཡི་ཨུ་ཡོན། ཀྲུང་གོའི་ས་ཁམས་སློབ་ཚོགས་ཀྱི་ལས་འཛིན་མགོ་འཛིན་བཅས་ཀྱི་འགན་བཞེས་མྱོང་། རོ་མ་ནི་ཡ་ཚན་རིག་ཁང་གི་ཡོན་ཧྲི་དང་། ཨ་རིའི་ས་ཁམས་སློབ་ཚོགས་ཀྱི་ཚོགས་མི། དབྱིན་ཇིའི་གོང་མ་ཚང་གི་ས་ཁམས་སློབ་ཚོགས་ཀྱི་མཚན་འཛིན་འཕྲིན་གཏོང་ཚོགས་མི། རྒྱལ་སྤྱིའི་རི་ཁུལ་སློབ་ཚོགས་ཀྱི་བློ་འདྲི་བ་བཅས་ཡིན། སྤྱི་ལོ1934ལོར་ཀྲུང་ཧྲན་སློབ་གྲྭ་ཆེན་མོའི་ས་ཁམས་ཚན་ཁག་ནས་མཐར་ཕྱིན། སྤྱི་ལོ1955ལོར་ཀྲུང་གོ་ཚན་རིག་ཁང་གི་རིག་གཞུང་པུའུ་ཡི་ཨུ་ཡོན(ཡོན་ཧྲི)ལ་བདམས། སྤྱི་ལོ1996ལོའི་རྒྱལ་སྤྱིའི་ས་ཁམས་མཉམ་འབྲེལ་ལྷན་ཚོགས་ཀྱི་དམིགས་བསལ་གཟི་བརྗིད་བྱ་དགའ་དང་། སྤྱི་ལོ1997ལོའི་ཧུ་ལྭིང་ཧུ་ལི་ཚན་རིག་དང་ཡར་ཐོན་བྱ་དགའ་ཐོབ། ཧོང་པིང་ཝེ་ཡིས་དུས་ཡུན་རིང་པོར་ས་བབ་དང་རང་བྱུང་ཁུལ་དབྱེ་འབྱེད་ལ་ཞིབ་འཇུག་བྱས་ནས་ཚ་ཚད་དང་ཆུ་དོ་མཉམ། རྫས་འགྱུར་ས་ཁམས་དང་སྐྱེ་དངོས་ས་ཁམས་ཁྱུ་ཚོགས་སོགས་རང་བྱུང་ས་ཁམས་ཀྱི་ཁ་ཕྱོགས་གསུམ་གསར་གཏོད་བྱས་ཡོད། སྔ་རྗེས་སུ་ས་ཆུ་སྲུང་འཛིན་དང་། ཀྲུང་གོའི་ཕྱོགས་བསྡུས་རང་བྱུང་ཁུལ་དབྱེ་འབྱེད། ཚ་ནུས་དང་ཆུ་དོ་མཉམ་བཅས་ཀྱི་གཞི་ཁྱོན་ཆེ་བའི་ཞིབ་འཇུག་རྩ་འཛུགས་བྱས་ནས་སྐམ་སའི་སའི་གོ་ལའི་མ་ལག་ཚན་རིག་དང་ས་ཁོངས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་ཞིབ་འཇུག་གི་ཁ་ཕྱོགས་གསར་པ་སྤེལ་རྒྱུའི་གྲོས་གཞི་བཏོན་ཡོད།

རིགས་དབྱེ།  

གཉེན་ཡའི་ཁྱིམ་ཚང་།

དེ་ནི་ཕ(ཡང་ན་མ)གཅིག་པུ་ལས་མེད་པ་དང་རང་ཚུགས་ཀྱིས་འཚོ་བ་སྐྱེལ་ནུས་མེད་པ་དང་། ལོ་ན18མན་ནམ་ཡང་ན་ལོ་ན18ལོན་ཀྱང་འགན་བབས་སློབ་གསོ་དང་ལེན་བྱེད་བཞིན་པའི་གཉེན་སྒྲིག་མ་བྱས་པའི་བུ་ཕྲུག་དང་མཉམ་དུ་འཚོ་བ་རོལ་བཞིན་པའི་ཁྱིམ་ཚང་ལ་ཟེར།

རིགས་དབྱེ།  

མར་ཁི་ཟི•བེ་རྦིར།

མར་ཁི་ཟི•བེ་རྦིར། སྤྱི་ལོ1864ལོའི་ཟླ4པའི་ཚེས21ཉིན་འཇར་མན་གྱི་ཐུའུ་ལིན་ཀེན་ཨའེ་ཨར་ ཧྥུའུ་ཐུ་གྲོང་ཁྱེར་དུ་སྐྱེས། ཁོ་རང་དུས་རབས20པར་ནུབ་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པའི་སྤྱི་ཚོགས་རིག་པ་བ་ཞིག་ཏུ་ངོས་འཛིན་ལ། དཔལ་འབྱོར་སྤྱི་ཚོགས་རིག་པ་དང་། ཆོས་ལུགས་སྤྱི་ཚོགས་རིག་པ། རིག་གནས་བསྡུར་དཔྱོད་ཞིབ་འཇུག་སོགས་ཀྱི་ཕྱོགས་ལ་ངེས་པ་དོན་གྱི་དེད་དཔོན་ཏུ་གྱུར། སྤྱི་ལོ1894ནས་སྤྱི་ལོ1896ལོའི་བར་དུ་ཧེ་རྡི་རྦེ་རྒི་སློབ་ཆེན་དང་ཧྥོ་ལར་བྷོ་སློབ་ཆེན་དུ་ཆབ་སྲིད་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོའི་འགན་བཞེས། སྤྱི་ལོ1918ལོར་ཝེར་ནཱ་སློབ་ཆེན་དུ་དགེ་རྒན་བྱས། ཕྱི་རབས་པས“རྩ་འཛུགས་གཞུང་ལུགས་ཀྱི་ཕ”ཞེས་མཚན་སྙན་གསོལ་ཡོད། སྤྱི་ལོ1920ལོའི་ཟླ6པའི་ཚེས14ཉིན་མུའུ་ཉི་ཧེ་རུ་འདས།

རིགས་དབྱེ།  

ཀྲང་པའེ་ཅཱ།

ཁོང་ནི་སྤྱི་ལོ1948ལོའི་ཟླ1པོའི་ཚེས15ཉིན་སྐྱེས་ཤིང་། ཀྲུང་གུང་ཏང་ཡོན་དང་ཞིབ་འཇུག་པ་ཡིན། སྤྱི་ལོ1982ལོར་པེ་ཅིང་སློབ་ཆེན་ལོ་རྒྱུས་སྡེ་ཁག་གི་འཛམ་གླིང་ལོ་རྒྱུས་ཆེད་ལས་ནས་མཐར་ཕྱིན་པ་དང་ཤེས་རམས་པའི་བསླབ་གནས་ཐོབ། སྤྱི་ལོ1986ལོར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་གི་ཉེ་རབས་ལོ་རྒྱུས་སྡེ་ཁག་གི་མི་རིགས་ལོ་རྒྱུས་ཆེད་ལས་ནས་མཐར་ཕྱིན་པ་དང་རབ་འབྱམས་པའི་བསླབ་གནས་ཐོབ།

རིགས་དབྱེ།  

ལོན་ཨུན་ཅེ།

ཁོང་ནི་སྤྱི་ལོ1940ལོའི་ཟླ10བའི་ཚེས25ཉིན་སྐྱེས་ཤིང་། ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་། དེ་སྔའི་ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་སྲུང་ཚན་རིག་ལག་རྩལ་བཟོ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུང་གོའི་ཟླ་བའི་ལྷ་མོའི་ལས་གྲྭའི་སྤྱི་ཁྱབ་བཀོད་འདོམས་པ། ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། དེ་སྔའི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུའུ་ཡི་ཅུའུ་ཀྲང་དང་ཞིབ་འཇུག་པ་བཅས་ཡིན།

རིགས་དབྱེ།  

ཀྲོའུ་ཧུང་།

ཁོ་མོ་ནི་སྤྱི་ལོ1952ལོའི་ཟླ10བར་པེ་ཅིང་དུ་སྐྱེས་ཤིང་། ཀྲུང་གུང་ཏང་ཡོན་ཡིན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་རྒྱལ་སྤྱིའི་ཞིབ་འཇུག་པུའུ་ཡི་ཀྲུའུ་རེན་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་རྒྱལ་སྤྱིའི་ཞིབ་འཇུག་པུའུ་ཡི་ཀྲུའུ་རེན་གཞོན་པ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཡོ་རོབ་ཞིབ་འཇུག་ཁང་གི་མགོ་གཙོ་བཅས་ཀྱི་འགན་ཁུར་མྱོང་། སྤྱི་ལོ1992ལོའི་ཟླ1པོར་ཨ་མེ་རི་ཁའི་པུའུ་ལན་ཏའེ་སི་སློབ་ཆེན་གྱི་གཤིབ་བསྡུར་ལོ་རྒྱུས་སྡེ་ཁག་ནས་སློབ་མཐར་ཕྱིན་ཞིང་། འབུམ་རམས་པ་དང་ཞིབ་འཇུག་པ། འབུམ་རམས་པའི་སློབ་དཔོན་བཅས་ཀྱི་འགན་ཁུར། ཀྲུང་གོའི་ཡོ་རོབ་སློབ་ཚོགས་ཀྱི་ཚོགས་གཙོ་དང་། ཀྲུང་གོའི་རྒྱལ་སྤྱིའི་འབྲེལ་བའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་ཁུར་ཡོད།

རིགས་དབྱེ།  

སུང་ཀྲི་ཕིང་།

ཁོང་ནི་སྤྱི་ལོ1956ལོའི་ཟླ10བར་སྐྱེས་ཤིང་། ཧོ་པེ་སློབ་ཆེན་ནས་མཐར་ཕྱིན། སྤྱི་ལོ1995ལོར་ཝུའུ་ཧན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་བཟོ་ཚོང་དོ་དམ་ཆེད་ལས་ཀྱི་རབ་འབྱམས་པའི་བསླབ་གནས་ཐོབ། སྤྱི་ལོ2002ལོར་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་དོ་དམ་ལས་གྲྭའི་འབུམ་རམས་པའི་བསླབ་གནས་ཐོབ། ཀྲུང་གོ་ཨར་ལས་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་། ཀྲུང་གོའི་སྨན་རྫས་ཚོགས་པ་སྤྱི་ཁྱབ་ཀུང་སིའི་ཏུང་ཧྲི་ཀྲང་བཅས་ཀྱི་འགན་ཁུར་མྱོང་། ད་ལྟ་ཀྲུང་གོའི་ཁྲོམ་འགྲེམས་ཀུང་སིའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཀྲུང་གོའི་ཁེ་ལས་བཅོས་བསྒྱུར་དང་འཕེལ་རྒྱས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཡིན།

རིགས་དབྱེ།  

མི་རབས་བར་གྱི་དྲང་བདེན།

དེ་ནི་སྐྱེ་ཁམས་མི་ཆོས་ལྟ་བའི་གཞི་རྩའི་ནང་དོན་ཞིག་ཡིན་ཞིང་། དེང་རབས་མིའི་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་དགོས་ལ། བུ་རབས་ཚ་རྒྱུད་ཀྱི་འཕེལ་རྒྱས་དགོས་མཁོ་ཡང་སྐོང་དགོས(རྗེས་རབས་པའི་དགོས་མཁོ་སྐོང་བའི་ནུས་པར་གནོད་འཚེ་བཟོ་མི་རུང) དེང་རབས་ཀྱི་མི་དང་རྗེས་རབས་པས་སའི་གོ་ལའི་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་འདྲ་མཉམ་ངང་ལོངས་སུ་སྤྱོད་ཐུབ་པ་དེ་ཡིན། ལྟ་བ་འདིའི་ངོས་འཛིན་བྱས་དོན། མི་རབས་རྗེས་མར་དེང་རབས་ཀྱི་མི་དང་འདྲ་བར་འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་ཡོད་པས། ཁོ་ཚོའི་ཁེ་དབང་དེ་དག་ལའང་བརྩི་འཇོག་ཐོབ་དགོས་པ་ལས། ཁོ་ཚོར་སྐད་ཆ་བཤད་དབང་མེད་པའི་རྐྱེན་གྱིས་ཁོ་ཚོའི་ཁེ་དབང་དེ་དག་འཕྲོག་མི་རུང་། དེང་རབས་ཀྱི་མིས་རང་ཉིད་ཀྱི་དགོས་མཁོ་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་རྗེས་རབས་པའི་འཚོ་གནས་དང་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་བའི་རྩ་བའི་ཆ་རྐྱེན་ལ་གནོད་འཚེ་གཏོང་མི་རུང་།

རིགས་དབྱེ།  

ལུའུ་ཞུའེ་དབྱི།

ཁོང་ནི་སྤྱི་ལོ1933ལོའི་ཟླ8པར་ཅང་སུའུ་ཝུའུ་ཞི་རུ་སྐྱེས་ཤིང་། དེ་སྔའི་པེ་ཅིང་བཟོ་ལས་སློབ་ཆེན་མི་ཆོས་སྤྱི་ཚོགས་ཚན་རིག་སློབ་གླིང་གི་ཡོན་ཀྲང་དང་། དགེ་རྒན་ཆེན་མོ། འབུམ་རམས་པའི་སློབ་དཔོན་བཅས་ཡིན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། པེ་ཅིང་བཟོ་ལས་སློབ་ཆེན་རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། པེ་ཅིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ཁང་མི་ཤུགས་ཐོན་ཁུངས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། རྒྱལ་ཁབ་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་ཆེད་མཁས་པ། དམིགས་བསལ་གྱི་ཡོན་ཏན་ལ་ཞིབ་འཇུག་བྱེད་པ་ནི་སྤྱི་ཚོགས་རིག་པའི་གཞུང་ལུགས་དང་། སྤྱི་ཚོགས་སྒྲིག་གཞི་ཞིབ་འཇུག གྲོང་གསེབ་འཕེལ་རྒྱས་ཀྱི་གཞུང་ལུགས་ཞིབ་འཇུག་བཅས་ཡིན། སྤྱི་ལོ2013ལོའི་ཟླ5པའི་ཚེས13ཉིན་གྱི་ཆུ་ཚོད9:8ཀྱི་སྟེང་ནད་ཀྱིས་མནར་ཏེ་པེ་ཅིང་དུ་ཚེ་ལས་འདས།

རིགས་དབྱེ།