འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན།

འགྲོ་མགོན་འཕགས་པ་ནི་ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་བོད་འབངས་སྡུག་ལས་གྲོལ་བར་མཛད་པའི་མི་སྣ་ཁྱད་དུ་འཕགས་པ་ཞིག་ཡིན་པར་མ་ཟད། ལོ་རྒྱུས་ཀྱི་འཁྱོག་མཚམས་ལས་འབུར་དུ་ཐོན་པའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན།ཁོང་གིས་སེ་ཆེན་འཁོར་དང་བཅས་ལ་མི་ཕྱེད་པའི་དམ་པ་བརྟན་པོར་ཐོབ་ཏུ་བཅུག་ནས།མི་ཤི་རྟ་འགྱེལ་གྱི་འཁྲུག་པ་སོགས་ཞི་བར་དང་ནས་བོད་ཁམས་བདེ་ལ་བཀོད། རྒྱ་ཡིག་གི་མིང་། 八思巴洛追坚赞 མིང་གཞན། བློ་གྲོས་རྒྱལ་མཚན་དཔལ་བཟང་བོ།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

རྒྱལ་བ་ཚངས་དབྱངས་རྒྱ་མཚོ།

རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་གཅིག་པའི་ཆུ་ཕག(1683)ལོར་མོན་ལ་འོག་ཡུལ་གསུམ་དུ་སྐུ་འཁྲུངས། དགུང་ལོ་བཅོ་ལྔ་པ་རབ་བྱུང་བཅུ་གཉིས་པའི་མེ་གླང(1697)ལོར་རྒྱལ་བའི་གསེར་ཁྲིར་མངའ་གསོལ་མཛད། རྒྱལ་དབང་འདི་ཉིད་སྐུ་གཤེགས་པའི་དུས་ལ་བཞེད་པ་མི་མཐུན་པ་གཉིས་སུ་མཆིས་པ་སྟེ། རབ་བྱུང་བཅུ་གཉིས་པའི་མེ་ཁྱི(1706)ལོར་རྒྱལ་དབང་མཆོག་རྒྱ་ནག་ཏུ་གདན་འདྲེན་ཞུས་པའི་ཕེབས་ལམ་དུ་སྙུན་གཞི་བཞེས་ཏེ་མདོ་སྨད་མཚོ་སྔོན་པོའི་འགྲམ་གྱི་ཀུན་དགའ་ནོར་དུ་སྐུ་གཤེགས་སྐད།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

ཆ་ཧར་དགེ་བཤེས།

ཆ་ཧར་དགེ་བཤེས་ཀྱི་འཁྲུངས་ཡུལ་ནི་སོག་པོའི་ཡུལ་དུ་དར་ཚོ་ཆེན་པོ་བརྒྱད་ཅེས་གྲགས་པའི་ནང་ཚན།  དར་ཚོ་ཆེན་པོ་ཁོ་བོ་ཆ་གན་ཞེས་པ་དེར་ཡིན་ལ།  ཁོང་ནི་ཡབ་ཚེ་མགོན་རྒྱལ་དང་ཡུམ་ཧལ་ཅན་ཁུའམ་བོད་མིང་བློ་བཟང་ཉི་མ་གཉིས་ལ་སྲས་བཞི་དང་སྲས་མོ་བཞི་སྟེ་མིང་སྲིང་བརྒྱད་ཡོད་པའི་ནང་གི་ཆེ་ཤོས་ཡིན།  རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་སྤྲེལ་གྱི་ལོ་སྟེ། སྤྱི་ལོ1740ལོའི་ཟླ་བརྒྱད་པའི་ཚེས་གསུམ་ལ་སྐུ་བལྟམས།  རྒྱ་ཡིག་གི་མིང་། 察哈尔格西•罗桑楚臣 ཡབ། ཚེ་མགོན་རྒྱལ། ཡམ། ཧལ་ཅན་ཁུ། ཡུམ་གྱི་བོད་མིང་ལ། བློ་བཟང་ཉི་མ། འཁྲུངས་ཡུལ། སོག་པོའི་ཡུལ། འཁྲུངས་འདས་ལོ་ཚིགས།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

རིན་པོ་ཆེ་སངས་རྒྱས་འབུམ།

རིན་པོ་ཆེ་སངས་རྒྱས་འབུམ་ནི་ཡུལ་གྲའི་ལྷོ་གྲངས་སུ་གདུང་རུས་རྗེ་ལས་ཡབ་ལྷོ་རད་མོའི་སྲས་སུ་སྐུ་འཁྲུངས་བ་དང་། མཚན་ལ་རྡོ་རྗེ་འབུམ་བཏགས། དགུང་ལོ་ལྔ་པར་བླ་མ་ཞང་དང་གྲ་ཕུར་བྱོན་དུས་ཡབ་ཀྱིས་ཁྲིད་དེ་སེམས་བསྐྱེད་ཆེན་མོ་དང་བཅས་པའི་དབང་ཆེན་ཐོབ། ཕྱིས་སུ་གུང་ཐང་དུ་ཞང་རིན་པོ་ཆེ་ལས་རབ་ཏུ་བྱུང་སྟེ་མཚན་ལ་སངས་རྒྱས་འབུམ་དུ་གསོལ། མཚན་གཞན། རྡོ་རྗེ་འབུམ། ཡབ། ལྷོ་རད་མོ། འཁྲུངས་ཡུལ། གྲའི་ལྷོ་གྲངས། ངོ་སྤྲོད་མདོར་བསྡུས།  རིན་པོ་ཆེ་སངས་རྒྱས་འབུམ་ནི་ཡུལ་གྲའི་ལྷོ་གྲངས་སུ་གདུང་རུས་རྗེ་ལས་ཡབ་ལྷོ་རད་མོའི་སྲས་སུ་སྐུ་འཁྲུངས་བ་དང་།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

དཔོན་ཡེ་ཤེས་འབྱུང་གནས།

དཔོན་ཡེ་ཤེས་འབྱུང་གནས་ནི་རབ་བྱུང་བཞི་པའི་ས་ཡོས་ལོ་སྟེ་སྤྱི་ལོ1219ལོར་ཚལ་པའི་དཔོན་སར་བསྐོས་ཤིང་མཛད་པ་ཆེ་བར་བྱུང་ཡོད་པ་དང་། དཔལ་འབྱོར་ལོངས་སྤྱོད་ཆེ་བར་བྱུང་སྟེ་ཚལ་པ་བཀའ་བརྒྱུད་དང་ཚལ་གུང་ཐང་གཙུག་ལག་ཁང་ལེགས་པར་བསྐྱངས་གནང་མཛད། དཔོན་ས་ལོ་ལྔ་མཛད་ནས་རབ་བྱུང་བཞི་པའི་ཆུ་ལུག་ལོ་སྟེ་སྤྱི་ལོ1223ལོར་སྐུ་གཤེགས་སོ། ། འདས་ལོ། སྤྱི་ལོ1223ལོར། ངོ་སྤྲོད་མདོར་བསྡུས།  དཔོན་ཡེ་ཤེས་འབྱུང་གནས་ནི་རབ་བྱུང་བཞི་པའི་ས་ཡོས་ལོ་སྟེ་སྤྱི་ལོ1219ལོར་ཚལ་པའི་དཔོན་སར་བསྐོས་ཤིང་མཛད་པ་ཆེ་བར་བྱུང་ཡོད།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

ཉེ་གནས་དར་མ་གཞོན་ནུ།

ཉེ་གནས་དར་མ་གཞོན་ནུ་ནི་རབ་བྱུང་གཉིས་པའི་ཤིང་གླང་ལོ་སྟེ་སྤྱི་ལོ1195ལོར་སྐུ་འཁྲུངས། རབ་བྱུང་མཛད་དེ་གུང་ཐང་བླ་མ་ཞང་གི་ཕྱག་ཕྱི་གནང་བ་དང་ཕྱིས་སུ་ཐུགས་སྲས་སུ་གྱུར། རབ་བྱུང་གསུམ་པའི་མེ་ལུག་ལོ་སྟེ་སྤྱི་ལོ1187ལོར་ཚལ་པའི་དཔོན་སར་བསྐོས་བར་མ་ཟད། བླ་མ་ཞང་གིས་གུང་ཐང་གཙུག་ལག་ཁང་དང་ཁྱམས་སྟོད་དུ་བྱང་ཆུབ་ཆེན་པོ་སོགས་བཞེངས་པར་ཞབས་འདེབས་ལེགས་པར་གྲུབ་ཡོད། འཁྲུངས་འདས། སྤྱི་ལོ1195-1232ལོར། ངོ་སྤྲོད་མདོར་བསྡུས།  ཉེ་གནས་དར་མ་གཞོན་ནུ་ནི་རབ་བྱུང་གཉིས་པའི་ཤིང་གླང་ལོ་སྟེ་སྤྱི་ལོ1195ལོར་སྐུ་འཁྲུངས།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

སྤྱན་སྔ་རིན་པོ་ཆེ་དངོས་གྲུབ་རྒྱལ་མཚན།

སྤྱན་སྔ་རིན་པོ་ཆེ་དངོས་གྲུབ་རྒྱལ་མཚན་ནི་རབ་བྱུང་བདུན་པའི་མེ་ཡོས་ལོ་སྟེ་སྤྱི་ལོ1387ལོར་ཏྲེ་ཧོས་དཔལ་འབྱོར་བཟང་པོའི་སྲས་སུ་སྐུ་འཁྲུངས། རབ་ཏུ་བྱུང་ནས་རྒྱུད་ལག་ལེན་ཐམས་ཅད་ལེགས་པར་མཁྱེན། དགུང་ལོ་བཅུ་གསུམ་པ་རབ་བྱུང་བདུན་པའི་ས་ཡོས་ལོ་སྟེ་སྤྱི་ལོ1399ལོར་ཚལ་གུང་ཐང་གི་གདན་སར་བསྐོས། གདན་ས་ལོ་བཅོ་བརྒྱད་མཛད་དེ་དགུང་ལོ་སོ་གཅིག་པ་རབ་བྱུང་བདུན་པའི་མེ་བྱ་ལོ་སྟེ་སྤྱི་ལོ1917ལོར་སྐུ་མྱ་ངན་འདས་སོ། ། ཡབ། ཏྲེ་ཧོས་དཔལ་འབྱོར་བཟང་པོ། འཁྲུངས་འདས་ལོ་ཚིགས། སྤྱི་ལོ1387-1917ལོར།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

ཚལ་བ་ཀུན་དགའ་རྡོ་རྗེ།

ཚལ་བ་ཀུནདགའ་རྡོ་རྗེ་ནི་རབ་བྱུང་ལྔ་བའི་ས་བྱ(1309)ལོར་འཁྲུངས།རབ་བྱུང་དྲུག་པའི་ཤིང་སྦྲུལ(1364)ལོར་སྐུ་གཤེགས།འདིའི་ཡབ་དགུང་ལོ་ཉི་ཤུ་བ་ཆུ་ཡོས་ནས་སུམ་ཅུ་སོ་གསུམ་བར་ཁྲི་དཔོན་བྱས།དགུང་ལོ་ཞེ་ལྔ་བ་ནས་བསྙེན་རྫོགས་མཛད་ཅིང་རྩོམ་ཡིག་ཀྱང་མང་བོ་ཡོད།ལྷ་ས་གཙུག་ལག་ཁང་བདག་གཉེར་ཧ་ཅང་ལེགས་པོ་གནང་ཡོད་པའོ།། མིང་གཞན། སི་ཏུ་དགེ་བའི་བློ་གྲོས། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1309-1364) འཁྲུངས་ཡུལ། ཚལ་བ་གུང་ཐང་དུ་སྐུ་འཁྲུངས། ཡབ། དྲུང་ཆེན་སྨོན་ལམ་རྡོ་རྗེ།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

ཨ་མཆོག་དཀོན་མཆོག་བསྟན་པ་རྒྱལ་མཚན།

ཨ་མཆོག་རྒྱ་བོར་གྲགས་པ་ངག་དབང་བློ་བཟང་ཨ་མཆོག་དཀའ་ཐུབ་ཡག་གི་སྲས་སུ་འཁྲུངས་ཤིང་། ཕས་བོན་གྱི་གྲྭ་རྒྱུན་ཏུ་གཏོང་རྒྱུ་བྱས་པ་ཞང་བོ་ཥོ་ཐོ་ནོར་བུས་འཕྲོག་སྟེ་ཉིད་ནས་རབ་བྱུང་བསྒྲུབས་ཏེ་དབུས་སུ་མངགས། དགའ་ལྡན་དུ་སློབ་གཉེར་མཛད་པས་ཅུང་གར་དུས་གླིང་བསྲེ་བྱིན། པཎ་ཆེན་བློ་བཟང་ཡེ་ཤེས་ལ་བསྙེན་རྫོགས་ཞུས་པར་མཚན་ལ་བློ་བཟང་ཡེ་ཤེས་གནང་། བ་ཀུ་ལའི་སྤྲུལ་པར་ལུང་བསྟན། རང་ཡུལ་དུ་མཁན་པོ་ཥོ་ཐོའི་བཀས་ཨ་མཆོག་པ་ཞྭ་སེར་དུ་བསྒྱུར། འདུ་ཁང་བཞེངས་ཏེ་གཉན་རྩེ་ལ་རབ་གནས་ཞུས། རྣམ་སྲས་ལོགས་རིས་བཞེངས་པའི་ཞལ་རང་བྱོན་བྱུང་།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

ཞ་ལུ་བ་ལེགས་པ་རྒྱལ་མཚན།

རབ་བྱུང་དྲུག་པའི་ཤིང་ཡོས1375ལོར་གཙང་ཞ་ལུར་སྐུ་འཁྲུངས། སྐུ་ན་ཆུང་དུས་སུ་ཞ་ལུ་དགོན་པའི་ཆོས་སྒོར་ཞུགས་ནས་རབ་བྱུང་མཛད། ཡི་གེ་འབྲི་ཀློག་དང་དགོན་དེའི་ཆོས་སྤྱོད་ཆོ་ག་སོགས་ལ་བརྩོན་པར་རྒྱ་ཆེར་བྱས་ཏེ་དབུ་མཛད་ཀྱང་གནང༌། ཞ་ལུ་གྲགས་པ་རྒྱལ་མཚན་དང༌། ཤངས་པ་ཀུན་མཁྱེན་བསྟེན་ནས་མདོ་རྒྱུད་གཞུང་ལུགས་ལ་བསླབས་པས་མཁས་པར་གྱུར། རྗེ་ཙོང་ཁ་པ་ཆེན་པོ་གཙང་ནས་དབུས་སུ་ཕེབས་དུས་ཞབས་ཕྱིར་བྱོན་ཏེ། རྗེ་བླ་མ་དང༌། རྒྱལ་ཚབ་ཆོས་རྗེ།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒྱ་མཚོ།

བསིལ་ལྡན་ཀེ་ལ་ཤ་ཡི་ཞིང་ཁམས་མདོ་སྨད་ས་ཡི་ཐིག་ལེ་རྒྱལ་མོ་ཚ་བ་རོང་གི་སའི་ཆར1945ལོར་ཅོག་ཙེའི་ཁྲོ་སྐྱབས་ཉ་ཚང་ཞེས་པའི་ཁྱིམ་དུ་མཚན་དཔེའི་མཛེས་སྐུ་པད་མ་དཀར་པོའི་ལྗོན་པ་དང་བོར་བཞད། འཁྲུངས་ཁྱིམ་གྱི་སྒོའི་ཐད་གར་བྲག་ངོས་སུ་རྡོ་དཀར་གྱི་ཨ་ཡིག་རང་བྱོན་བདུན་དོད་པ་སོགས་ངོ་མཚར་བའི་རྟགས་མཚན་མང་བོ་བྱུང་། ཀུན་གཟིགས་པཎ་ཆེན་ཐམས་ཅན་མཁྱེན་པ་སྐུ་ཕྲེང་བཅུ་བ་ཆེན་པོ་༧རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་མངོན་སུམ་སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་མངོན་པར་གཟིགས་ཏེ། ལུང་བསྟན་བྱིན་གྱིས་བརླབས་པའི་དགེ་མཚན་དུ་མའི་རྟེན་འབྲེལ་གྱི་སྒོ་འཕར་ཡངས་བོར་ཕྱེས་ཏེ། སྐུ་ཕྲེང་གོང་མ་རིམ་བྱོན་གྱི་མཚན་སྙན་ཨ་ཀ་རུའི་དྲི་བསུང་འཐུལ་བའི་མཚན་གྱི་ཅོད་པན་གསོལ།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

ཧོར་བཙུན་བསྟན་འཛིན་བློ་གྲོས་རྒྱ་མཚོ།

ཧོར་བཙུན་བསྟན་འཛིན་བློ་གྲོས་རྒྱ་མཚོའི་འཁྲུངས་ཡུལ་ནི་མདོ་སྨད་ཨ་མདོའི་ས་ཁུལ་ཤར་ཁོག་གམ་དབུས་གཙང་དུ་ཟུང་ཆུར་འབོད་པ་དེ་ཡིན། ས་ཁུལ་དེའི་གྲོང་ཚོ་སྐྱང་ཚང་སྡེ་བར་ཁྱིམ་མིང་ཧོར་བ་ཚང་ཞེས་པའི་ཡབ་འབྲུག་སྐྱོབ་དང་ཡུམ་ཨ་ཉོག་གཉིས་ཀྱི་སྲས་སུ་སྤྱི་ལོ1889ལོར་བལྟམས། ཁོང་གི་མིང་ལ་སྐལ་བཟང་ཡག་ཅེས་བཏགས། བོད་ཡིག་གི་མིང་། ​ཧོར་བཙུན་བསྟན་འཛིན་བློ་གྲོས་རྒྱ་མཚོ། འཁྲུངས་ཡུལ། ཟུང་ཆུ་ས་ཁུལ་གྱི་སྐྱང་ཚང་སྡེ་བའི་ཧོར་བ་ཚང་། ཡབ། འབྲུག་སྐྱོབ། ཡུམ། ཨ་ཉོག འཁྲུངས་འདས་ལོ།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

སྤུག་བླ་ནམ་མཁའ་རྒྱལ་མཚན།

སྤུག་བླ་རྗེ་བཙུན་བློ་བཟང་བསྟན་འཛིན་འཕྲིན་ལས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི་ཕྱི་ལོ1937ལོར་ཁམས་སྟོད་སྒ་ཡུལ་དེ་ཤོད་ལུང་དུ་སྐུ་བལྟམས། དགུང་ལོ་ལྔ་ལ་སོན་པ་ན་སྤུག་བླ་ཆེ་ཚང་གི་སྐུ་སྐྱེར་ཐག་ཆོད་ནས་འབུམ་སྟེང་དགོན་དུ་ཁྲི་ལ་བཀོད། དགུང་ལོ་བཅུ་གཅིག་པ་ཕྱི་ལོ1947ལ་དབུས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད། བོད་ཡིག་གི་མིང་། སྤུག་བླ་རྗེ་བཙུན་བློ་བཟང་བསྟན་འཛིན་འཕྲིན་ལས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

རྒྱལ་བ་སྐལ་བཟང་རྒྱ་མཚོ།

རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོ་ནི། མདོ་ཁམས་སྨད་ཀྱི་སའི་ཆ་ཆོས་སྡེ་ཆེན་པོ་ལི་ཐང་ཐུབ་ཆེན་བྱམས་པ་གླིང་གི་ཉེ་འདབས་སུ། ཡབ་རྗེ་གུང་བསོད་ནམས་དར་རྒྱས་སམ་དགེ་འདུན་དར་རྒྱས་དང་ཡུམ་བློ་བཟང་ཆོས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་བྱི(སྤྱི་ལོ1708)ལོར་སྐུ་འཁྲུངས་བ་དང་། ཤིང་འབྲུག(སྤྱི་ལོ1724)ལོར་འཇམ་དབྱངས་གོང་མ་ཡུང་ཊིང་ནས་གསེར་སྲང་སུམ་བརྒྱ་ཡོད་པའི་འཇའ་ས་དང་། ཉིས་བརྒྱ་ལྔ་བཅུ་ཡོད་པའི་གསེར་ཐམ་གནང་། གསེར་ཐམ་ཞལ་རིས་སུ་ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་ངྷ་ར་ཏཱ་ལའི་བླ་མ་ཞེས་པ་བཀོད།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

རྫ་ཤུལ་བློ་བཟང་རྒྱ་མཚོ།

རྫ་ཤུལ་བློ་བཟང་རྒྱ་མཚོ་ནི། མདོ་སྨད་རྟ་ཡི་ཆོལ་ཁའི་འབྲོག་སྡེ་ཆེན་པོ་ཁྲོ་ཁོ་སྨད་མའི་མཐའ་གཉིས་སུ་མ་ལྷུང་བའི་ཁྱིམ་རྒྱུད་ཅིག་ཏུ། སྤྱི་ལོ1971ལོའི་ས་ཟླའི་དཀར་ཕྱོགས་རྫོགས་པ་གསུམ་པའི་ཉིན་ཕྱེད་རྟ་དུས་ཤིག་ལ་ངུ་ངག་གི་དབྱངས་རྟ་ཐོག་མ་བསྒྲགས། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་བ་རྫ་ཤུལ་དགེ་བཤེས་འཇམ་དཔལ་མཐུ་སྟོབས་རིན་པོ་ཆེས་འཇིགས་བྱེད་སྐྱབས་ཞེས་པའི་མིང་བསྩལ། བོད་ཡིག་གི་མིང་། རྫ་ཤུལ་བློ་བཟང་རྒྱ་མཚོ། འཁྲུངས་ལོ། སྤྱི་ལོ1971ལོ། འཁྲུངས་ཡུལ།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

དགྲ་འདུལ།

སྤྱི་ལོ1964ལོའི་ཟླ10པར་སྐྱེས། བོད་རང་སྐྱོང་ལྗོངས་རྒྱལ་རྩེ་རྫོང་གི་མི་ཡིན། ཆོས་ལུགས་རིག་པའི་རམ་འབྱམས་པ་དང་འབུམ་རམས་པ། སྤྱི་ལོ2006ལོར་རྒྱལ་ཁབ་རིམ་པའི“དུས་རབས་གསར་བའི་ཤེས་ལྡན་མི་སྣ་བརྒྱ་ཁྲི་སྟོང་བཟོ་སྐྲུན”ལས་གཞིའི་ནང་དུ་ཚུད། ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་སྤྱིའི་ལས་འཛིན་པ། ཏང་ཙུའུ་ཚོགས་མི། རིག་གཞུང་ཨུ་ཡོན་ཚོགས་པའི་ཨུ་ཡོན། ཆོས་ལུགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་། ཞིབ་འཇུག་པ། 《ཀྲུང་གོའི་བོད་རིག་པའི》དུས་དེབ་ཁང་གི་མགོ་གཙོའི་འགན་བཞེས་ཡོད།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

རྒྱལ་བ་དགེ་འདུན་རྒྱ་མཚོ།

རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་ནི་གཙང་རྟ་ནག་ཏུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་སྟེང་དགེ་འདུན་གྲུབ་ཀྱི་ཡང་སྲིད་དུ་ངོས་འཛིན་མཛད། དགེ་ལུགས་པའི་སྤྲུལ་སྐུའི་ཐོག་མ་ཡིན། ཕྱིས་སུ་བཀྲ་ཤིས་ལྷུན་པོ་དང་འབྲས་སྤུངས་སོགས་སུ་ཕེབས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པར་མ་ཟད། ཁོང་གིས《མཚན་བརྗོད་དྲང་ངེས་རྣམ་དབྱེ》དང༌། 《སྟོང་ཉིད་བདུན་ཅུ་པ》སོགས་གསུང་རྩོམ་མང་དུ་མཛད་ཅིང༌། རྒྱ་གར་གྱི་ཆུ་བོ་གདྒའི་ཚུན་ཆད་སྙན་ངག་ལ་མཁས་པར་གྲགས། རྒྱ་ཡིག་གི་མིང་། 根敦嘉措 མིང་གཞན། སངས་རྒྱས་འཕེལ། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1476-1542) འཁྲུངས་ཡུལ། གཙང་རྟ་ནག་བསྲེགས་ཏེ་བཞད་མཐོང་སྨོན་རྫོང་དུ་སྐུ་འཁྲུངས། ཡབ། རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

རྒྱལ་བ་དགེ་འདུན་གྲུབ་པ།

རྒྱལ་དབང་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་ནི་གཙང་ཤབ་སྟོད་གུར་མོ་རུ་བ་ཞེས་པར་སྐུ་འཁྲུངས། དགུང་ལོ་བཅོ་ལྔའི་སྟེང་རབ་ཏུ་བྱུང་ཞིང་། རྗེ་ཙོང་ཁ་བ་སོགས་བཤེས་གཉེན་དུ་མར་བསྟེན་ཐོག དམ་པའི་ཆོས་ཀྱི་འཆད་ཉན་མཛད་པས་སྐལ་བ་དང་ལྡན་པའི་གདུལ་བྱ་མཁས་པ་དང༌། བཙུན་པ་དང༌། བཟང་པོ་དང༌། རྣལ་འབྱོར་ལ་བརྩོན་པའི་སློབ་མ་མང་དུ་བྱུང་། དགུང་ལོ་ང་བདུན་པ་རབ་བྱུང་བརྒྱད་པའི་མེ་ཡོས(1447)ལོར་བཀྲ་ཤིས་ལྷུན་པོ་དཔལ་གྱི་ཆོས་སྡེ་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་ནས་བྱམས་ཆེན་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

བཻ་རོ་ཙ་ན།

བཻ་རོ་ཙ་ན་ཞེས་པ། བོད་སྐད་དུ་བསྒྱུར་ན་རྣམ་པར་སྣང་མཛད་ཟེར། བོད་རྗེ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་ཡིན་པའི་མཁས་པ་ཞིག་ཡིན་པ་ཡོངས་གྲགས་ཀྱི་བཞེད་ཚུལ་མཐུན། ཁོང་ནི་གནའ་རབས་ཀྱི་རྙིང་མའི་བླ་མ་གྲགས་ཅན་ཞིག་དང་། བསྟན་སྔ་དར་སྐབས་ཡོངས་གྲགས་ཀྱི་ལོ་ཙཱ་བ་ཆེན་པོ་རྒན་གྲས་གསུམ་གྱི་ཡ་གྱལ་དང་། བོད་ཀྱི་རབ་བྱུང་གི་ཐོག་མ་སད་མི་བདུན་གྱི་ནང་ཚན། གནའ་དུས་ཀྱི་སྨན་པ་གྲགས་ཅན་བཅས་ཡིན་པས་གངས་ལྗོངས་ཀྱི་སྐྱེ་འགྲོ་ཀུན་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་བོ།། རྒྱ་ཡིག་གི་མིང་། 贝若扎那 མིང་གཞན། གན་ཇག་ཐང་ཏ། འཁྲུངས་ལོ། སྤྱི་ལོ760ཡས་མས། འཁྲུངས་ཡུལ། སྙེ་མོ་བྱེ་མཁར(ད་ལྟ་སྙེ་མོ་རྫོང་ཟངས་རི་ཆུས) ཡབ།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

ཞོན་ཙང་།

ཁོང་ནི་ཧྭན་གྱི་བློན་ཆེན་ཊུང་ཀུང་གི་གདུང་བརྒྱུད་ཡིན་ལ།ཆུང་ངུ་ནས་རབ་ཏུ་བྱུང༌། སྐྱེས་ཐོབ་ཀྱི་ཤེས་རབ་དང་སྤོབས་པ་ཟླ་དང་བྲལ་བ་ཞིག་ཡིན་ཞིང་། དགུང་ལོ་བཅུ་གཅིག་ནས་དྲི་མེད་གྲགས་པར་བསྟན་པའི་མདོ་དང༌། དམ་ཆོས་པད་དཀར་རྒྱུན་གྱི་ཞལ་འདོན་གནང༌། ཐོག་མར་མངོན་པའི་སྐོར་མཁས་པར་བསླབས། དེ་ནས་འགྱུར་རོ་ཅོག་གི་བཀའ་བསྟན་ལ་འདི་མ་གཟིགས་བྱ་བ་མེད་པར་གྱུར། དགུང་ལོ་ཉེར་དགུའི་དུས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ནས་སློབ་གཉེར་མཛད་དེ་དཔལ་ནཱ་ལེནྡྲའི་མཁས་པའི་གྲས་སུ་གྲགས་པ་ཤིན་ཏུ་རྒྱས།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

གཤེན་རབ་མི་བོ་ཆེ།

གཤེན་རབ་མི་བོ་ཆེ་ནི་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་གཏོད་པ་པོ་ཡིན་ལ། ཁོང་ནི་ཡབ་རྒྱལ་བོན་ཐོད་དཀར་དང༌ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཏེ། སྐྱེ་བ་བཞེས་པའི་མཛད་པ་དང་བསྟན་པ་སྤེལ་བའི་མཛད་པ། འགྲོ་འདུལ་གྱི་མཛད་པ། འགྲོ་བ་འདྲེན་པའི་མཛད་པ། ཁབ་བཞེས་པའི་མཛད་པ། སྲས་སྤྲུལ་པའི་མཛད་པ། བདུད་བཏུལ་བའི་མཛད་པ། བསྟན་པ་རྗེས་བཞག་གི་མཛད་པ། ཁྱིམ་སྤངས་རབ་བྱུང་གི་མཛད་པ། འཁོར་སྤངས་དགོན་པའི་མཛད་པ། མཐར་ཕྱིན་དགེ་ལྡན་གྱི་མཛད་པ།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

དཔལ་ཆེན་འོད་ལྡན།

དཔལ་ཆེན་འོད་པོ་ཆེ་སྟེ། ས་ཆེན་ཀུན་དགའ་སྙིང་པོའི་སྲས། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གཅུང་ཡིན། ཁོངས་གཏོགས། ཆོས་ལུགས་རིག་པ་བ། མཚན་གཞན། དཔལ་ཆེན་འོད་པོ་ཆེ། ངོ་སྤྲོད། དཔལ་ཆེན་འོད་པོ་ཆེ་སྟེ། ས་ཆེན་ཀུན་དགའ་སྙིང་པོའི་སྲས། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གཅུང་ཡིན་ལ། རབ་བྱུང་གསུམ་པའི་ལྕགས་རྟ(སྤྱི་ལོ1150)ལོར་འཁྲུངས། ས་སྐྱའི་ཆོས་ལུགས་ལ་མཁས་ཤིང་། ལྷག་པར་དུ་གསོ་བ་རིག་པ་ལ་མཁས། སྐུ་ཚེ་གང་བོར་སྨན་པ་མཛད་ཅིང《གསོ་བ་རིག་པའི་བསྟན་བཅོས་བརྒྱད་ཆུང་ཉི་མའི་འོད་ཟེར》ཞེས་པའང་མཛད། དགུང་ལོ་ང་བཞི་བ་རབ་བྱུང་གསུམ་པའི་ཁྱི་ཕག(སྤྱི་ལོ1203)ལོར་སྐུ་གཤེགས།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

ཆོས་རྗེ་བྱང་ཆུབ་བཟང་པོ།

ཆོས་རྗེ་བྱང་ཆུབ་བཟང་པོ་ནི་གདུང་འབྲེ་སྟེ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་སློབ་མ་གཙོ་བཞི་ཡི་ཡ་གྱལ་འབྲེ་ཆེན་པོ་ཤེས་རབ་འབར་དང་གཙང་པ་འབྲེ་སྒུར་ལ་སོགས་དགེ་བཤེས་ཆེན་པོ་དུ་མ་བྱུང་བའི་བརྒྱུད་པ་ཡིན་ཞིང་། ཡབ་སྔགས་འཆང་སློབ་དཔོན་ཡོན་ཏན་རྒྱ་མཚོ་དང་ཡུམ་དགོན་པའི་དབོན་མོ་རིན་ཆེན་འབུམ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་བའི་ས་ཁྱི་ལོ་སྟེ་སྤྱི་ལོ1298ལོར་སྐུ་འཁྲུངས། གཞོན་ནུའི་དུས་སུ་མཚན་ལ་ཤཱཀྱ་མཐའ་ཡས་སུ་གསོལ།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

རྒྱལ་དབང་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ།

རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ནི་རབ་བྱུང་བཅུ་པའི་མེ་སྦྲུལ(1617)ལོ་ལ་ལྷོ་ཁ་འཕྱོངས་རྒྱས་རྫོང་དུ་འཁྲུངས། རབ་བྱུང་བཅུ་པའི་ཆུ་ཁྱི(1622)ལོ་ལ་གདན་དྲངས་པ་ལྟར་འབྲས་སྤུངས་ལ་ཕེབས། རབ་བྱུང་བཅུ་པའི་ཤིང་གླང(1625)ལོ་ལ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་བསྟེན་ནས་རབ་ཏུ་བྱུང༌། རབ་བྱུང་བཅུ་གཅིག་པའི་མེ་གླང(1637)ལོ་ལ་པཎ་ཆེན་སྐུ་ཕྲེང་བཞི་པ་དང་བཀའ་མོལ་གནང་ནས་སྐུ་ཚབ་གཅིག་མངགས་ཏེ་མན་ཇུ་རྒྱལ་ཚང་དང་འབྲེལ་ལམ་བཙུགས། རབ་བྱུང་བཅུ་གཅིག་པའི་ཆུ་རྟ(1642)ལོ་ལ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཁམས་ཡོངས་རྫོགས་དབང་དུ་བསྒྱུར་བའི་མཚན་གནས་ཕུལ་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་གཞི་ཚུགས།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

སློབ་དཔོན་དབྱིག་གཉེན།

སློབ་དཔོན་དབྱིག་གཉེན་ནི་འཕགས་པ་ཐོགས་མེད་དང་ཡུམ་གཅིག་པ་ཡིན་ལ། ཡབ་ནི་བྲམ་ཟེའི་རིགས་དང་། ཡུམ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས། ཡུམ་ཀྱིས་བློ་རྣོ་བའི་ཆོ་ག་བྱས་ཤིང་ཁྲུས་དང་གཙང་སྤྲ་ལ་གནས་པའི་སྒོ་ནས་བསྐྱེད་བསྲིངས་ཏེ། ཡི་གེ་དང་། རྩིས་དང་། རིག་བྱེད་བཞི་ལ་སོགས་པ་ཐུན་མོང་བའི་རིག་གནས་ལེགས་པར་བསླབས་ཏེ་ཁོང་དུ་ཆུད་པར་བྱས། སློབ་དཔོན་འདི་བཞུགས་པའི་དུས་སུ་རྒྱ་གར་ཤར་ལྷོ་དབུས་སོགས་སུ་སློབ་མ་ཐེག་པ་ཆེན་པོའི་དགེ་སློང་གཅིག་པུ་བསྡོམས་ན་ཁྲི་དྲུག་ཙམ་གདའ། སྐུ་ཚེའི་སྨད་དུ་སློབ་མ་མཁས་པ་སྟོང་ཕྲག་ལྔ་ཙམ་ཁྲིད་ནས་བལ་བོའི་ཡུལ་དུ་བྱོན་ནས་དམ་པའི་ཆོས་ཀྱི་བདུད་རྩི་དཔགས་མེད་བསྩལ་པ་དང་།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

ཕུར་ལྕོག་ངག་དབང་བྱམས་པ།

འདིའི་ནང་དུ་ཁོང་སྐུ་ན་ཕྲ་དུས་ནས་སློབ་གཉེར་བྱས་བའི་རིམ་པ་དང་།དར་མའི་སྐབས་སུའང་གདན་ས་ཁག་སྐྱོང་ཚུལ་དང་། བླ་གྲྭའི་ཚོགས་ལ་དབང་ལུང་སོགས་གདམས་པ་སོགས་གནང་ཚུལ།ད་དུང་གདན་ས་ཁག་ནས་གྲྭ་སྐོར་མཛད་ཚུལ་སོགས་དང་། གསུམ་རྩོམ་སྐོར་གྱི་རིམ་པ་ཡང་ཆ་ཚང་བར་བསྟན་ཡོད། རྒྱ་ཡིག་གི་མིང་། 普觉·阿旺贤巴 མིང་གཞན། བདེ་མཆོག་སྲུང་། སེར་སྣ་རྡོ་རྗེ། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1682-1762) འཁྲུངས་ཡུལ། མདོ་སྟོད་ཟལ་མོ་སྒང་གི་ཆར་གཏོགས་པའི་ཐམ་ཁ་གྲོང་སྣོ་རོམ། ཡབ། ཨ་ནུ་འཕགས།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན།

འདིའི་ནང་དུ་ཁོང་གིས་བཀྲ་ཤིས་ལྷུན་པོར་སློབ་གཉེར་མཛད་ཚུལ་དང་ཁྲི་ཐོག་ཏུ་ཕེབས་ཚུལ་དང་། བུ་སློབ་དག་ལ་ཆོས་ཀྱི་ཆར་བ་ཕབས་ཚུལ། གསུང་རྩོམ་སོགས་གླེང་ཡོད། རྒྱ་ཡིག་གི་མིང་། 罗桑·却吉坚赞 མིང་གཞན། ཆོས་རྒྱལ་དཔལ་ལྡན་བཟང་པོ། འཁྲུངས་ཡུལ། གཙང་རོང་གི་མཚམས་ལྷན་གྱི་ནང་དྲུག་བརྒྱ་པའི་སྤེའུ་ཡུལ་དུ་སྐུ་འཁྲུངས། འཁྲུངས་ལོ། སྤྱི་ལོ1570ལོ། ཡབ། དྲུང་འཚོ་བ་ཀུན་དཀའ་འོད་ཟེར(འཚོ་བྱེད་ཚེ་རིང་དཔལ་འབྱོར) ཡུམ། མཚོ་རྒྱལ། འཐུས་ཚབ་བརྩམས་ཆོས། 《བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ》 འཁྲུངས་རབས།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

དཀའ་ཆེན་ཡེ་ཤེས་རྒྱལ་མཚན།

ཚེ་མཆོག་གླིང་ཡོངས་འཛིན་སྤྲུལ་སྐུའི་སྐུ་ཕྲེང་དང་བོ་སྟེ། ཆོས་འབྱུང་འགའ་ཞིག་ཏུ་ཡོངས་འཛིན་པཎྜི་ཏ་ཡེ་ཤེས་རྒྱལ་མཚན་ཡང་ཞུ་ཞིང་། ལོ་རྒྱུས་ཐོག་གྲྭ་རྐྱང་དཀྱུས་མ་ནས་རིམ་བཞིན་བཀྲ་ཤིས་ལྷུན་པོའི་དཀའ་ཆེན་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་དུ་ཕེབས། སྐྱེས་ཆེན་དམ་པ་མཛད་རྗེས་ཧ་ཅང་ཆེ་བ་ཞིག་ཡིན། དགེ་ལྡན་ཁྲི་ཆེན་ནམ་མཁའ་བཟང་བོ་སོགས་ཀྱི་དྲུང་ནས་མདོ་སྔགས་ཀྱི་བཀའ་ཆོས་རྒྱ་ཆེར་གསན། ཕྱིས་སུ་བཀྲ་ཤིས་ལྷུན་པོ་དང་སེ་འབྲས་དགེ་གསུམ་སོགས་སུ་ཕེབས་ཏེ་སློབ་མ་སྟོང་ཕྲག་ལྷག་ལ་བཀའ་ཆོས་མང་དུ་བསྩལ།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

ཡོངས་འཛིན་རྣམ་དག་འོད་ཟེར།

འདི་ཉིད་ནི་གཡུང་དྲུང་བོན་གྱི་སློབ་དཔོན་ཆེན་པོ་ཞིག་ཡིན་ཞིང་། ན་ཚོད་ཅུང་སྨིན་སྐབས་སྔོན་སྦྱང་གི་ལས་བཟང་བསགས་པའི་བག་ཆགས་སད་ནས་དཔལ་གཤེན་བསྟན་གཡུང་དྲུང་དར་རྒྱས་གླིང་གི་ཚོགས་སྒྲིགས་སུ་བཞུགས་ཏེ་ཡི་གེ་ཀློག་ཡ་དང་བརྡ་དག་སྙན་ངག་སོགས་ལ་སྦྱང་བརྩོན་གྱིས་མཁྱེན་རྒྱ་མ་ཆུང་བར་གནང་། ཕྱིས་སུ་དཔལ་ལྡན་གཡུང་དྲུང་གླིང་གི་ཡོངས་འཛིན་ཀྱི་ཐུགས་འགན་བཞེས་ཏེ་སློབ་མ་རྣམས་ལ་གང་འདོད་གང་འཚམས་ཀྱི་གདམས་ངག་འཕངས་མེད་སྩལ་བ་དང་། སྐབས་གཉིས་པའི་མངོན་རྟོགས་རྒྱན་གྱི་འགྲེལ་བཤད་མཐོང་ལམ་ནས་སྐབས་བརྒྱད་པའི་མན་ཆད་ཀྱི་ཚིག་དོན་མ་ལུས་པར་གཏན་ལ་ཕབ་ཅིང་དགོངས་འགྲེལ་འདི་ཉིད་མཐོ་སློབ་ཝཱ་ར་ཎ་སཱ་སོགས་གཡུང་དྲུང་བོན་གྱི་བཤད་སྒྲུབ་སྲོལ་ཡོད་སར་ཕལ་ཆེར་གཞུང་འདི་ཉིད་འཆད་ཁྲིད་མི་དམན་པར་གནང་དང་

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག

རྒྱལ་བ་ཡོན་ཏན་རྒྱ་མཚོ།

རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་ནི་རབ་བྱུང་བཅུ་པའི་ས་མོ་གླང(1589)ལོར་སོག་པོའི་ཡུལ་དུ་སྐུ་འཁྲུངས། དགུང་ལོ་བཅུ་བཞི་པར་སེ་འབྲས་དགེ་གསུམ་གྱིས་སོག་པོའི་ཡུལ་དུ་སྐུ་ཚབ་ཚོགས་པ་ཆེད་མངགས་མཛད་ནས་རྒྱལ་བ་ཡོན་ཏན་རྒྱ་མཚོ་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་ལྷ་སར་གདན་འདྲེན་ཞུས། དགུང་ལོ་བཅུ་དགུ་པར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་སྐུ་མདུན་ནས་དབང་ལུང་མན་ངག་མང་དུ་གསན། དེ་རྗེས་འབྲས་སྤུངས་དགོན་པའི་དགེ་འདུན་མང་ཚོགས་ཀྱི་རེ་མདུན་ལྟར་འབྲས་སྤུངས་དགོན་པའི་གདན་རབས་བཅུ་གསུམ་པའི་ཁྲི་པ་དང་།

རིགས་དབྱེ།   མི་སྣ། སྤྱི་ཚོགས་ཚན་རིག