ཚལ་བ་ཀུན་དགའ་རྡོ་རྗེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚལ་བ་ཀུནདགའ་རྡོ་རྗེ་ནི་རབ་བྱུང་ལྔ་བའི་ས་བྱ(1309)ལོར་འཁྲུངས།རབ་བྱུང་དྲུག་པའི་ཤིང་སྦྲུལ(1364)ལོར་སྐུ་གཤེགས།འདིའི་ཡབ་དགུང་ལོ་ཉི་ཤུ་བ་ཆུ་ཡོས་ནས་སུམ་ཅུ་སོ་གསུམ་བར་ཁྲི་དཔོན་བྱས།དགུང་ལོ་ཞེ་ལྔ་བ་ནས་བསྙེན་རྫོགས་མཛད་ཅིང་རྩོམ་ཡིག་ཀྱང་མང་བོ་ཡོད།ལྷ་ས་གཙུག་ལག་ཁང་བདག་གཉེར་ཧ་ཅང་ལེགས་པོ་གནང་ཡོད་པའོ།།
གཞི་རྩའི་གནས་ཚུལ།

མིང་གཞན།
སི་ཏུ་དགེ་བའི་བློ་གྲོས།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1309-1364)
འཁྲུངས་ཡུལ།
ཚལ་བ་གུང་ཐང་དུ་སྐུ་འཁྲུངས།
ཡབ།
དྲུང་ཆེན་སྨོན་ལམ་རྡོ་རྗེ།
འཐུས་ཚབ་བརྩམས་ཆོས།
《ཚལ་བ་བཀའ་འགྱུར་གྱི་དཀར་ཆག》
1 ​འཁྲུངས་རབས།

ཚལ་བ་ཀུན་དགའ་རྡོ་རྗེ་ནི་དྲུང་ཆེན་སྨོན་ལམ་རྡོ་རྗེའི་སྲས་ཆེ་བ་ཡིན་ཞིང་།དགུང་ལོ་ལྔ་ནས་ཡི་གེ་འབྲི་ཀློག་ལེགས་པར་མཁྱེན།ཚལ་བ་བཀའ་བརྒྱུད་ཀྱི་ཆོས་སྐོར་དང་མདོ་སྔགས་རིག་གནས་གང་ལ་མཁས་པའི་སྙན་གྲགས་ཅན་དུ་གྱུར།དགུང་ལོ་བཅོ་ལྔ་བ་རབ་བྱུང་ལྔ་བའི་ཆུ་ཕག(1323)ལོར་ཁྲི་དཔོན་བསྐོས།དགུང་ལོ་བཅུ་བདུན་པ་ཤིང་གླང(1325)ལོར་ཡོན་རྒྱལ་རབས་ཀྱི་གོང་མ་ཡེ་སུན་ཐེའི་མུར་གྱི་དྲུང་དུ་བྱོན།དངུལ་བྲེ་ཆེན་དང་།དངུལ་གྱི་ཐམ་ཀ གསེར་གྱི་རྒྱན།གོས་དར་སོགས་མང་བོ་དང་།ཚལ་བའི་མི་སྡེ་དབང་རིགས་ཐམས་ཅད་ཤེས་སུ་བཅུག་པའི་འཇའ་ས་བཅས་བྱུང་།འདིས་ལོ་ཉི་ཤུ་རྩ་བརྒྱད་རིང་ཁྲི་དཔོན་གྱི་གོ་གནས་བཟུང་ཞིང་།དེའི་རིང་ཚལ་གུང་ཐང་གི་གཙུག་ལག་ཁང་དང་།ལྷ་ས་གཙུག་ལག་ཁང་།པོ་ཏ་ལ་བཅས་ལ་བདག་གཅེས་དང་ཉམས་གསོ་ལེགས་པར་མཛད།བུ་སྟོན་རིན་པོ་ཆེ་གདན་དྲངས་ཏེ་སྣར་ཐང་གི་བཀའ་འགྱུར་སོགས་སྐབས་དེར་བོད་དུ་ཡོད་པའི་བཀའ་འགྱུར་མང་བོར་ཞིབ་བསྡུར་ཞུས་དག་མཛད་དེ།གསེར་དངུལ་འདྲེས་མའི་བཀའ་འགྱུར་པོད་ཉིས་བརྒྱ་དྲུག་ཅུ་བཞེངས་པ་དེར་ཚལ་བའི་བཀའ་འགྱུར་ཞེས་བོད་ཀྱི་མཁས་པ་མང་བོས་ཚད་ལྡན་གྱི་མ་དཔེར་བརྩི་བ་དེ་བྱུང་།དེའི་རྗེས་སུ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་དང་མ་མཐུན་པའི་རྐྱེན་གྱིས་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག(1352)ལོར་སྲིད་དབང་ཤོར་ཏེ་རང་ཉིད་ཀྱི་ལས་རྒྱུན་འཛིན་མཁན་གཅུང་བོ་གྲགས་པ་ཤེས་རབ་ལ་གཏད་ནས་མཁན་ཆེན་དོན་ཞགས་པ་སངས་རྒྱས་རིན་ཆེན་གྱི་དྲུང་དུ་རབ་བྱུང་དང་བསྙེན་རྫོགས་མཛད།མཚན་དགེ་བའི་བློ་གྲོས་སུ་གསོལ།ཀརྨ་བ་སྐུ་ཕྲེང་བཞི་བ་རོལ་བའི་རྡོ་རྗེ་རྒྱ་ནག་ནས་བོད་དུ་ཕྱིར་ཕེབས་གནང་རྗེས་ཚལ་གུང་ཐང་དུ་གདན་དྲངས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་ཞུས།བོད་ས་གནས་སུ་སི་ཏུ་ཐམས་ཅད་མཁྱེན་པ་ཞེས་བསྟོད་བསྔགས་ཆེན་པོ་བྱེད་པ་ཞིག་བྱུང་།

2 བརྩམས་ཆོས།

ཁོང་གི་བརྩམས་ཆོས་ལ《ཚལ་བ་བཀའ་འགྱུར་གྱི་དཀར་ཆག》དང《དེབ་ཐེར་དཀར་བོ》《དེབ་ཐེར་དམར་བོ》《དེའི་ལྷན་ཐབས་དེབ་ཐེར་མཁས་པའི་ཡིད་འཕྲོག》《དེབ་ཐེར་ཁྲ་བོ》《གུང་ཐང་བླ་མ་ཞང་གི་རྣམ་ཐར》《ཡབ་སྨོན་ལམ་རྡོ་རྗེའི་རྣམ་ཐར》བཅས་སོ།། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-23

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།