དོན་འགྲུབ་དབང་འབུམ།

ཁོང་ནི་ཀྲུང་དབྱང་མི་རིགས་སློབ་གླིང་རྒྱ་སྐད་ཡིག་སྡེ་ཁག་ཏུ་སློབ་མཐར་ཕྱིན་པ་དང་། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཏང་ཙུའུ་ཁོངས་མིའི་འགན་བཞེས་ཡོད།

རིགས་དབྱེ།  

ཚེ་རིང་ཐར།

ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོའམ་སློབ་དཔོན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་པའི་འགན་བཞེས་ཀྱིན་ཡོད། རིག་གནས་པུའུ་རྒྱལ་ཡོངས་ཡིག་རྙིང་སྲུང་སྐྱོབ་ལས་ཀའི་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ཚོགས་པའི(IATS)ལས་འཛིན་པ། རྒྱལ་སྤྱིའི་བོན་པོའི་ཞིབ་འཇུག་ཚོགས་པའི(LABR-ATRB)ལས་འཛིན་གཞོན་པ། ཀྲུང་གོའི་ཆོས་ལུགས་རིག་པ་ཚོགས་པའི་ལས་འཛིན་པ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཤ་མན་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་གདན་ཞུའི་ཞིབ་འཇུག་པ། བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩོམ་རིག་ཚན་ཁག་གི་གདན་ཞུའི་ཞིབ་འཇུག་པ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་གདན་ཞུའི་ཞིབ་འཇུག་པ། མཚོ་སྔོན་གསོ་རིག་གླིང་གི་གདན་ཞུའི་སློབ་དཔོན་ཆེན་མོ། མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་གི་གདན་ཞུའི་ཞིབ་འཇུག་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད་པ་རེད།

རིགས་དབྱེ།  

ཐུབ་བསྟན་ཕུན་ཚོགས།

ཁོང་ནི་སྤྱི་ལོ1955ལོའི་ཟླ2པའི་ཚེས7ཉིན་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་དཔལ་སྤུངས་ཤང་གི་དཔའ་འོག་འབྲོག་སྡེ་རུ་སྐུ་འཁྲུངས། ཕ་མ་གཉིས་ཀྱི་སྐུ་དྲིན་འོག་ཕྱུགས་རྫི་ཁོ་ན་བྱེད་མ་དགོས་པར་ཡི་གེ་སློབ་པའི་སྐལ་བ་བྱུང་བ་དང་། དཔོན་རུ་ཚེ་རིང་འགྱུར་མེད་ཟེར་བའི་མདུན་དུ་ཡི་གེ་བསླབས། སྤྱི་ལོ1986ལོར་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་ཏེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ལས་བགོས་བྱས་པ་ཡིན་ལ། སྤྱི་ལོ2012ལོར་ལྷོ་ནུབ་མི་རིགས་སློབ་གླིང་དུ་ཕེབས་ནས་ད་རག་བར་དུ་གནས་དེ་རུ་བྱ་བ་གཉེར་བཞིན་ཡོད།

རིགས་དབྱེ།  

ཤར་གདོང་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ།

བོད་ཀྱི་སློབ་གསོ་བ་དང་ནང་དོན་རིག་པ་བ་ཆེན་མོ་ཤར་གདོང་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་ནི་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་ཁོངས་བྱ་ཁྱུང་དགོན་པའི་ཉེ་འདབས་ཀྱི་གུང་ཡེ་དགོན་ཚར་ཞེས་པའི་གྲོང་སྡེར་སྐུ་འཁྲུངས་ཤིང་། ཁོང་ཉིད་དགུང་ལོ34སྟེང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གདན་ཞུས་ལྟར་བོད་ཡིག་དགེ་རྒན་གྱི་འགན་བཞེས་ནས་སྐལ་ལྡན་གྱི་སློབ་བུ་མང་བོ་ལ་བོད་ཀྱི་བརྡ་སྤྲོད་དང་སྙན་ངག་སོགས་དཔེ་ཁྲིད་མཛད་པར་མ་ཟད། མཚོ་སྔོན་གསོ་རིག་སློབ་གླིང་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་དཔེ་ཁྲིད་གནང་། 1987ལོར་པཎ་ཆེན་སྣང་བ་མཐའ་ཡས་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོའི་བཀའ་ལུང་བཞིན། ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་རྒན་དུ་ཕེབས་ནས་བསྟུད་མུར་ལོ་འགར་གྲུབ་མཐའ་རིས་མེད་ཀྱི་བོད་སོག་གི་བླ་སྤྲུལ་བརྒྱ་ཕྲག་དུ་མར་བྱང་ཆུབ་ལམ་རིམ་ཆེན་མོ་གཙོ་བྱས་པའི་གཞུང་ཆེན་དུ་མའི་དཔེ་ཁྲིད་གནང་། ཁོང་གིས་བགྲང་བྱ་བཅུ་ཕྲག་འགའི་རིང་ལ་དངོས་སུ་བསྐྱངས་པའི་རིགས་སོ་སོའི་སློབ་མ་ནི་ཞིང་ཆེན་ཕྱི་ནང་གི་ལས་གནས་སོ་སོ་ན་ཐང་མར་བརྡལ་བ་ཇི་བཞིན་ཁྱབ་ཡོད་པར་མ་ཟད། རྐང་འཛིན་གྱི་ཀ་བ་ལྟ་བུར་གྱུར་ཡོད།

རིགས་དབྱེ།  

མཁན་ཆེན་དཀའ་བཞི་པ་རིགས་པའི་སེང་གེ།

མི་ཉག་གི་སྔ་ཐོག་མཁས་པ་མི་དྲུག་ཏུ་གྲགས་པའི་དང་པོ་མཁན་ཆེན་དཀའ་བཞི་པ་རིགས་པའི་སེང་གེ་ནི་སྤྱི་ལོ1287ལོ་ལ་རབ་སྒང་གི་སྦས་ཡུལ་དོ་ནང་ཕུག་སྦས་རྨུག་ཆ་ཞེས་པར་སྐུ་འཁྲུངས། རིམ་གྱིས་ཀློག་བསླབས་པས་མཁས་པར་གྱུར་པ་མ་ཟད། བྲིས་ལ་བྱང་པ་བྱུང་བས་གསེར་འབུམ་བྲིས་ཏེ་ཞུ་དག་དང་བཅས་པ་མཁྱེན་པས་ཤེས་རབ་ཤིན་ཏུ་ཆེ་བར་གྲགས། ས་སྐྱ་བ་ཚད་མ་ལ་ཤིན་ཏུ་མཁས་པར་གྲགས་པའི་སློབ་དཔོན་བྱམས་པ་མགོན་ལས་ཚད་མ་རིགས་གཏེར་གྱི་གཙོས་ཁྲིད་མང་པོ་གསན་སྦྱངས་བྱས་ནས་ཤིན་ཏུ་མཁས་པར་གྲགས་པས་མཚན་ཡང་དཀའ་བཞི་པར་ཐོབ། ས་སྐྱའི་གདན་སའི་ཚད་མའི་སློབ་དཔོན་གྱིས་གསུངས་ཀྱང་མ་བཞུགས། རང་ལོ་བརྒྱད་ཅུ་གྱ་དགུ་པ་རབ་བྱུང་དྲུག་པའི་བགྲང་བྱ་ཞེ་དགུ་པ་སྤྱི་ལོ1375ཤིང་མོ་ཡོས་ཀྱི་ལོའི་ཁྲུམས་སྟོད་ཟླ་བའི་ཚེས་བརྒྱད་ལ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་ཞི་བར་གཤེགས་སོ།།

རིགས་དབྱེ།  

ངག་དབང་ཀུན་བཟང་།

དགེ་བའི་བཤེས་གཉེན་ཆེན་མོ་རབ་འབྱམས་པ་ངག་དབང་ཀུན་བཟང་མཆོག་ནི་རབ་བྱུང་བཅུ་དྲུག་པའི་ཤིང་མོ་གླང(སྤྱི་ལོ1924)ལོར། མདོ་སྨད་ཁྲི་ཀའི་ཡུལ་ལྷ་སྡེ་རུ་སྐུ་འཁྲུངས། སྐུ་ན་ཕྲ་བའི་དུས་ནས་གཤིས་རྒྱུད་དྲང་ཞིང་བློ་རིག་བཀྲ་བས་དགོན་གསར་གཤོང་མོ་ཆེ་ཏུ་སངས་རྒྱས་ཀྱི་བསྟན་པའི་ཆོས་སྒོར་ཞུགས། དགུང་ལོ་བཅུ་དྲུག་པ་ཆུ་ལུག(སྤྱི་ལོ1943)ལོར། དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ་ཕེབས། དགུང་ལོ་དྲུག་ཅུ་པ་ཤིང་བྱི(སྤྱི་ལོ1984)ལོར། ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་དུ་གདན་ཞུས་ལྟར་ཕེབས་ནས་དགེ་སློབ་ཡོངས་ཀྱི་འདོད་མོས་ལྟར་སློབ་ཁྲིད་མཛད་དེ་མི་རིགས་སློབ་གསོའི་བྱ་བར་མཛད་རྗེས་གང་ལེགས་བཞག དགུང་ལོ་རེ་བཞི་པ་ས་འབྲུག(སྤྱི་ལོ1988)ལོར་དགེ་རྒན་ཆེན་མོའི་ཐོབ་ཐང་བླངས། དགུང་ལོ་གྱ་གཉིས་པ་རབ་རྒྱན་མེ་ཁྱི(སྤྱི་ལོ2006)ལོའི་ཆུ་སྟོད་ཟླ་བའི་དམར་ཕྱོགས་དགའ་བ་གཉིས་པའི་ཉིན་རྗེས་འཇུག་གདུལ་བྱའི་སྣང་ངོར་རེ་ཞིག་གཟུགས་སྐུའི་བཀོད་པ་བསྡུས་པའི་ཚུལ་མཛད

རིགས་དབྱེ།  

བློ་བཟང་ཆོས་གྲགས།

ཁོང་ནི་སྤྱི་ལོ1941ལོར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་རྫོང་ཁོངས་ཀྱི་ཆར་ཁ་གྲོང་ཚོར་སྐྱེས་ཤིང་། སྤྱི་ལོ1960ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་ཞུགས་ནས་སློབ་གཉེར་གནང་བ་དང་། སྤྱི་ལོ1964ལོར་སློབ་གྲྭ་དེ་གའི་དགེ་རྒན་གྱི་འགན་བཞེས། ཁོང་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། འབུམ་རམས་པའི་སློབ་སྟོན་དགེ་རྒན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གསབ་ཕོགས་ཐོབ་ཀྱིན་པའི་ཆེད་མཁས་པ་བཅས་ཡིན།

རིགས་དབྱེ།  

གཉའ་གོང་དཀོན་མཆོག་ཚེ་བརྟན།

གཉའ་གོང་དཀོན་མཆོག་ཚེ་བརྟན་ནམ་དཀོན་རེ་ཞེས་འབོད་པ་ཁོང་ནི1946ལོའི་ཟླ་དྲུག་པར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་རྒན་གྱར་སྐྱེས་ཤིང་། 1974ལོར་ནུབ་བྱང་མི་རིགས་སློབ་གླིང་དུ་ཞུགས། 1977ལོར་མཐར་ཕྱིན་པ་དང་སློབ་གླིང་རང་དུ་དགེ་རྒན་གྱི་ཕྱག་ལས་གཉེར།

རིགས་དབྱེ།  

གུ་དྲག

གུ་དྲག་ནི1955ལོར་ཅོ་ནེའི་དག་ཡིག་ཁོག་ཏུ་སྐྱེས་ཤིང་ཆོས་དཔལ་ལུང་ཁུག་ཏུ་འཚར་ལོངས་བྱུང་། ལོ་ན་ཆུང་བའི་དུས་ནས་བཟུང་རང་སའི་སློབ་ཆུང་དུ་ཡི་གེ་འབྲི་ཀློག་སྦྱོང་མགོ་ཚུགས་ཏེ། རིམ་བཞིན་རིག་གནས་ཀྱི་གལ་ཆེ་བའི་རང་བཞིན་གསལ་བོར་རྟོགས་ནས། རྒྱ་ཡིག་གི་ཤེས་བྱ་སྦྱོང་དགོས་པའི་ཐོག་བོད་ཡིག་དེ་བས་སྤྱོད་དགོས་པའི་འདུན་པ་སྐྱེས་ནའང་། རིག་གསར་གྱི་དབང་གིས་རང་སྦྱོང་མི་བྱེད་ཐབས་མེད་བྱུང་།

རིགས་དབྱེ།  

ཆ་རིས་སྐལ་བཟང་ཐོགས་མེད།

ཁོང་ནི1963ལོར་མདོ་སྨད་ཀླུ་ཆུའི་ཆ་རིས་སྡེ་བ་རུ་སྐྱེས་ཤིང་དགུང་ལོ་བརྒྱད་ཀྱི་སྟེང་ནས་ཤེས་རིག་གི་སྒོ་མོ་འགྲིམ་པའི་གོམ་པ་དང་པོ་ཡུལ་དེའི་ཆོས་འཁོར་སློབ་ཆུང་དུ་སྤོས་པ་དང་། དེ་ཟམ་ཚ་ཞང་ལྟེ་བའི་སློབ་ཆུང་དུ་སྤར་ནས་དགེ་དམ་པའི་ཞལ་གསུངས་ཚུལ་བཞིན་དུ་བརྩིས་ནས་སློབ་གཉེར་ལ་བརྩོན་པ་ལྷོད་མེད་བྱས། 1979ལོར་ནུབ་བྱང་མི་རིགས་སློབ་གླིང་གི་གྲ་སྒྲིག་འཛིན་གྲྭ་ནས་བཟུང་བོད་སྐད་ཡིག་གི་བསླབ་གཞི་བཙུགས་ཡོད་པར་བརྟེན་བོད་སྐད་ཡིག་རིག་གནས་ལ་ཐོབ་བསམ་བྱེད་པའི་མགོ་ཚུགས། 1985ལོའི་ཟླ་བདུན་པར་སྦྱངས་འབྲས་ཚད་ལྡན་གྱི་དཔང་ཡིག་དང་བཅས་སློབ་མཐར་ཕྱིན།

རིགས་དབྱེ།  

དགེ་རྒན་ཆེན་མོ་དགེ་འདུན་རྒྱ་མཚོ།

སློབ་གསོའི་ལས་དོན་ལ་ཤ་ཞེན་དང་ལྷག་བསམ་མཆོག་ཏུ་དཀར་བའི་གཙོས་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭའི་བོད་ཡིག་སློབ་སྐོར་གྱི་དགེ་རྒན་ཆེན་མོ་གཞོན་པ་དགེ་འདུན་རྒྱ་མཚོ་ལགས་ནི1948ལོར་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྟོད་ཞང་ཁམས་སངས་སྡེ་བའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། ཆུང་དུས་ནས་རིག་པ་རྣོ་ཞིང་གསལ་བ་དང་སློབ་གཉེར་ལ་བརྩོན་པ་ཆེ་སྟབས1975ལོར་ནུབ་བྱང་མི་རིགས་སློབ་གླིང་དུ་རྒྱུགས་འཕྲོད་དེ་སློབ་སྦྱོང་ལ་ཞུགས།

རིགས་དབྱེ།  

ཏུའུ་གོ་ཀྲིན།

ཏུའུ་གོ་ཀྲིན་ནི་བོད་རིགས་ཏེ། 1955ལོའི་ཟླ4པར་ཅོ་ནེ་རྫོང་དུ་སྐྱེས། ཁོང་གིས་སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ལ་བརྟེན་ནས་སྔ་ཕྱིར་སློབ་ཆུང་དང་སློབ་འབྲིང་། སློབ་གྲྭ་ཆེན་མོ་བཅས་རིམ་པར་འགྲིམས་ཤིང་། སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པ་རེད།

རིགས་དབྱེ།  

དཔལ་ཆེན་རྒྱལ།

དགེ་རྒན་ཆེན་མོ་དཔལ་ཆེན་རྒྱལ་ནི1962ལོར་ཀན་ལྷོ་ཁུལ་ཐེ་བོ་རྫོང་བྱ་འབབ་ཞང་སྟོད་གཙང་སྡེ་བ་ཞེས་བྱ་བའི་ཞིང་ཁྱིམ་ཞིག་ཏུ་སྐྱེས། ཕ་མ་བཟང་པོའི་དྲིན་གྱིས་ཆུང་དུས་ནས་སློབ་གྲྭ་ཆུང་འབྲིང་འགྲིམས་ནས་རྒྱ་བོད་ཡིག་རིགས་སྦྱངས། 1993ལོའི་ཟླ་བདུན་པར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་བརྡ་སྤྲོད་རིག་པའི་ཞིབ་འཇུག་སློབ་མ་ནས་མཐར་ཕྱིན།

རིགས་དབྱེ།  

རྡོར་ཕྲུག

བོད་ཀྱི་དེང་རབས་སློབ་གསོ་བ་དང་རྩོམ་པ་པོ་གྲགས་ཅན་ཁ་གྱའི་ཀླུ་ཚང་རྡོ་རྗེ་རིན་ཆེན་ནམ་རྡོར་ཕྲུག་ནི་གཙོས་གྲོང་ཁྱེར་ཁ་གྱ་སྟོད་རི་རྒྱལ་འོ་བརྟན་སྡེ་ཁྲོད་དུ1957ལོར་སྐྱེས། ཁོང་གཞོན་ནུའི་དུས་ནས་རིག་གནས་སྦྱོང་བར་དོན་གཉེར་ཆེ་ཞིང་། ལྷག་པར་དུ་ལོ་ན་བཅུ་བདུན་སྟེང་ཀན་ལྷོ་ཁུལ་མི་རིགས་སློབ་གྲྭར་འགྲིམ་པའི་སྐལ་བ་ལྡན། སྔ་རྗེས་སུ་བསེ་ཚང་བློ་བཟང་དཔལ་ལྡན་དང་སློབ་དཔོན་སྨོན་ལམ་རྒྱ་མཚོ་དང་སློབ་དཔོན་ཆེན་མོ་ཤེས་རབ་ཡར་འཕེལ་སོགས་བསྟེན་ཏེ་རིག་པའི་གནས་དག་ལ་ཐོས་བསམ་གང་ལེགས་བྱས།

རིགས་དབྱེ།  

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི་ཀན་ལྷོའི་མཛོད་དགེ་རུ1964ལོར་སྐྱེས་ཤིང་། ཆུང་དུས་ནས་སྐྱེས་ཡུལ་གྱི་སློབ་ཆུང་དང་གཙོས་གྲོང་ཁྱེར་གྱི་སློབ་འབྲིང་སོགས་རྒྱ་ཡིག་ལ་འབད་པ་གནང་། 1980ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ཏེ་རབ་ཏུ་བྱུང་ཞིང་མཚན་ལ་ཚུལ་ཁྲིམས་རྒྱ་མཚོར་གསོལ། སྔ་ཕྱིར་རྗེ་དགེ་འདུན་རྒྱ་མཚོ་དང་། སློབ་དཔོན་དམུ་དགེ་བསམ་གཏན། འཇམ་དབྱངས་རྒྱ་མཚོ་མཆོག དཔལ་ལྡན་རྒྱ་མཚོ་ཚང་། སྨད་སོག་བཛྲ་ཚང་སོགས་བསྟེན་ནས་དབུ་ཚད་ཕར་མངོན་འདུལ་བ་དང་བཅས་པའི་གཞུང་ཆེན་བཀའ་པོད་ལྔས་གཙོས་ཐུན་མོང་རིག་གནས་དང་བཅས་པ་ཀུན་ལ་བྱང་ཆུབ་པར་སྦྱངས་ཤིང་། ལྷག་པར་དུ་དུས་འཁོར་ས་སྨད་སོག་བཛྲ་ཚང་གནས་ཀྱི་སློབ་དཔོན་དུ་བསྟེན་ཏེ་མཚན་ལ་ཡང་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ཞེས་སུ་གྲགས།

རིགས་དབྱེ།  

བློ་བཟང་ཉི་མ།

བློ་བཟང་ཉི་མ་ནི་སྤྱི་ལོ1926ལོའི་ཟླ7པའི་ཚེས26ཉིན་མཛོད་དགེ་རྫོང་གཟའ་རུ་ཡུལ་ཚོ་ཨ་ནུ་ཐང་སྡེ་བར་འཁྲུངས་ཤིང་། དགུང་ལོ་བརྒྱད་ཐོག་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་ནས་རབ་ཏུ་བྱུང་། སྤྱི་ལོ1942ལོ་ནས་སྤྱི་ལོ1949ལོའི་བར་སྔ་གཞུག་ཏུ་དཀར་མཛེས་ཁུལ་སྡེ་དགེ་རྫོང་རྫོགས་ཆེན་དགོན་དང་སྡེ་དགེ་དགོན། བོད་ལྗོངས་ཀྱི་འབྲས་སྤུངས་དགོན། བཀྲ་ཤིས་ལྷུན་པོ་སོགས་ནས་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་བཅུ་ལ་གསན་སྦྱང་མཐར་ཕྱིན་པར་མཛད་ནས་དགེ་བཤེས་ཀྱི་གོ་གནས་འཐོབ། ཁོང་གིས་སྔ་གཞུག་ཏུ་བོད་ཀྱི་ཕྱུགས་སྨན་གསོ་སྦྱོང་འཛིན་གྲྭ་དང་མཛོད་དགེ་རྫོང་གི་རོང་འབྲོག་མི་སེར་གྱི་ལག་རྩལ་སློབ་གྲྭ། རྔ་བ་ཁུལ་མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་བཅས་སློབ་གསོའི་མ་ལག་ཅིག་བཙུགས་ཤིང་ཀུན་གྱིས་ཉི་མའི་སློབ་སྒྲུབ་རིག་ལམ་ཞེས་འབོད། ཀུན་གྱིས་རྩྭ་ཐང་གི་ཉི་མའམ་ཨ་ཁུ་ཉི་མ་ཞེས་འབོད་བཞིན་ཡོད་པས། རྔ་བ་ཁུལ་མ་ཟད་མདོ་དབུས་ཁམས་གསུམ་དུ་སྙན་པའི་གྲགས་པ་ཁྱབ་བཞིན་འདུག

རིགས་དབྱེ།  

ཁ་སྒང་བཀྲ་ཤིས་ཚེ་རིང་།

ཁ་སྒང་བཀྲ་ཤིས་ཚེ་རིང་ནི་སྤྱི་ལོ1956ལོར་མཚོ་སྔོན་ཐུན་ཏེ་རྫོང་ཁ་སྒང་སྡེ་བར་སྐྱེས་ཤིང་། སྤྱི་ལོ1974ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་དེ་བོད་ཀྱི་རིག་གནས་སྐོར་ལ་སློབ་གཉེར་གནང་༌། སྤྱི་ལོ1985ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་གནའ་རབས་བོད་ཀྱི་རིག་གནས་ཆེད་གཉེར་སྐོར་ལ་སློབ་སྦྱོང་གནང༌། སྤྱི་ལོ1988ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གི་དགེ་རྒན་གནང་བ་དང་། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང༌འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན་ལ། ཀན་སུའུ་ཞིང་ཆེན་མི་རིགས་གྲངས་ཉུང་སྐད་རིགས་ཡིག་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡང་ཡིན།

རིགས་དབྱེ།  

ཞོ་ར་པདྨ་དབང་ཆེན།

1965ལོའི་ཟླ12བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་ནས་སྐྱེས། 1983ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་འོས་སློབ་གྲྭ་རུ་སློབ་མཐར་ཕྱིན་མ་ཐག ལོ་དེར་ཐུན་རིན་རྫོང་རྒྱང་སྒྲོག་ས་ཚིགས་སུ་ལས་བགོས་བྱས་པ་དང་། རྩོམ་སྒྲིག་དང་ལོ་ཙྭ། གསར་འགོད་བཅས་ཀྱི་བྱ་བ་སྒྲུབ། 1986ལོ་ནས1990ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སློབ་གླིང་ནས་སློབ་གཉེར་མཛད་པ་དང་དངོས་གཞིའི་བསླབ་གནས་བླངས། 1990ལོ་ནས1993ལོའི་བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སློབ་གླིང་ནས་སློབ་གཉེར་མཛད་པ་དང་རབ་འབྱམས་པའི་བསླབ་གནས་བླངས།

རིགས་དབྱེ།  

རྒྱལ་ཚང་སྙིང་བོ་རྒྱལ།

རྒྱལ་ཚང་སྙིང་བོ་རྒྱལ་མཆོག་ནི་སྤྱི་ལོ1930ལོར་ཡུལ་མདོ་སྨད་ཀྱི་རྡོ་སྦིས་དགུ་རུའི་རྒྱལ་ཚང་དུ་ཡབ་བསྟན་འཛིན་རབ་རྒྱས་དང་ཡུམ་སྙིང་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཀན་སུའུ་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་འགོ་འདྲེན་དང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་འགོ་འདྲེན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་སོགས་ཀྱི་འགན་བཞེས་ཏེ་བོད་ཀྱི་རིག་གནས་དང་སློབ་གསོའི་ཐད་ལ་བྱས་རྗེས་མི་དམན་པ་བཞག་ཡོད། ཁོང་ཚང་དགུང་གྲངས་གོ་གསུམ་སྟེང་སྤྱི་ལོ2023ལོའི་ཟླ9པའི་ཚེས24ཉིན་ཀན་སུའུ་ལན་གྲུ་ནས་སྐུ་གཤེགས།

རིགས་དབྱེ།  

ཁྲི་བསམ་གཏན།

ཁྲི་བསམ་གཏན་ལགས་ནི1952ལོར་ཁྲི་ཀ་རྫོང་གི་སྨད་པ་སྡེ་བ་ནས་འཁྲུངས། ལོ་གསུམ་གྱི་སྟེང་གོང་བ་གྲྭ་ཚང་ལ་ཁྱེར་ནས་ཨ་ཁུ་སྦྱིན་པ་རྒྱ་མཚོའི་དྲུང་དང་ཇོ་ཇོ་ལྷ་ཁང་ནས་ལོ་གསུམ་བསྡད། 1958ལོ་ནས་བཟུང་སྨད་པ་སློབ་ཆུང་འགྲིམས། 1966ལོ་ནས་བཟུང་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭར་ཞུགས། དགེ་རྒན་འཕྲིན་ལས་དང་དཔལ་ཆེན་རྣམ་གཉིས་ཀྱི་མདུན་ནས་སུམ་ཅུ་བ་དང་རྟགས་འཇུག་སྦྱངས། 1971ལོར་ཁྲི་ཀ་ནས་སྲིད་གཞུང་གི་ལས་ཀར་ཞུགས་ནས། ལོ་གསུམ་རིང་ཁྲི་ཀ་རྫོང་གི་ཞང་རིམ་པར་ཟབ་ཞུགས་ཀྱིས་རྒྱ་བོད་སྐད་གཉིས་ཀྱི་ཡིག་ཆ་དྲིལ་སྒྲོག་གི་འགན་འཁུར། 1974ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཞུགས། བོད་ཀྱི་བརྡ་སྤྲོད་དང་། རྩོམ་རིག་གཞུང་ལུགས། སྐད་བརྡ་རིག་པ། དེང་རབས་རྒྱ་སྐད་བཅས་ཀྱི་སློབ་ཚན་གཙོ་བྱས་ཀྱི་བོད་ཡིག་གི་ཆེད་ལས་སྦྱོང་། ད་དུང་མཁས་དབང་ཚེ་ཏན་ཞབས་དྲུང་དང་། ཨ་ཁུ་ཆོས་དར། འཇམ་དཔལ་ཕུན་ཚོགས་སོགས་ཀྱི་དྲུང་དུ་སྙན་ངག མངོན་བརྗོད། བརྡ་རྙིང་། ལོ་རྒྱུས་སོགས་སྦྱོང་། 1976ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་དགེ་རྒན་གྱི་ལས་ལ་ཞུགས། ཉིས་སྟོང་ལོར་དགེ་རྒན་ཆེན་མོའི་མཚན་ཐོབ་ཅིང་། ཀན་སུའུ་ཞིང་ཆེན་རིམ་པའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་སྣེ་ཁྲིད་པའི་འགན་བཞེས།

རིགས་དབྱེ།  

མི་ཉག་མགོན་པོ།

མཁས་པའི་དབང་པོ་མི་ཉག་མགོན་པོ་མཆོག་ནི་སྤྱི་ལོ1923ལོའི་ཟླ1པོའི་ཚེས3ཉིན་བོད་ཁམས་ཤར་མི་ཉག་རིང་མོ། འབོ་གངས་དཀར་གྱི་ཉེ་འགྲམ་དུ་སྐུ་འཁྲུངས། ལོ་ལྔ་བར་གངས་དགོན་ཁམས་གསུམ་གྲགས་བདེ་ཆེན་གླིང་དུ་བསྐྱལ་ནས་བོད་ཡིག་སྦྱོང་བའི་མགོ་ཚུགས། གངས་དཀར་རྡོ་རྗེ་འཆང་བླ་མ་སྐུ་ཕྲེང་ལྔ་བ་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེངྒེའི་མདུན་ནས་སྐྲ་ཕུད་ཕུལ། ཆོས་མིང་དུ་ཀརྨ་ཆོས་གྲུབ་སེངྒེ་ཞེས་མཚན་གྱི་ཆ་ཕལ་མོ་ཆེ་གནང་། སྔ་ཕྱིར་ལོ་ངོ་བདུན་གྱི་རིང་ཆོ་ག་ཕྱག་ལེན། གདངས་དབྱངས་རོལ་ཚིགས། གར་འཁྲབ་བཅའ་བཟོ་སོགས་མཐར་ཕྱིན། ལོ་བཅུ་བཞི་བར་གངས་དཀར་དགོན་པའི་བཤད་གྲྭ་ཐོག་མར་བཙུགས་པར་དེ་ནས་སློབ་གཉེར་བྱེད་པའི་སྐལ་བ་ཐོབ། དེ་ནས་བཟུང་གངས་དཀར་བླ་མའི་མདུན་ནས་རིག་གནས་ཆེ་ཆུང་ཀུན་ལ་སྦྱངས་པ་མཛད།

རིགས་དབྱེ།  

ཀརྨ་རྒྱལ་མཚན།

ཁོང་ཉིད་བགྲང་བྱ་སུམ་ཅུ་ལྷག་གིས་རིང་སློབ་ཆུང་ནས། སློབ་འབྲིང་། འབྲིང་རིམ་དགེ་འོས་སློབ་གྲྭ། མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭ་བཅས་སུ་དགེ་རྒན་གྱི་ཁུར་བཞེས་ནས་རང་ནུས་ཡོད་རྒུས་མི་རིགས་སློབ་གསོའི་བྱ་བཞག་གོང་དུ་སྤེལ་བར་མཛད་རྗེས་ཆེན་པོ་བཞག་དང་འཇོག་མུས་སུ་མཆིས། དགེ་སློབ་ཀུན་དང་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་ཁོང་གི་བསམ་པའི་ཀུན་སློང་དང་འཇོན་ཐང་ལ་གདེང་འཇོག་ཆེན་པོ་ཐོབ་སྟེ་སྔོན་རྗེས་སུ་སློབ་གྲྭའི་འཇོན་ནུས་ལྡན་པའི་སློབ་ཚན་སྣེ་ཁྲིད་པར་བདམས་པ་དང་། དཀར་མཛེས་ཁུལ་རིམ་པའི་ཆེད་ལས་ལག་རྩལ་རྩེ་དྲའི་ཤེས་ལྡན་མི་སྣ་བཅུའི་གྲས་གཅིག་ཏུ་བདམས།1995ལོ་ནས་བཟུང་བསྟུད་མར་ལོ་ལྔའི་རིང་ཆེད་ལས་ལག་རྩལ་ཕུལ་བྱུང་ཅན་དུ་བདམས་པས། ཁོང་ཉིད་ཀྱི་མཛད་རྗེས་ཀྱང་ཀྲུང་གོའི་ཆེད་ལས་མཁས་ཅན་གྱི་ཚིག་མཛོད་ཅེས་པར་བཀོད་ཡོད།

རིགས་དབྱེ།  

དབྱིས་ཀྲུང་ཐེན།

ཁོང་ནི་སྤྱི་ལོ1947ལོར་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་སྐྱེས། དགུང་གྲངས་དྲུག་པའི་སྟེང་ཨ་ཕ་དང་མཉམ་དུ་ཧུའུ་པའེ་ཝུའུ་ཧན་དུ་གནས་སྤར་ཏེ། དེ་གར་རིམ་བཞིན་སློབ་ཆུང་དང་སློབ་འབྲིང་འགྲིམས། དུས་ཕྱིས་སུ་ཤེས་ཡོན་མི་སྣ་གཞི་རིམ་དུ་བགྲོད་པའི་ལས་འགུལ་ཁྲོད། ཞིན་ཅང་ས་ཆར་ཕྱིན་ཏེ་ལོ་ཤས་འདས།

རིགས་དབྱེ།  

ལིའུ་པིན།

ཁོང་ནི་སྤྱི་ལོ1937ལོར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སློབ་གསོ་ཚན་རིག་འཕྲོད་བསྟེན་ཡན་ལག་གི་ཨུ་ཡོན། ཀྲུང་གོའི་སློབ་གསོ་རྒྱལ་སྤྱི་འབྲེལ་འདྲིས་ཚོགས་པའི་ཚོགས་གཙོ། རྒྱལ་ཁབ་སློབ་གསོ་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་བཅས་ཡིན། སྔ་ཕྱིར་དུ《ཀྲུང་གོའི་དགེ་རྒན་གྱི་ཤེས་བྱ་སྣ་འཛོམས》ཞེས་པ་དང་། 《སློབ་མ་སྐྱེས་སྲིང་བྱེད་ཐབས་ཀུན་འཛོམས》ཞེས་པ་སོགས་བརྩམས་ཆོས་མང་པོ་རྩོམ་སྒྲིག་མཛད་ཅིང་། གཞན་ཁོང་གི་སྙན་རྩོམ་ཁག《སེམས་ཀྱི་ལམ་བུ》ཞེས་པར་བསྡུས་ཡོད།

རིགས་དབྱེ།  

གོ་ཤུལ་གྲགས་པ་འབྱུང་གནས།

ཕ་ཡུལ་མདོ་ཁམས་ཡུལ་ཤུལ་ཁྲི་འདུ་རྫོང་ནས་སྐྱེས་ཤིང་སྤྱི་ལོ1985ལོར་མཚོ་སྔོན་མི་རིགས་སློབ་གླིང་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྡེ་ཁག་ནས་རྩོམ་རིག་ཤེས་རམས་པའི་བསླབ་གནས་བླངས་པ་དང་། སྤྱི་ལོ1988ལོར་ནུབ་བྱང་མི་རིགས་སློབ་གླིང་ནས་རྩོམ་རིག་རབ་འབྱམས་པའི་བསླབ་གནས་ཐོབ་སྟེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་དགེ་རྒན་མཛད་མགོ་བརྩམས་ཤིང་ད་ལྟ་སློབ་གྲྭ་དེ་གའི་བོད་རིག་པ་ཞིབ་འཇུག་གླིང་གི་སློབ་དཔོན་ཆེན་མོ་དང་མི་རིགས་དཔེ་སྐྲུན་ཁང་གི་གདན་ཞུས་རྩོམ་སྒྲིག་པ་སོགས་ཡིན།

རིགས་དབྱེ།  

སྐྱུ་རའི་བསམ་གཏན་རྣམ་རྒྱལ།

བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་ཁྱི་ལོའི་ཉི་མ་བྱང་བགྲོད་ཀྱི་དུས་ཚེས་བཟང་པོར་འཇའ་ཐང་པདྨ་གཡས་འཁྱིལ་གྱི་གོང་བ། ཤར་ཟླ་དཀར་པོའི་ཀླུང་འགྲམ། འབྲོང་རྫོང་ཐུབ་པ་ཞེས་པའི་ས་གནས་སུ། ཕ་སྐྱུ་རའི་འཇིགས་བྱེད་སྐྱབས་དང་མ་གེད་ཆུང་རིག་སྐྱིད་ཟེར་བ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

རིགས་དབྱེ།  

དབྱང་ཅ་མིང་།

རིག་གཞུང་ཞིབ་འཇུག་གི་སྡེ་ན་མིང་དུ་གྲགས་པའི་ཆེད་མཁས་པ་དབྱང་ཅ་མིང་ནི་སྤྱི་ལོ1946ལོའི་ཟླ་8པར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོར་འཁྲུངས་ཤིང་། ཁོང་གིས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་དང་དམངས་སྲོལ་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་གྱི་འགན་བཞེས་མྱོང་། སྤྱི་ལོ2000ལོའི་ཡར་སྔོན་དུ་སི་ཁྲོན་མི་རིགས་སློབ་གླིང་དུ་དགེ་རྒན་དང་སློབ་གྲྭའི་ཏང་ཨུའི་ཨུ་ཡོན། བོད་ཡིག་སྡེ་ཁག་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུའུ་རེན། སློབ་གྲྭའི་རིག་གཞུང་དུས་དེབ་ཀྱི་གཙོ་སྒྲིག་པ་སོགས་ཀྱི་ལས་འགན་གཅིག་ལྕོགས་སུ་བཞེས།

རིགས་དབྱེ།  

ཀྲང་པའོ་ཧྲུན།

ཀྲང་པའོ་ཧྲུན། སྐྱེས་པ། རྒྱ་རིགས། སྤྱི་ལོ1950ལོའི་ཟླ2པར་ཧོ་པེ་ཆིན་ཧོང་ཏའོ་ནས་སྐྱེས་པ་ཡིན། སྤྱི་ལོ1968ལོའི་ཟླ11པར་ལས་ཀར་ཞུགས། སྤྱི་ལོ1971ལོའི་ཟླ4པར་ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ནང་ལ་ཞུགས། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་དཔལ་འབྱོར་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ་ཡོད། ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

རིགས་དབྱེ།  

རྡོ་དགོན་གསང་བདག་རྡོ་རྗེ།

རྡོ་དགོན་གསང་བདག་རྡོ་རྗེ་ནི་སྤྱི་ལོ1945ལོར་སྐྱེས། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། ཞིབ་འཇུག་སློབ་མའི་སློབ་དཔོན། རིག་གཞུང་སློབ་གླིང་གི་བོད་སྐད་ཡིག་རྩོམ་རིག་གི་རྒྱལ་ཁབ་རིམ་པའི་སློབ་གསོའི་རུ་ཁག་གི་སྣེ་ཁྲིད་པ། བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་གདན་ཞུས་ཞིབ་འཇུག་པ། བོད་རང་སྐྱོང་ལྗོངས་སློབ་གསོ་ཞིབ་བཤེར་ཨུ་ཡོན། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།

རིགས་དབྱེ།  

ཡིག་མཁན་འགྱུར་མེད་ཚུལ་ཁྲིམས།

བོད་ཀྱི་ཡིག་མཁན་ཆེ་མོ་འགྱུར་མེད་ཚུལ་ཁྲིམས་ལགས་ནི་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ཞེ་གསུམ་པ་ས་བྱ་སྟེ་སྤྱི་ལོ1969ལོར་གཡོ་རུ་གྲའི་ཆར་གཏོགས་གྲྭ་ཕྱི་སྨོན་སྒྲུབ་ཕུ་ཤར་གནས་གསར་དོང་ལོའི་ཁྱིམ་དུ་འཁྲུངས། ད་ལྟ་བོད་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལས་དོན་མཁས་དབང་ཨུ་ལྷན་གྱི་ཨུ་ཡོན། བོད་རང་སྐྱོང་ལྗོངས་ཏཱ་ལའི་ལོ་མའི་ཕྱག་དཔེ་ཞིབ་འཇུག་ཁང་གི་ཁོངས་མི། བོད་རང་སྐྱོང་ལྗོངས་གནམ་རིག་སྐར་རྩིས་ཞིབ་གྲོས་ཚོགས་པའི་རྒྱུན་ལས་ལས་འཛིན། བོད་རང་སྐྱོང་ལྗོངས་པར་རྒྱག་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་ལས་གནས་ཐོག་ལྷ་ས་ནོར་བུ་གླིང་ག་རུ་ཕྱག་ལས་གནང་མུས་མཆིས་པའོ།།

རིགས་དབྱེ།