གུ་དྲག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གུ་དྲག་ནི1955ལོར་ཅོ་ནེའི་དག་ཡིག་ཁོག་ཏུ་སྐྱེས་ཤིང་ཆོས་དཔལ་ལུང་ཁུག་ཏུ་འཚར་ལོངས་བྱུང་། ལོ་ན་ཆུང་བའི་དུས་ནས་བཟུང་རང་སའི་སློབ་ཆུང་དུ་ཡི་གེ་འབྲི་ཀློག་སྦྱོང་མགོ་ཚུགས་ཏེ། རིམ་བཞིན་རིག་གནས་ཀྱི་གལ་ཆེ་བའི་རང་བཞིན་གསལ་བོར་རྟོགས་ནས། རྒྱ་ཡིག་གི་ཤེས་བྱ་སྦྱོང་དགོས་པའི་ཐོག་བོད་ཡིག་དེ་བས་སྤྱོད་དགོས་པའི་འདུན་པ་སྐྱེས་ནའང་། རིག་གསར་གྱི་དབང་གིས་རང་སྦྱོང་མི་བྱེད་ཐབས་མེད་བྱུང་།
གཞི་རྩའི་གནས་ཚུལ།

སྐྱེས་ལོ།
སྤྱི་ལོ1955ལོ།
སྐྱེས་ཡུལ།
ཀན་ལྷོ་ཁུལ་ཅོ་ནེའི་དག་ཡིག་ཁོག་ཏུ་སྐྱེས།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
བོད་རིགས།
ལས་རིགས།
དགེ་རྒན།
འཐུས་ཚབ་བརྩམས་ཆོས།
《འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ》དང་། 《འོད་སྟོང་འབར་བའི་ལེ་ཚན》སོགས་ཡོད།
1 ངོ་སྤྲོད།

གུ་དྲག་ནི1955ལོར་ཅོ་ནེའི་དག་ཡིག་ཁོག་ཏུ་སྐྱེས་ཤིང་ཆོས་དཔལ་ལུང་ཁུག་ཏུ་འཚར་ལོངས་བྱུང་། ལོ་ན་ཆུང་བའི་དུས་ནས་བཟུང་རང་སའི་སློབ་ཆུང་དུ་ཡི་གེ་འབྲི་ཀློག་སྦྱོང་མགོ་ཚུགས་ཏེ། རིམ་བཞིན་རིག་གནས་ཀྱི་གལ་ཆེ་བའི་རང་བཞིན་གསལ་བོར་རྟོགས་ནས། རྒྱ་ཡིག་གི་ཤེས་བྱ་སྦྱོང་དགོས་པའི་ཐོག་བོད་ཡིག་དེ་བས་སྤྱོད་དགོས་པའི་འདུན་པ་སྐྱེས་ནའང་། རིག་གསར་གྱི་དབང་གིས་རང་སྦྱོང་མི་བྱེད་ཐབས་མེད་བྱུང་།

2 སློབ་གཉེར་གྱི་བརྒྱུད་རིམ།

ལོ་ངོ་དུ་མར་ཧུར་བརྩོན་གྱིས་སྦྱང་བརྩོན་བྱས་པས། 1973ལོར་རྒྱུགས་འབྲས་ཕུལ་དུ་བྱུང་བ་བླངས་ནས་དམངས་སྒྲུབ་དགེ་རྒན་གྱི་གོ་མིང་བླངས་ཏེ་སེམས་ཤུགས་ཡོད་ཚད་སློབ་ཁྲིད་ཀྱི་བྱ་བའི་སྟེང་དུ་བཏོན། 1976ལོར་ཁོང་གིས་ཁྲིད་པའི་སློབ་ཚན་ཁག་ལ་འབྲས་སུ་ལེགས་པོ་བླངས་པ་དང་ཅོ་ནེ་སློབ་འབྲིང་དུ་ལས་བགོ་བྱས། སློབ་འབྲིང་དུ་དཀའ་ཁག་མང་པོ་ཁྱད་དུ་བསད་ནས་བོད་རྒྱ་སྐད་ཡིག་ལྷག་ཏུ་བརྩོན་པ་བསྐྱེད། མི་རིགས་འཛིན་གྲྭ་དང་དམའ་འབྲིང་འཛིན་གྲྭའི་སློབ་ཁྲིད་ལ་སེམས་ཤུགས་མ་ལྷོད་པར་བརྟེན། སློབ་གྲྭ་དེ་གའི་སྦྱངས་འབྲས་ཟིན་ཐོ་གསར་བ་ཞིག་བསྐྲུན་པས། སློབ་གྲྭའི་མགོ་ཁྲིད་ཀྱིས་གདེང་འཇོག་དང་གཟེངས་བསྟོད་མི་དམན་པ་བྱས།

3 བྱ་བའི་བརྒྱུད་རིམ།

1979ལོར་ཁུལ་ཡོངས་ཀྱི་མི་རིགས་སློབ་གསོའི་ལྟ་སྐོར་ཚོགས་པར་ཞུགས་ཏེ་སྔ་གཞུག་ཏུ་མཚོ་སྔོན་དང་སི་ཁྲོན་སོགས་ས་ཁུལ་དུ་བསྐྱོད་དེ་མི་རིགས་སློབ་གསོའི་ཉམས་མྱོང་བསྡུ་ལེན་དང་སྐད་གཉིས་སློབ་ཁྲིད་ཀྱི་མགོ་བརྩམས།

ཁོང་ཉིད་སློབ་གསོའི་ལྟ་སྐོར་ཚོགས་པ་ནས་ཕྱིར་ལོག་པའི་ཉིན་མོ་ནས་བཟུང་། རྫོང་གི་འབྲེལ་ཡོད་མགོ་ཁྲིད་གྱི་བཀོད་སྒྲིག་ལྟར་རྫོང་ཡོངས་ཀྱི་མི་རིགས་སློབ་གསོའི་ཚོགས་འདུའི་སྟེང་། ཁོང་གི་མི་རིགས་སློབ་གསོའི་བསམ་གཞིགས་གསར་པ་དང་གསར་བསྒྱུར་གྱི་ལྟ་ཚུལ་སོགས་བསྙད་པ་དེས། ཚོགས་ཞུགས་མགོ་ཁྲིད་དང་དགེ་རྒན་ཚོའི་གདེང་འཇོག་མི་དམན་པ་ཐོབ། དེ་ནས་གོང་རིམ་རྩ་འཛུགས་ཀྱིས་ཅོ་ནེ་ཉིན་པ་སློབ་གསོ་རྩ་འཛུགས་ཀྱིས་ཅོ་ནེ་ཉིན་པ་སློབ་གྲྭ་ལ་སློབ་གཙོ་ཞིག་མཁོ་བར་དགོངས་ནས་ཁོང་ཉིད་སློབ་གཙོ་རུ་བསྐོ་བཞག་གནང་། ཁོང་གི་ཅོ་ནེ་རྫོང་གི་ལོ་རྒྱུས་སྟེང་དུ་བཅའ་སྡོད་བཅའ་སྡོད་སློབ་གྲྭ་ཐོག་མ་འཛུགས་པའི་སྟ་གོན་བྱས་པ་མ་ཟད། སློབ་ཁྲིད་བྱེད་སྟངས་བསྒྱུར་བཅོས་དང་བོད་ཡིག་གཙོར་བྱེད་པའི་སློབ་ཁྲིད་ཀྱི་བྱེད་སྒོ་དར་སྤེལ་དུ་བཏང་སྟེ་ཕ་འབྲས་སྔར་ལས་བཟང་བ་ཐོན་ཏེ། རྫོང་ཡོངས་ཀྱི་བཅའ་སྡོད་ལམ་ལུགས་ཆ་ཚང་ཅན་གྱི་སློབ་གྲྭ་དང་མི་རིགས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་རྟེན་གཞི་འགངས་ཆེན་ཞིག་དང་མིང་དོན་གྱུར་པར་བརྟེན། སློབ་གྲྭ་འདིར་ཁུལ་དང་རྫོང་ཡོངས་ནས་བསྔགས་བརྗོད་ཐེངས་མང་གནང་བའི་ཐོག ཁུལ་དང་རྫོང་ཡོངས་ཀྱི་སྔོན་ཐོན་སློབ་གྲྭའི་མཚན་མིང་ཡང་གནང་བ་རེད། 1984ལོར་བྱ་བའི་དགོས་མཁོ་ལྟར་གོང་རིམ་རྩ་འཛུགས་ཀྱི་ཁོང་ཉིད་ཅོ་ནེ་རྫོང་རིག་སློབ་ཅུས་ཀྱི་ཅུས་ཀྲང་གཞོན་པར་བསྐོ་བཞག་བྱས། རྫོང་བོད་རིགས་སློབ་འབྲིང་འཛུགས་གྲབས་བྱེད་པའི་སྟ་གོན་བྱ་བའི་འགན་ཁུར། སློབ་འབྲིང་འཛུགས་པར་འཆར་གཞི་འགོད་པ་དང་མ་དངུལ་བསྡུ་བའམ། འབྲེལ་ཡོད་མགོ་ཁྲིད་ལ་ཡར་ཞུ་དང་མཐུན་སྦྱོར་བཅས་བྱས་ཏེ་འབད་བརྩོན་བྱས། 1989ལོར་གོང་རིམ་གྱིས་ཁོང་གི་འཇོན་ཐང་ལ་གཞིགས་ནས་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པར་བསྐོས་ཏེ། སྲིད་དོན་གྱི་གར་སྟེགས་སྟེང་དུ་དེ་བས་ཀྱང་ཤེས་བྱའི་ནུས་པ་ངོམ་དུ་བཅུག

ཁོང་གིས་རྩ་འཛུགས་ཀྱིས་སྤྲད་པའི་བྱ་བ་འདི་ལེགས་པར་བསྒྲུབ་སྟེ། རྫོང་ཡོངས་ཀྱི་མི་རིགས་སློབ་གསོའི་ལས་དོན་སྔར་ལས་མཐོ་རུ་འདེགས་པར་ཡིད་ཆེས་དང་བརྩོན་པ་ལྷོད་མེད་ཀྱིས་ཐབས་ལམ་གསར་བ་འཚོལ་ཕྱིར། ཅོ་ནེ་རྫོང་དུ་བོད་ཀྱི་སྐད་ཡིག་གི་ཟབ་སྦྱོང་འཛིན་གྲྭ་ཐེངས་དང་པོ་བཙུགས་ཏེ་མཁས་དབང་དོར་ཞི་ཚང་སོགས་གདན་དྲངས་དཔེ་ཁྲིད་བྱས་པར་འཛིན་གྲྭ་དེར་ཞུགས་པའི་དགེ་རྒན་རྣམས་ཀྱི་བསྟོད་བསྔགས་བྱས།

ཁོང་གིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པས། 1991ལོར་ཁོང་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པར་བསྐོས། ཁོང་གིས་སྔར་ལས་ལྷག་པའི་བླང་བྱ་ནན་མོ་བཏོན་སྟེ་ཁུལ་ཡོངས་ཀྱི་སློབ་གསོའི་བྱ་བ་མཐའ་དག་ལ་འཆོལ་བར་ལྷོད་གཡེང་མེད་པར་བྱས་པ་དང་། སྒོས་སུ་མི་རིགས་སློབ་གསོའི་ལས་དོན་མཐོ་རུ་འདེགས་པར་རྩེ་གཅིག་ཡིད་ཀྱིས་འབད་བརྩོན་བྱས། གོང་རིམ་རྩ་འཛུགས་ཀྱིས་ཁོང་ཉིད་གཙོས་བོད་རིགས་འབྲིང་འཛུགས་གཉེར་བྱེད་པའི་སྟ་གོན་གྱི་མགོ་ཁྲིད་ཚན་ཆུང་གི་མགོ་གཙོ་ལ་བསྐོས་ནས་བྱ་བའི་འགན་བསྐྱོན་། ཁོང་ཉིད་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་འཆར་གཞི་འགོད་པ་དང་མི་སྣ་འཚོལ་བ། མ་དངུལ་བསྡུ་བ་སོགས་ཧུར་བརྩོན་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་རྟ་མགྲིན་སྐྱབས་ཀྱི་བྱམས་བརྩེའི་ཐུགས་ཁུར་འོག་ཏུ་བློ་མཐུན་གཞན་དང་མཉམ་དུ་ལུས་ཀྱི་ངལ་བ་དང་དཀའ་ཚེགས་ལ་མ་འཛེམས་པར་ཐེངས་པོར་པེ་ཅིང་དང་ཞིང་ཆེན་གཞན་དུ་སོང་ནས་འཛུགས་སྐྲུན་གྱི་མ་དངུལ་བསླངས་པ་དང་། ཕྱོགས་གཞན་ནས་སྤྱི་ཚོགས་ཡོངས་ལ་ཞལ་འདེབས་བསླང་སོགས་དཀའ་ངལ་མང་པོ་མྱངས་མཐར་སློབ་གྲྭའི་འཛུགས་སྐྲུན་གྱི་ལས་གཞི་ལེགས་གྲུབ་བྱུང་སྟེ་རྨང་ལེགས་པོ་བཏིང་།

ཡིན་ནའང་སློབ་འབྲིང་འདིའི་ཕྱིའི་བཀོད་པ་དང་ནང་གི་སྒྲིག་བཀོད་ཀྱི་ཆ་ལ་བོད་རང་གི་ས་གནས་ཁྱད་ཆོས་འབུར་དུ་འཐོན་པར་ད་དུང་མ་དངུལ་འབོར་ཆེན་ཞིག་མཁོ་བས་ཁོང་ཉིད་ཆེད་དུ་ཨུ་ཡོན་ཀྲང་གཞོན་པ་ང་ཕོད་ལགས་ཀྱི་མདུན་སར་བཅར་ནས་གནས་ཚུལ་ཡར་ཞུ་དང་། གཞན་ཡང་རྒྱལ་ཁབ་སློབ་ཨུའམ་རྒྱལ་ཁབ་འཆར་གཞི་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་བཅས་སུ་འཛུགས་སྐྲུན་གྱི་མ་དངུལ་བསླངས་ཏེ་སློབ་སྒྲུབ་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གྱུར་པར་བརྟེན། 1993ལོའི་ཟླ9པར་སློབ་འབྲིང་འདིའི་སློབ་ཁྲིད་ཀྱི་ཐོག་ཁང་དང་། སློབ་མའི་མལ་སའི་ཐོག་ཁང་། དགེ་རྒན་གྱི་སྡོད་ཁང་དང་སློབ་མའི་ཟ་ཁང་བཅས་སྔ་གཞུག་ཏུ་ལེགས་གྲུབ་བྱུང་ནས་སློབ་གཉེར་བ་ཐེངས་དང་པོ་བསྡུས་ནས་དགའ་སྟོན་གྱི་མཛད་སྒོ་འཚོགས།

ཁོང་གིས་མཁས་དབང་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་ཁུལ་བོད་རིགས་སློབ་འབྲིང་དང་ཅོ་ནེ་རྫོང་གི་ཉིན་པ་སློབ་གྲྭའི་མཚན་འཛིན་སློབ་གཙོར་གདན་འདྲེན་ཞུས། ཁོང་གིས་སྔ་གཞུག་ཏུ་སློབ་གསོ་ཅུས་དང་ཁུལ་མི་དམངས་འཐུས་ཚོགས་ཀྱི་བྱ་བའི་འགན་ཁུར་ཅིང་། 《ཀན་ལྷོ་ཁུལ་བོད་རིགས་སློབ་ཆུང་འབྲིང་གི་བྱ་བའི་སྲོལ་ཡིག》དང་། 《ཀན་ལྷོ་ཁུལ་གྱི་བོད་རིགས་སློབ་གྲྭ་ཆུང་འབྲིང་གི་ལོ་བཅུ་གཉིས་ལམ་ལུགས་ཀྱི་འཆར་གཞི》 《ཀན་ལྷོ་ཁུལ་རང་སྐྱོང་སྲོལ་ཡིག》 《ཀན་ལྷོ་ཁུལ་བོད་ཀྱི་སྐད་ཡིག་གི་སྲོལ་ཡིག》སོགས་ས་གནས་ཀྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་ཚད་ལྡན་ཡིག་ཆ་དག་བཅོས་དང་རྩོམ་སྒྲིག་བྱ་བར་ཧུར་ཐག་གི་ཞུགས།

4 བརྩམས་ཆོས།

དེ་ལས་གཞན་ཆེད་རྩོམ་བཅུ་ལྷག《འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ》དང་། 《འོད་སྟོང་འབར་བའི་ལེ་ཚན》 《ལོ་རྒྱུས་ཀྱིས་མ་འོངས་པ་བརྗོད་པ》 《དེང་རབས་ཆེད་མཁས་པའི་དཔྱད་རྩོམ་གཅེས་བསྡུས》 《ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་རིག་མཛོད》 《ཀྲུང་གོའི་བཅོས་བསྒྱུར་གྱི་མདུན་སའི་རིག་གཞུང་ཚད་ལྡན་ཡིག་ཆ》སོགས་བཀོད་པ་མ་ཟད། ད་དུང་ཆེད་རྩོམ་བཅུ་ལྷག་ལ་རྒྱལ་ཡོངས་དང་ཞིང་ཆེན་གྱི་རིམ་པ་མི་འདྲ་བའི་བྱ་དགའ་ལན་མང་ཐོབ། དུས་མཚུངས་སུ་ཁོང་གི་རྣམ་དཔྱོད་རྩལ་ལས་ཐོན་པའི《གུ་དྲག་གི་རྩོམ་རིག་གཅེས་བསྡུས》དང《གུ་དྲག་གི་བརྩམས་ཆོས་ཕྱོགས་བསྒྲིགས》པར་དུ་བསྐྲུན་ཏེ་ཀུན་ལ་སྐྱེས་སུ་ཕུལ།

དེ་བས་ཁོང་གིས་མཛད་རྗེས་དག《ཀྲུང་གོའི་སློབ་གསོའི་ཆེད་ལས་མཁས་པའི་མིང་མཛོད》དང་། 《ཀྲུང་གོའི་ཤེས་ལྡན་མི་སྣའི་མིང་མཛོད》 《ཀྲུང་གོའི་ཆེད་མཁས་པའི་མིང་མཛོད》 《ཀྲུང་ཧྭའི་མི་སྣ་གྲགས་ཅན་གྱི་མིང་མཛོད》 སོགས་ཚིག་མཛོད་ཆེ་གྲས་བཅུ་ལྷག་ཏུ་བཀོད་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-31

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།