འབའ་བ་ཕུན་ཚོགས་དབང་རྒྱལ།

ཁོང་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་རྒྱུད་ཁམས་འབའ་ཐང་རྫོང་དུ་སྐྱེས། ཁོང་གི་བརྩམས་ཆོས་གྲགས་ཅན་ལ《ཟླ་བའི་སྟེང་གཤེར་གཟུགས་ཡོད》དང་།《རྩོད་སྒྲུབ་རིག་པའི་གསར་དཔྱད》《རང་བྱུང་རྩོད་སྒྲུབ་རིག་པ་གསར་བཤད》སོགས་ཡོད།

རིགས་དབྱེ།  

མར་ཁེ་སི།

ཁཱ་ཨེར•ཧའེ་ཡིན་ལི་ཞི•མར་ཁེ་སི་ནི་མར་ཁེ་སིའི་རིང་ལུགས་ཀྱི་སྲོལ་འབྱེད་པ་དང་། རྒྱལ་སྤྱི་དང་པོའི་རྩ་འཛུགས་པ་དང་དབུ་ཁྲིད་པ། འཛམ་གླིང་ཡོངས་ཀྱི་འབྱོར་མེད་གྲལ་རིམ་དང་ངལ་རྩོལ་མི་དམངས་ཀྱི་རླབས་ཆེ་བའི་སློབ་དཔོན། རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ཀྱི་དེད་དཔོན། རླབས་ཆེ་བའི་བསམ་བློ་བ་དང་ཆབ་སྲིད་པ། མཚན་ཉིད་པ། དཔལ་འབྱོར་རིག་པ་བ། གསར་བརྗེ་བ། སྤྱི་ཚོགས་རིག་པ་བ་བཅས་ཡིན།

རིགས་དབྱེ།  

པོ་ལཱ་ཐུའུ།

པོ་ལཱ་ཐུའུ་ནི་གནའ་བོའི་ཀེ་རི་སེའི་མཚན་ཉིད་རིག་པ་བ་གྲགས་ཅན་ཞིག་ཡིན་ལ་ཡ་ལི་ཧྲི་ཏུའོ་ཏི་ཡི་དགེ་རྒན་ཡིན་ལ། ཁོང་གི་རིག་རྩལ་གཞུང་ལུགས་ཀྱི་བསམ་བློ་དང་མཛེས་དཔྱོད་ལྟ་ཚུལ་གྱིས་ཡོ་རོབ་གླིང་གི་རིག་རྩལ་ཁམས་ལ་ཤན་ཤུགས་གཏིང་ཟབ་མོ་ཐེབས།

རིགས་དབྱེ།  

ཕེ་ཀེན།

ཧྥུའུ་ལང་ཞི་སི•ཕེ་ཀེན་ནི་དབྱིན་ཇིའི་རིག་རྩལ་བསྐྱར་དར་སྐབས་ཀྱི་ལྷུག་རྩོམ་མཁན་པོ་དང་མཚན་ཉིད་རིག་པ་བ་གྲགས་ཅན་ཞིག་ཡིན་ལ། དབྱིན་ཇིའི་དངོས་གཙོ་རིང་ལུགས་ཀྱི་མཚན་ཉིད་རིག་པ་བ་དང་དངོས་བཤེར་ཚན་རིག་གི་སྲོལ་འབྱེད་མཁན། ཉེ་རབས་ཕྱོགས་བསྡུས་རིག་པའི་སྲོལ་འབྱེད་མཁན་བཅས་ཡིན། མར་ཁེ་སིས་ཁོང་ནི་དབྱིན་ཇིའི་དངོས་གཙོ་རིང་ལུགས་དང་དེང་རབས་དངོས་བཤེར་ཚན་རིག་གི་མེས་པོ་ངོ་མ་ཡིན་ཞེས་བསྔགས་བརྗོད་གནང་ཞིང་། ཐོག་དང་པོར་ཤེས་ཡོན་ནི་སྟོབས་ཤུགས་ཡིན་ཞེས་གསུང་མཁན་ཡིན།

རིགས་དབྱེ།  

ཡཱ་ལི་ཧྲི་ཏུའོ་ཏུ།

ཡ་ལི་ཧྲི་ཏུའོ་ཏེ(སྤྱི་ལོ་སྔོན་གྱི384-སྤྱི་ལོ་སྔོན་གྱི322)ནི་གནའ་དུས་ཆེས་རླབས་ཆེ་བའི་མཚན་ཉིད་རིག་པ་བ་དང་ཚན་རིག་པ། ནུབ་གླིང་དངོས་ཡོད་རིང་ལུགས་ཀྱི་མཛེས་དཔྱོད་གཞུང་ལུགས་གསར་གཏོད་པ། གནའ་བོའི་ཀེ་རི་སེ་རྒྱལ་ཁབ་ཀྱི་རིག་གཞུང་སོ་སོའི་ཆེད་མཁས་པའང་ཡིན།

རིགས་དབྱེ།  

ཧྥུའུ་ཨེར་ཐའེ།

ཧྥུའུ་ཨེར་ཐའེ་ནི་ཧྥ་རན་སེའི་བློ་སྒོ་འབྱེད་པའི་བསམ་བློ་པ་དང་རྩོམ་རིག་པ། མཚན་ཉིད་རིག་པ་བ། དུས་རབས་བཅོ་བརྒྱད་པར་ཧྥ་རན་སེའི་འབྱོར་ལྡན་གྲལ་རིམ་གྱི་བློ་སྒོ་འབྱེད་པའི་ལས་འགུལ་གྱི་གཙོ་འཛིན་བཅས་ཡིན།

རིགས་དབྱེ།  

ལུའུ་སུའོ།

ལུའུ་སུའོ་ནི་དུས་རབས་བཅོ་བརྒྱད་པའི་ཧྥ་རན་སེའི་མིང་དུ་གྲགས་པའི་བསམ་བློ་པ་དང་མཚན་ཉིད་རིག་པ་བ། སློབ་གསོ་པ། རྩོམ་རིག་པ་དང་རྨོངས་སེལ་ལས་འགུལ་ཁྲོད་ཀྱི་ཆེས་ཁྱད་དུ་འཕགས་པའི་འཐུས་ཚབ་མི་སྣ་བཅས་ཡིན།

རིགས་དབྱེ།  

ཕྱྭ་བ་ཆོས་ཀྱི་སེང་གེ

སློབ་དཔོན་ཕྱྭ་བ་ཆོས་ཀྱི་སེང་གེ་ནི་གསང་ཕུ་ནེའུ་མཁན་པོ་མཛད་མཁན་གྱི་གྲས་སུ་ཆེས་ཕུལ་དུ་བྱུང་བའི་ཕྱག་རྗེས་བླ་མེད་གནང་བ་ཞིག་ཡིན་ལ། གདན་སའི་སློབ་གཉེར་ལམ་ལུགས་གསར་གཏོད་མཛད་མཁན་གྱི་སློབ་གསོའི་མི་སྣ་གྲགས་ཅན་ཞིག་ཀྱང་ཡིན། ལྷག་པར་དུ་ཁོས་བོད་ཀྱི་གདན་སའི་སློབ་གཉེར་ལམ་ལུགས་གསར་གཏོད་གནང་བ་ནས་བོད་ཀྱི་ཆོས་དང་རིགས་གནས་གང་ལའང་ཡར་ཟླའི་དཔལ་བཞིན་ད་ལྟའི་བར་དུ་མ་ཉམས་པར་གནས་པ་དེ་ཡིན་ནོ། །

རིགས་དབྱེ།  

ཕྱོགས་གླང་།

སློབ་དཔོན་ཕྱོགས་ཀྱི་གླང་པོ་ཞེས་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་དེ་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སིངྒ་བཀྟ་ཅེས་བྱ་བར་བྲམ་ཟེའི་རིགས་སུ་འཁྲུངས། སྐུ་འཁྲུངས་ནས་རིང་པོར་མ་ལོན་པར་བྲམ་ཟེའི་རིག་བྱེད་ཐམས་ཅད་དང་། གཞན་ཡང་རིག་གནས་ཐམས་ཅད་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། དེ་ལྟར་འཕགས་ཡུལ་གྱི་ཕྱོགས་ཐམས་ཅད་དུ་སངས་རྒྱས་ཀྱི་བསྟན་པས་ཁྱབ་པར་མཛད་ནས་མཐར་ཨོ་ཌི་བི་ཤའི་ནགས་ཚལ་དབེན་པའི་སྒྲུབ་ཕུག་དེ་ཉིད་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཞིང་གཞན་དུ་གཤེགས་སོ། །

རིགས་དབྱེ།  

སུའུ་ཀོ་ར་ཏི།

ནུབ་ཕྱོགས་མཚན་ཉིད་རིག་པའི་རྨང་འདིང་མཁན་སུའུ་ཀོ་ར་ཏི།

རིགས་དབྱེ།  

ཨཱ་ན་ཁེ་མན་རྡུ།

ཨ་ན་ཁེ་མན་རྡུ་ལགས་ནི་མེ་ལི་ཏུའུ་གྲུབ་མཐའི་མཚན་ཉིད་རིག་པ་བ་གཉིས་པ་ཡིན་ལ། ཁོང་ནི་རྡད་ལེ་སིའི་སློབ་མ་ཡིན། མཚན་ཉིད་རིག་པའི་ལྟ་གྲུབ་ཀྱི་ཕྱོགས་ནས་རྡད་ལེ་སི་དང་བསྡུར་ན་ལྟ་གྲུབ་གསར་བ་འདོན་མཁན་ཞིག་ཡིན། ཁོང་ནི་སྤྱི་ལོའི་སྔོན་གྱི་ལོ(570)སྐབས་ཀྱི་མི་ཡིན་པར་འདོད། དབྱིན་ཇུའི་མཁས་པ་རུ་སི་ལགས་ཀྱིས་སྤྱི་ལོའི་སྔོན་གྱི་ལོ546ལོར་ཁོང་ནི་དགུང་ལོ56ཡིན་པར་བཞེད། དེ་བས་ཕལ་ཆེར་ཁོང་ནི་སྤྱི་ལོའི་སྔོན་གྱི་ལོ611ནས་སྤྱི་ལོ546བར་གྱི་མི་ཞིག་ཡིན་ལ། ཁོང་གི་ཡབ་ཆེན་གྱི་མིང་ལ་ཕ་ཞིས་ཡ་རྡི་སི (帕西亚德斯Praxiades)ཟེར་ལ། འཁྲུངས་ཡུལ་ནི་མེ་ལི་ཏུའུ་ཡིན། ད་དུང་ཁོང་མེ་ལི་ཏུའུ་ཡི་མི་སེར་སྤེལ་ཡུལ་གྱི་དབུ་འཛིན་པར་བཞུགས་མྱོང་མཁན་ཞིག་ཀྱང་ཡིན།

རིགས་དབྱེ།  

ནམ་མཁའི་ནོར་བུ།

​ བོད་རིག་པའི་ཆེད་མཁས་པ་ནམ་མཁའི་ནོར་བུ་ལགས་སྤྱི་ལོ1938ལོར་ཁམས་སྡེ་དགེ་རུ་སྐྱེས། དམ་པ་ཁོང་གིས་བོད་ཀྱི་རིག་གནས་འདི་འཛམ་གླིང་ཡོངས་ཁྱབ་རང་བཞིན་ཅན་དུ་གོམ་པ་སྤོ་བའི་ཕྱོགས་ལ་དམིགས་བསལ་གྱི་ནུས་པ་ཐོན་ཡོད་པ་རེད། དཔེར་ན། ཁོང་གི་སློབ་མའི་ཁྱབ་ཁོངས་ལ་ཨ་མེ་རི་ཁ་དང་། ཧྥ་རན་སི་སོགས་རྒྱལ་ཁབ40ལྷག་བརྒལ་ཡོད་པ་དང་། སློབ་མའི་གྲངས་ཚད་ཀྱང་འབུམ་ཕྲག་གཅིག་ལྷག་ཏུ་སོང་འདུག གཞན་ད་དུང་ཁོང་གི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལ་སོགས་པའི་བརྩམས་ཆོས་དག་འཇར་མན་དང་། ཨུ་རུ་སུ་སོགས་ཀྱི་མཚོན་འཛམ་གླིང་གི་ཡིག་རིགས་མི་འདྲ་བ་བཅུ་ལྷག་ལ་བསྒྱུར་འདུག ད་དུང་ཨ་ཤེ་ཡའི་རྒྱལ་སྤྱིའི་མཐུན་སྒྲིལ་ཚོགས་པ་གསར་དུ་བཙུགས་པ་སོགས་བོད་རིག་པར་ཕྱག་ལས་མང་དུ་གནང་ཡོད།

རིགས་དབྱེ།  

ཧྥི་རན་ཟིའོ་སི་ཁེས་ནེ།

ཁོང་ནི་སྤྱི་ལོ1694ལོར་ཧྥ་རན་སིའི་ཞིང་བདག་དང་ཁྲིམས་རྩོད་པ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། ཆུང་དུས་སུ་སྨན་དཔྱད་ལ་སྦྱངས། ད་དུང་རྫས་འགྱུར་དང་། སྐྱེ་དངོས། གྲངས་རྩིས། མཚན་ཉིད་རིག་པ་སོགས་ལ་ཞིབ་འཇུག་བྱས་ཏེ་མཐར་སྨན་རིག་པའི་རབ་འབྱམས་པའི་གོ་གནས་བླངས།

རིགས་དབྱེ།  

ཨཱ་དམ་ཟི་རྨི།

ཁོང་ནི་སོ་གཱི་ལན་གྱི་ཕ་ཧྥིར་ཞིང་ཆེན་ཁོར་ཁཱ་ཏི་ཞེས་གྲོང་བརྡལ་དུ་སྐྱེས་ཤིང་། ཕ་ནི་འགག་སྒོའི་ལས་བྱེད་ཅིག་ཡིན། ཨཱ་དམ་ཟི་རྨི་ནི་ཆུང་དུས་ནས་རྣམ་དཔྱོད་བཀྲ་ཞིང་། དགུང་ལོ14སྟེང་ཁི་ལ་སི་རྒི་སློབ་གྲྭ་ཆེན་མོར་ཞུགས་ནས་མཚན་ཉིད་རིག་པ་དང་། རྩིས་རིག རྩོམ་རིག ཆབ་སྲིད་དཔལ་འབྱོར་རིག་པ་སོགས་ལ་སློབ་གཉེར་བྱས། སྤྱི་ལོ1740ལོར་སྦྱངས་འབྲས་ཕུལ་དུ་བྱུང་བས་སློབ་ཡོན་བྱ་དགའ་ཐོབ་སྟེ་ཨོ་ཁི་ཟི་སློབ་ཆེན་འགྲིམས་པའི་གོ་སྐབས་ཐོབ། སྤྱི་ལོ1756ལོར་དངོས་གཞིའི་སློབ་གནས་བླངས།

རིགས་དབྱེ།  

རྡ་བེ་རྡི་རི་ཁཱ་དོ།

ཁོང་ནི་སྤྱི་ལོ1823ལོར་དབྱིན་ཇིའི་ཡ་ཧི་དཱ་པའི་སྐུ་དྲག་ཞིག་གི་ཁྱིམ་དུ་སྐུ་འཁྲུངས་ཤིང་། ཕ་ནི་མ་རྐང་འཚོང་མཁན་ཕྱུག་པོ་ཞིག་ཡིན། རྡ་བེ་རྡི་རི་ཁཱ་དོས་སློབ་གསོ་མང་པོ་མྱངས་མེད། ཁོང་ལོ་བཅུ་བཞིའི་སྟེང་ཕའི་ཉོ་འཚོང་ཀུང་ཟིའི་བར་འཚོང་གི་ལས་ཀ་གཉེར་འགོ་བརྩམས། དངུལ་རྩའི་ཉོ་འཚོང་གི་བྱ་བར་བྱང་ཆུབ། ལོ་ཉེར་གཅིག་སྟེང་ཆོས་ལུགས་གྲུབ་མཐའ་མི་འདྲ་བའི་བུ་མོ་ཞིག་དང་གཉེན་བསྒྲིགས་པས་ཕས་འབྲེལ་བ་བཅད་པར་མ་ཟད་རྒྱུ་ནོར་རྒྱུད་འཛིན་མཁན་གྱི་དབང་ཆ་ཡང་འཕྲོག འོན་ཀྱང་རྡ་བེ་རྡི་རི་ཁཱ་དོ་བར་འཚོང་གི་བྱ་བར་བྱང་ཆུབ་ཅིང་གཏོང་འཇོག་ལ་མཁས་པས་རང་གིས་བར་འཚོང་བྱས་མཐར་སྐབས་དེར་དབྱིན་ཇིའི་དངུལ་རྩའི་ཚོང་བ་གྲགས་ཅན་ཞིག་ཏུ་གྱུར།

རིགས་དབྱེ།  

ཟི་སིས་མིན་རྡེ།

ཁོང་ནི་སྤྱི་ལོ1773ལོར་སི་ཝེ་ཚིས་ལན་རྡིའི་ཆོས་པ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། ཧྥ་རན་སིའི་རྒྱལ་ས་པ་ལི་ནས་སློབ་གྲྭར་འགྲིམས། བར་སྐབས་ཤིག་ལ་ཕའི་ཚོང་བརྡིབས་པས་སློབ་གྲྭ་ནས་ཕྱིར་ཐོན་ཏེ་ཞིང་ལས་དང་ཚོང་ལས་སོགས་གཉེར་བྱས་ནས་མཐར་དཔལ་འབྱོར་རིག་པ་བ་གྲགས་ཅན་ཞིག་ཏུ་གྱུར།

རིགས་དབྱེ།  

ཧྥུའུ་ཁུ།

སྨི་ཞེ་ཨེར·ཧྥུའུ་ཁུ། ཧྥ་རན་སིའི་མཚན་ཉིད་རིག་པ་བ་དང་སྤྱི་ཚོགས་བསམ་བློ་བ། བསམ་བློའི་མ་ལག་ཅན་གྱི་ལོ་རྒྱུས་རིག་པ་བ་བཅས་ཡིན། ཧྥ་ལན་ཞི་སློབ་གླིང་གི་བསམ་བློའི་མ་ལག་ལོ་རྒྱུས་ཀྱི་དགེ་རྒན་ཆེན་མོ། ཕ་རི་སིའི་མཐོ་རིམ་དགེ་འོས་སློབ་གླིང་དང་སུའོ་པང་སློབ་ཆེན་ནས་ཐོན་པ་རེད། ཁོང་གིས་རྩོམ་རིག་དཔྱད་བརྗོད་དང་རིགས་པའི་གཞུང་ལུགས། མཚན་ཉིད་རིག་པ། (ལྷག་པར་དུ་ཧྥ་རན་སེའི་སྐད་སྤྱོད་ཀྱིན་པའི་རྒྱལ་ཁབ་ཁྲོད) དཔྱད་བརྗོད་གཞུང་ལུགས་དང་། ལོ་རྒྱུས་རིག་པ། ཚན་རིག་ལོ་རྒྱུས (ལྷག་པར་དུ་གསོ་རིག་ལོ་རྒྱུས) སློབ་གསོ་རིག་པ་དང་ཤེས་བྱ་སྤྱི་ཚོགས་རིག་པར་དཔྱད་བརྗོད་བཅས་ཀྱི་ཐད་ཤུགས་རྐྱེན་ཆེ། <<སྨྱོ་འབོག་དང་ཤེས་རིག>> <<འདོད་ཡོན་གྱི་ལོ་རྒྱུས>> <<སྒྲིག་སྲོལ་སྦྱོང་བརྡར་དང་ཉེས་ཆད>> <<ནད་ཐོག་གསོ་རིག་གི་བྱུང་བ>> <<ཤེས་བྱ་གནའ་རྫས་རྟོག་ཞིབ་རིག་པ>> <<ཐ་སྙད་དང་དངོས་པོ>> སོགས་བརྩམས་ཡོད། སྤྱི་ལོ1984ལོའི་ཟླ6པའི་ཚེས25ཉིན། ཨེ་ཙི་འགོས་ནད་ཀྱི་རྐྱེན་ལས་ཕ་རི་སའི་ས་ལེ་པེ་ཏེར་སྨན་ཁང་དུ་ནད་ཀྱིས་མནར་ནས་འདས་གྲོངས་སུ་ཕྱིན་པ་དང་། དགུང་ལོ58ལ་བཞུགས།

རིགས་དབྱེ།  

ཉི་ཚའེ།

ཁོང་ནི་འཇར་མན་གྱི་མཚན་ཉིད་རིག་པ་བ་དང་། སྐད་ཡིག་རྩོམ་རིག་སྨྲ་བ། རིག་གནས་དཔྱད་བརྗོད་པ་དང་སྙན་ངག་པ། གཞས་གདངས་རྩོམ་མཁན། བསམ་བློ་བ་བཅས་ཡིན། བརྩམས་ཆོས་གཙོ་བོར《ཀུན་གཞིའི་དབང་ཐང》དང་། 《སྐྱོ་གར་གྱི་བྱུང་བ》《དུས་བབ་དང་མི་མཐུན་པའི་བསམ་བློ》《ཁྲ་ལཱ་ཐུའུ་སི་ཐུ་ལཱ་ཡིས་འདི་ལྟར་སྨྲ》《ཀེ་རི་སེའི་སྐྱོ་གར་དུས་རབས་ཀྱི་མཚན་ཉིད་རིག་པ》《ཀུན་སྤྱོད་ཀྱི་གདུང་རབས་གླེང་བ》སོགས་ཡོད།

རིགས་དབྱེ།  

ཁུང་ཏུ།

ཁོང་ནི་ཧྥ་རན་སིའི་མིང་དུ་གྲགས་པའི་མཚན་ཉིད་རིག་པ་བ་དང་། སྤྱི་ཚོགས་རིག་པ་བ་དང་རྣམ་བདེན་རིང་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་མཁན་བཅས་ཡིན། སྤྱི་ཚོགས་རིག་པའི་རིག་ཚན་འདི་གསར་དུ་བཏོད་པས། ཁོང་ལ“སྤྱི་ཚོགས་རིག་པའི་སྲོལ་འབྱེད་མཁན”ཞེས་འབོད། ཁོང་གིས་སྲོལ་བཏོད་པའི་རྣམ་བདེན་རིང་ལུགས་ཀྱི་གཞུང་ལུགས་ནི་ནུབ་ཕྱོགས་མཚན་ཉིད་རིག་པས་ཉེ་རབས་ནས་དེང་རབས་སུ་གོམ་ཁ་བསྒྱུར་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

ཁང་ཏུ།

འཇར་མན་གྱི་ཁུ་ཉི་སི་པའོ་རུ་འཁྲུངས་ཤིང་སྐུ་གཤེགས། ལ་ཐེ་ཝེ་ཡའི་རྒྱུད་པའི་འཇར་མན་གྱི་མཚན་ཉིད་རིག་པ་བ་དང་རྩོམ་པ་པོ། འཇར་མན་གྱི་གནའ་གཞུང་མཚན་ཉིད་རིག་པའི་སྲོལ་གཏོད་པ་བཅས་ཡིན་ལ། ཉེ་རབས་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པར་ཤུགས་རྐྱེན་ཟབ་མོ་ཐེབས་པ་མ་ཟད། འཇར་མན་གྱི་གནའ་གཞུང་མཚན་ཉིད་རིག་པ་དང་ཁང་ཏུ་རིང་ལུགས་སོགས་གྲུབ་མཐའ་མང་པོ་ཞིག་གི་ཤིང་རྟའི་སྲོལ་ཕྱེས། ཁང་ཏུ་ནི་བློ་འབྱེད་ལས་འགུལ་དུས་སྐབས་ཀྱི་མཚན་ཉིད་རིག་པ་བ་གཙོ་བོ་དང་། འཇར་མན་གྱི་བསམ་བློའི་སྡེ་ཡི་ཚབ་བྱེད་མི་སྣ་ཡིན། ཁོང་གིས་ལུ་ནེ·ཏི་ཁཱ་ཨེར་གྱི་ལུགས་མཐུན་རིང་ལུགས་དང་ཧྥུ་ལང་ཞི་སི·ཕེ་ཀེན་གྱི་ཉམས་མྱོང་རིང་ལུགས་འདུམ་འགྲིག་བྱས་པ་དེ་ནི་སུའུ་ཀུ་ལཱ་ཏི་དང་། པོ་ལཱ་ཐུའུ། ཡཱ་ལི་ཧྲི་ཏུའོ་ཏུ་བཅས་ཀྱི་རྗེས་སུ་ནུབ་ཕྱོགས་ཀྱི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་བསམ་བློ་བའི་གྲས་ཤིག་ཏུ་ངོས་འཛིན་བྱེད།

རིགས་དབྱེ།  

པུན་ཡཱ་མིང་།

ཁོང་ནི་དུས་རབས་ཉི་ཤུ་པའི་འཇར་མན་གྱི་མཚན་ཉིད་རིག་པ་བ་གྲགས་ཅན་ཞིག་ཡིན་ལ། མི་ལོ27སྟེང་འབུམ་རམས་པའི་བསླབ་གནས་ཐོབ། བརྩམས་ཆོས་གཙོ་བོར《དར་རྒྱས་ཆེ་བའི་མ་རྩ་རིང་ལུགས་དུས་རབས་ཀྱི་དུངས་བརྗོད་སྙན་ངག་པ》དང《ཕྱོགས་རྐྱང་ཁྲོམ་ལམ》སོགས་ཡོད། མི་ལ་ལས“ཡོ་རོབ་གླིང་གི་རིག་གནས་པ་མཐའ་མ”ཞེས་འབོད་ཀྱིན་ཡོད། པུན་ཡཱ་མིང་གི་མི་ཚེ་ནི་ཡུལ་གྱར་བའི་ཟློས་གར་ཞིག་ཡིན་ཞིང་། ཁོང་གི་ཁ་ཧྥུ་ཁ་ལྟ་བུའི་ཞིབ་ཚགས་དང་། ཚོར་སྐྱེན་ཆེ་བ། ཉམས་ཞན་བཅས་ཀྱིས་ཁོང་ལྷིང་འཇགས་ཀྱི་མཚན་མོ་ཞིག་ཏུ་ཡིབ་ནས་སྡོད་དབང་མེད་པར། ཁོང་ཡོ་རོབ་གླིང་ཡོངས་སུ་འཁྱམས་ཉུལ་བྱེད་དགོས་བྱུང་བ་རེད།

རིགས་དབྱེ།  

ཨ་ཏུའོ་ནུའོ།

ཁོང་ནི་འཇར་མན་གྱི་མཚན་ཉིད་རིག་པ་བ་དང་། སྤྱི་ཚོགས་རིག་པ་བ། རོལ་མོའི་གཞུང་ལུགས་སྨྲ་བ་བཅས་ཡིན་ལ། ཧྥ་ལན་ཁུ་ཧྥུའུ་གྲུབ་མཐའི་མི་རབས་དང་པོའི་ཚབ་བྱེད་མི་སྣ་གཙོ་བོ། སྤྱི་ཚོགས་མཐའ་དཔྱོད་གཞུང་ལུགས་ཀྱི་གཞུང་ལུགས་རྨང་འདིང་མཁན་ཡིན། འཇར་མན་གྱི་ཧྥ་ལན་ཁུ་ཧྥུའུ་རུ་སྐྱེས་ཤིང་། ཚེ་མཇུག་ཏུ་རུའེ་ཧྲི་ཝེ་སི་ཕུའུ་རུ་སྤྲོ་གསེང་གཏོང་སྐབས་སྙིང་ནད་ལ་རྐྱེན་བྱས་ཏེ་ཚེ་ལས་འདས།

རིགས་དབྱེ།  

ཁཱ་ཞི་ཨེར།

ཁོང་ནི་འཇར་མན་གྱི་མཚན་ཉིད་རིག་པ་བ་དང་རིག་གནས་མཚན་ཉིད་རིག་པའི་སྲོལ་འབྱེད་པ་ཡིན། གཞོན་དུས་ཁང་ཏུ་རིང་ལུགས་གསར་མའི་མ་པའོ་གྲུབ་མཐའ་ཡི་དབུ་འདྲེན་མཁན་ཁུ་ཧེང་དགེ་རྒན་དུ་བསྟེན། ཁུ་ཧེང་དང་ནཱ་ཐུའོ་ཕུའུ་རྗེས་སུ་བྱུང་བའི་ཁང་ཏུ་རིང་ལུགས་གསར་མའི་མ་པའོ་གྲུབ་མཐའ་ཡི་ཚབ་བྱེད་མི་སྣ་གཙོ་བོར་ངོས་འཛིན་པ་དང་། “མ་པའོ་གྲུབ་མཐའི་ཀུན་མཁྱེན”ཡིན། “འོན་ཀྱང་དོན་དངོས་སུ་ཁོང་དང་ཁུ་ཧེང་སོགས་ལ་སྔ་ས་ནས་མི་མཐུན་པའི་ཆ་ཡོད་དེ། གཏན་ཚིགས་ཉམས་མྱོང་སྨྲ་བའི་འཐུས་ཚབ་མི་སྣ་གྲགས་ཅན་ཁཱ་ཨེར་ནཱ་ཕུའུ་ཡིས་ཁོང་གི་མཚན་ཉིད་རིག་པའི་ལྟ་བ་ནི“ཁུངས་བཙུན་པའི་ཁང་ཏུ་རིང་ལུགས་གསར་མ་མིན་པར། ཉེ་རབས་སུ་བྱུང་བའི་ཚན་རིག་བསམ་བློས་ཤུགས་རྐྱེན་ཐེབས་ཡོད”པར་སྨྲ།

རིགས་དབྱེ།  

སྤྱི་ཚོགས་རིག་གནས་གྲུབ་ཚུལ་ཐག་གཅོད་སྨྲ་བ།

དེ་ནི་གཙོ་བོ་སྤྱི་ཚོགས་འདུ་ཤེས་འཛིན་སྟངས་ཀྱིས་གྲུབ་པ་དང་། སྤྱི་ཚོགས་འདུ་ཤེས་འཛིན་སྟངས་དེ་ནང་དོན་གཙོ་བོ་ཡིན་པའི་འདུ་ཤེས་མ་ལག་གི་གཞི་རྩའི་གྲུབ་ཚུལ་གྱི་གཞུང་ལུགས་ལ་ཟེར།

རིགས་དབྱེ།  

ཝུའུ་ཝུན་ཅུན།

ཁོང་ནི་སྤྱི་ལོ1919ལོའི་ཟླ5བའི་ཚེས2ཉིན་ཧྲང་ཧའེ་རུ་སྐྱེས་ཤིང་། ཀྲུང་གོའི་མིང་གྲགས་ཆེ་བའི་གྲངས་རིག་མཁས་པ་ཞིག་ཡིན། སྤྱི་ལོ1940ལོར་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དུ་སློབ་མཐར་ཕྱིན་པ་དང་། སྤྱི་ལོ1949ལོར་ཧྥ་རན་སེར་རབ་འབྱམས་པའི་ཐོབ་ཐང་བླངས། སྤྱི་ལོ2017ལོའི་ཟླ5བའི་ཚེས7ཉིན་རྒྱལ་ས་པེ་ཅིང་དུ་སྐུ་གཤེགས།

རིགས་དབྱེ།  

ཝུའུ་ཡུའུ་མིན།

ཁོ་མོ་ནི་མཚན་ཉིད་རིག་པའི་དགེ་རྒན་ཆེན་མོ་ཡིན་ལ། སྤྱི་ལོ1963ལོའི་ཟླ10བར་སྐྱེས། སྤྱི་ལོ1984ལོའི་ཟླ7པར་སི་ཁྲོན་སློབ་ཆེན་གྱི་མཚན་ཉིད་རིག་པའི་སྡེ་ཁག་ནས་མཐར་ཕྱིན་ཏེ་མཚན་ཉིད་རིག་པའི་ཤེས་རམས་པའི་སློབ་གནས་ཐོབ། དེ་མུར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མཚན་ཉིད་རིག་པའི་སློབ་དཔྱོད་ཁང(ད་ལྟ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ཞེས་པར་མིང་བསྒྱུར)དུ་ལས་བགོས་བྱས་ཤིང་། དགེ་རྒན་བྱས་ནས་ལོ་ངོ་ཉི་ཤུ་ལྷག་འགོར། སྤྱི་ལོ2004ལོའི་ཟླ12པར་མཚན་ཉིད་རིག་པའི་དགེ་རྒན་ཆེན་མོའི་འགན་འཁུར་བ་དང་། དེའི་ཕྱི་ལོར་གདན་ཞུ་བྱས། སྤྱི་ལོ1992ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ད་ལྟ་མཚོ་སྔོན་ཞིང་ཨུའི་ཏང་གི་སློབ་གྲྭའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ཡི་ཀྲུའུ་རེན་དང་དགེ་རྒན་ཆེན་མོ་ཡིན།

རིགས་དབྱེ།  

བཤེས་གཉེན་རྡོ་རམས་པ་བསྟན་འཛིན་རྒྱ་མཚོ།

སྤྲེལ་རྫོང་དགོན་པའི་བཤེས་གཉེན་རྡོ་རམས་པ་བསྟན་འཛིན་རྒྱ་མཚོ་ཁོང་སྤྱི་ལོ1968ལོའི་ཟླ5བའི་ཚེས9ཉིན་ཤ་སྦྲང་ཕྱིས་རྒྱའི་གཅོད་སྐོར་སྡེ་བར་ཡབ་བློ་བཟང་བརྩོན་འགྲུས་དང་། ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་སུ་དད་པ་བརྟན་ཞིང་། ཤེས་རབ་ཆེ་བ། གཤིས་རྒྱུད་དྲང་ཞིང་། ཡ་རབས་ཀྱི་ལས་ལ་བརྩོན་པ་ཞིག་ཡིན། རྗེས་སུ་དགུང་གྲངས་བཅུ་བཞི་བ་ལྕགས་བྱ་སྟེ། སྤྱི་ལོ1981ལོར་སྤྲེལ་རྫོང་དགོན་པའི་ཆོས་སྒོ་གསར་དུ་ཕྱེ་བའི་སྐབས་སུ་གྲྭ་རྒྱུན་ཐོག་མའི་གྲས་སུ་ཚོགས་གྲལ་དུ་ཞུགས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཁོང་སྐལ་བཟང་ཚུལ་ཁྲིམས་འོད་ཟེར་ཚང་གི་ཞལ་སྔ་ནས་རབ་བྱུང་དགེ་ཚུལ་བསྙེན་རྫོགས་བཅས་ཀྱི་སྡོམ་པ་རིམ་བཞིན་ཡང་དག་པར་བླངས། སྐྱབས་མཆོག་ཨ་རོལ་རྡོ་རྗེ་འཆང་ཆེན་པོའི་སྐུའི་མེ་ཏོག་ཕྲེང་བརྒྱུད་ཀྱི་རིམ་པ་གང་ག་ཕོག་པའི་ལྷ་སྐལ་རྗེ་བཙུན་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་མཆོག་གི་རྒྱལ་ཚབ་དམ་པ་ཆུ་ཀྱཱ་རྡོ་རྗེ་འཆང་བློ་བཟང་ཐུབ་བསྟན་ཉི་མ་མཆོག་གི་ཞལ་སྔར་དབུ་སྐྱབས་འགྲོ་ནས་བཟུང་དབང་ལུང་བཀའ་ཆོས་ཀྱི་རིམ་པ་ལོ་དུ་མའི་རིང་ལ་གྲྭ་ཚང་འདུས་པ་རྒྱ་མཚོ་དང་ལྷན་དུ་གསན།

རིགས་དབྱེ།  

དགེ་བཤེས་བཀའ་འགྱུར་བ་བསྐལ་བཟང་དོན་གྲུབ།

དགེ་བའི་བཤེས་གཉེན་རྗེ་བསྐལ་བཟང་དོན་གྲུབ་མཆོག་ནི། ས་ཕོ་སྤྲེལ་སྤྱི་ལོ1968ལོར་རྨ་བྱང་ཤ་སྦྲང་ཚོ་དྲུག་གི་ནང་ཚན་ལྔ་རྒྱ་ཞེས་བྱ་བའི་འབྲོག་སྡེ་ཆེན་པོ་དེར། ཡབ་བློ་བཟང་རྒྱལ་དང་ཡུམ་ཧྲོང་བཟའ་སྐྱིད་མོ་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས་ཏེ། ཆུང་དུས་སློབ་གྲྭར་འགྲིམ་པའི་གོ་སྐབས་མ་བྱུང་བར་ཉིད་ཀྱི་ཕུ་བོ་སྐྱིད་པོ་རྒྱལ་ལས་ཡི་གེ་འབྲི་ཀློག་སློབ་པར་མཛད། དགུང་གྲངས་བཅོ་ལྔར་སོན་པ་སྤྱི་ལོ1982ལོར་ཆོས་སྒོ་ཕྱེ་བའི་ཕྱི་ལོ་དེར་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བསྐལ་བཟང་ཚུལ་ཁྲིམས་འོད་ཟེར་ལས་རབ་ཏུ་བྱུང་། ལོ་དེ་ཀའི་ཧོར་ཟླ་བཞི་བའི་ཚེས་བཞིའི་ཉིན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཆོས་སྡེ་ཆེན་པོ་བྲག་དཀར་སྤྲེལ་རྫོང་དགོན་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་ཆོས་སྒོར་ཞུགས། བཤེས་གཉེན་དམ་པ་ངག་དབང་ཆོས་དར་རིན་པོ་ཆེ་ཚང་ཆེས་ཐོག་མའི་དགེ་རྒན་དུ་བསྟེན་ནས་གྲྭ་ཚང་གི་འདོན་ཆ་ཡོངས་རྫོགས་དབྱངས་རྟ་ས་གསུམ་དང་བཅས་པ་ཐུགས་ལ་བྱང་བར་བཟུང་། གོང་གི་དགེ་བའི་བཤེས་གཉེན་རྣམ་པ་གཉིས་དང་ལྷ་རྗེ་བློ་བཟང་དོབ་གྲུབ་གསུམ་བསྟེན་ཏེ་བསྡུས་གྲྭ་དང་བློ་རྟགས། གྲུབ་མཐའ་རིན་ཕྲེང་། ཕར་ཕྱིན། འདུལ་བ་སོགས་མདོ་སྔགས་ཀྱི་གཞུང་མང་པོ་དང་། སུམ་ཅུ་བ་དང་རྟགས་འཇུག ནག་རྩིས་སོགས་ཐ་སྙད་རིག་གནས་ཀྱང་གསན།

རིགས་དབྱེ།  

དགེ་བཤེས་རྡོ་རམས་པ་བཀྲ་ཤིས་རྒྱལ་མཚན།

རྡོ་རམས་པ་རྗེ་མངྒ་ངྷ་ཛ་མཆོག་ནི། མདོ་སྨད་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་ཁོངས་གཏོགས་རྨ་བྱང་ཧྲོང་བོ་སྡེ་བར། ལྡོང་གི་རིགས་རུས་ཕུན་སུམ་ཚོགས་པའི་གདུང་རྒྱུད་དུ། ཡབ་བློ་གྲོས་རྒྱ་མཚོ་དང་ཡུམ་གཡང་མཚོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཡབ་ཡུམ་འདི་གཉིས་ལ་སྲས་མིང་སྲིང་བརྒྱད་ཡོད་པ་ལས་དམ་པ་འདི་ཉིད་ལྔ་པ་ཡིན། ཁོང་ཆུང་དུས་ནས་བཟུང་དམ་པའི་ཡོན་ཏན་ལྷན་སྐྱེས་སུ་མངའ་ཞིང་། བརྩེ་བ་སྙིང་རྗེ་ཆེན་པོས་ཉམ་ཐག་སེམས་ཅན་གྱི་ཚེ་སྲོག་ལ་གནོད་པ་ཕྲ་མོ་ཙམ་ཡང་མི་བྱེད་པར། བཞེས་པ་དཀར་ཟས་ཁོ་ནར་སྤྱོད་པ་ལས་དམར་ཟས་རིང་དུ་སྤངས་པ་སོགས། ཡ་རབས་ཡོན་ཏན་གྱིས་ཕྱུག་པའི་སྐྱེས་བུ་དམ་པ་ཞིག་གོ།

རིགས་དབྱེ།  

ཕུན་ཚོགས་དར་རྒྱས་རྒྱ་མཚོ་དཔལ་བཟང་པོ།

སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྣམ་སྤྲུལ་དུ་གྲགས་པ་ཡོངས་འཛིན་ཕུན་ཚོགས་དར་རྒྱས་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི་བླ་ཁོ་རྡོ་རྗེ་འཆང་རྗེ་འཇིགས་མེད་འཕྲིན་རྒྱ་མཚོ་དང་སྐུ་ཡུལ་གཅིག་པའི་མདོ་སྨད་ལྷོ་རྒྱུད་ཀ་རིང་གཤོང་ས་རུ་སྐུ་འཁྲུངས།

རིགས་དབྱེ།