འབའ་བ་ཕུན་ཚོགས་དབང་རྒྱལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབའ་བ་ཕུན་ཚོགས་དབང་རྒྱལ།
ཁོང་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་རྒྱུད་ཁམས་འབའ་ཐང་རྫོང་དུ་སྐྱེས། ཁོང་གི་བརྩམས་ཆོས་གྲགས་ཅན་ལ《ཟླ་བའི་སྟེང་གཤེར་གཟུགས་ཡོད》དང་།《རྩོད་སྒྲུབ་རིག་པའི་གསར་དཔྱད》《རང་བྱུང་རྩོད་སྒྲུབ་རིག་པ་གསར་བཤད》སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
平措汪杰
འཁྲུངས་འདས་ལོ།
སྤྱི་ལོ(1921.10-2014.03.30)
རྒྱལ་ཁབ།
ཀྲུང་གོ
མི་རིགས།
བོད་རིགས།
སྐྱེས་ཡུལ།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་།
ཏང་ཞུགས་ཀྱི་ལོ།
སྤྱི་ལོ1949ལོའི་ཟླ8པ།
བརྩམས་ཆོས་གཙོ་བོ།
《ཟླ་བའི་སྟེང་གཤེར་གཟུགས་ཡོད》དང《རྩོད་སྒྲུབ་རིག་པའི་གསར་དཔྱད》
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1921ལོའི་ཟླ12པའི་ཚེས24ཉིན། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་རྒྱུད་དེ་དེང་གི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་དུ་སྐྱེས།  སྤྱི་ལོ2014ལོའི་ཟླ3པའི་ཚེས30ཉིན་གྱི་ཞོགས་པའི་ཆུ་ཚོད7དང་སྐར་མ10སྟེང་། པེ་ཅིང་དུ་སྐུ་གཤེགས་ཤིང་།  དགུང་ལོ92ལ་བཞུགས།  ཁོང་གི་བརྩམས་ཆོས་གྲགས་ཅན་ལ《ཟླ་བའི་སྟེང་གཤེར་གཟུགས་ཡོད》དང་།《རྩོད་སྒྲུབ་རིག་པའི་གསར་དཔྱད》《རང་བྱུང་རྩོད་སྒྲུབ་རིག་པ་གསར་བཤད》སོགས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1939ལོར། སོག་བོད་སློབ་གྲྭར་བོད་པ་གུང་ཁྲན་རིང་ལུགས་ཚོགས་ཆུང་རྩ་འཛུགས་བྱས། 

སྤྱི་ལོ1940ལོའི་རྗེས་སུ། བོད་ཁུལ་དུ་མཐོ་སྒང་གི་གུང་ཁྲན་རིང་ལུགས་ཚོགས་ཆུང་རྩ་འཛུགས་བྱས།

སྤྱི་ལོ1950ལོའི་རྗེས་སུ། ཀྲུང་གུང་བོད་ཁམས་མཐའ་མཚམས་ས་ཁུལ་གྱི་བཟོ་ཨུའི་ཧྲུའུ་ཅི་དང་ལྷོ་ནུབ་དམག་སྲིད་ཨུ་ཡོན་གྱི་ཨུ་ཡོན།  ལྷོ་ནུབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།  ཀྲུང་གུང་ཆབ་མདོ་ཡན་ལག་བཟོ་ཨུའི་ཧྲུའུ་ཅི་གཞོན་པ།  བོད་སྐྱོད་རུ་ཁག་བཅོ་བརྒྱད་པའི་དམངས་སྐྱོད་པུའུ་པུའུ་ཀྲང་།  ཀྲུང་གུང་བོད་ལྗོངས་བཟོ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་གཞོན་པ།  བོད་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་དྲུང་ཡིག་ཆེན་མོ་གཞོན་པ།  རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སྲིད་ཁྲིམས་སུའོ་སུའོ་ཀྲང་གཞོན་པ།  ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སུའོ་སུའོ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།  

རྒྱལ་ཡོངས་སྐབས་དང་པོའི་དམངས་ཆེན་འཐུས་མི། རྒྱལ་ཡོངས་སྐབས་ལྔ་བ་དང་དྲུག་པ།  བདུན་པའི་དམངས་ཆེན་རྒྱུན་ཨུ། མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་ཨུ་ཡོན་བཅས་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-18

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།