མར་ཁེ་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མར་ཁེ་སི།
ཁཱ་ཨེར•ཧའེ་ཡིན་ལི་ཞི•མར་ཁེ་སི་ནི་མར་ཁེ་སིའི་རིང་ལུགས་ཀྱི་སྲོལ་འབྱེད་པ་དང་། རྒྱལ་སྤྱི་དང་པོའི་རྩ་འཛུགས་པ་དང་དབུ་ཁྲིད་པ། འཛམ་གླིང་ཡོངས་ཀྱི་འབྱོར་མེད་གྲལ་རིམ་དང་ངལ་རྩོལ་མི་དམངས་ཀྱི་རླབས་ཆེ་བའི་སློབ་དཔོན། རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ཀྱི་དེད་དཔོན། རླབས་ཆེ་བའི་བསམ་བློ་བ་དང་ཆབ་སྲིད་པ། མཚན་ཉིད་པ། དཔལ་འབྱོར་རིག་པ་བ། གསར་བརྗེ་བ། སྤྱི་ཚོགས་རིག་པ་བ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
卡尔•马克思
ཕྱི་ཡིག་གི་མིང་།
Karl Mar
མཚན་ཧྲིལ་བོ།
ཁཱ་ཨེར•ཧའེ་ཡིན་ལི་ཞི•མར་ཁེ་སི།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1818.5.5-1883.3.24)
རྒྱལ་ཁབ།
འཇར་མན།
མི་རིགས།
ཡིའུ་ཐའེ་པ།
ལས་རིགས།
བསམ་བློ་པ། མཚན་ཉིད་རིག་པ་བ། དཔལ་འབྱོར་རིག་པ་བ། སྤྱི་ཚོགས་རིག་པ་བ།
དད་མོས།
གུང་ཁྲན་རིང་ལུགས། རྩོད་སྒྲུབ་དངོས་གཙོ་རིང་ལུགས། ལོ་རྒྱུས་དངོས་གཙོ་རིང་ལུགས།
འཐུས་ཚབ་བརྩམས་ཆོས།
《གུང་ཁྲན་ཏང་གི་བསྒྲགས་གཏམ》《མ་རྩའི་རྣམ་བཤད》《ཧྥེ་ཨེར་པཱ་ཧུ་སྐོར་གྱི་གནད་བསྡུས》《སྤྱི་ལོ1844ལོའི་དཔལ་འབྱོར་རིག་པ་དང་མཚན་ཉིད་རིག་པའི་ཕྱག་བསྟར་མ》
བྱས་རྗེས་གཙོ་བོ།
ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་དབུ་བསླངས་པ།མར་ཁེ་སིའི་རིང་ལུགས་ཀྱི་གསར་བཏོད་པ། རྒྱལ་སྤྱི་དང་པོ་བཙུགས་པ། མིའི་རིགས་སྤྱི་ཚོགས་ལོ་རྒྱུས་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཤེས་རྟོགས་བྱུང་བ།
1 ​མི་ཚེ་བརྒྱུད་རིམ།

ཁོང་ནི་ཡིའུ་ཐའེ་མི་རིགས་ཡིན་པ་དང་། འཇར་མན་རྒྱལ་ཁབ་ལའེ་ཡིན་ཞིང་ཆེན་ཐུ་ལི་ཨེར་གྲོང་ཁྱེར་གྱི་ཁྲིམས་རྩོད་པ་ཞིག་གི་ཁྱིམ་ནས་སྐུ་འཁྲུངས། མར་ཁེ་སི་སློབ་ཆེན་ལས་མཐར་ཕྱིན་རྗེས་ལའེ་ཡིན་ཚགས་པར་གྱི་གཙོ་སྒྲིག་པའི་འགན་ཁུར། སྤྱི་ལོ1843ལོར་མར་ཁེ་སིས་ལའེ་ཡིན་གསར་འགྱུར་ཐོག་ཏུ་རྩོམ་ཡིག་ཞིག་སྤེལ་བ་དང་ཨུ་རུ་སུ་རྒྱལ་ཁབ་ཧྲ་ཧོང་ལ་སྐྱོན་བརྗོད་བྱས་པའི་དབང་གིས་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཧྲ་ཧོང་ཉིས་ཀུའུ་ལཱ་སྐུ་ཕྲེང་དང་པོ་མ་དགའ་བས། ཕུའུ་ལུའུ་ཧྲི་སྲིད་གཞུང་གིས་བཀའ་བབས་ནས་གསར་འགྱུར་ཁག་གི་སྒོ་གཏན་པ་དང་མར་ཁེ་སིའི་ལས་ཀ་ཤོར་བ་རེད།  ཟླ6པའི་ཚེས19ཉིན་ལ་མར་ཁེ་སི་ན་ཆུང་བྱིས་པའི་དུས་ཀྱི་གྲོགས་མོ་ཡན་ཉི་ལ་གཉེན་སྒྲིག་བྱས་། ཡན་ཉི་ནི་འཇར་མན་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་པ་ཞིག་ཡིན། 

སྤྱི་ལོ1844ལོའི་ཟླ8པར་མར་ཁེ་སི་དང་ཨུན་ཀི་སི་རྣམ་གཉིས་པ་ལི་ནས་མཇལ་འཕྲལ་བྱས་ཤིང་ལྷན་ཅིག་ཏུ《མཆོག་ཏུ་གྱུར་བའི་ཁྱིམ་རྒྱུད》ཅེས་པའི་གསུང་རྩོམ་ཐོག་མ་བརྩམས་ནས་ལེགས་གྲུབ་བྱུང་བ་རེད། དེ་ནས་བཟུང་ཁོང་རྣམ་པ་གཉིས་ཀྱིས་སྐུ་ཚེ་གང་པོར་མཉམ་འབྲེལ་བྱས། སྤྱི་ལོ1841ལོར་མར་ཁེ་སིའི་དཔྱད་རྩོམ《ཏུ་མོ་ཁེ་ལི་ཐུ་རང་དབང་མཚན་ཉིད་རིག་པ་དང་དབྱི་པི་ཅིའུ་ལུའུ་ཡི་རང་བྱུང་མཚན་ཉིད་རིག་པ་བར་གྱི་དབྱེ་བ་བགར་བ》ཞེས་པ་ལས་སློབ་འབྲས་ཐོབ་ཐང་ཐོབ་པར་རེ་འདོད་ཞུས་པ་མ་ཟད། སློབ་འབྲས་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྔར་ལས་ལྷག་པའི་སྒོ་ནས་རྩོད་གླེང་བྱེད་མ་དགོས་པར་པེར་ལིན་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་པོ་ཧྲི་ཐོབ་ཐང་ལ་ཁས་ལེན་བྱས་པ་རེད།

སྤྱི་ལོ1845ལོའི་ཟླ11པར་མར་ཁེ་སི་དང་ཨུན་ཀི་སི་གཉིས་ལོན་ཏོན་ནས་འཚོགས་པའི་གུང་ཁྲན་རིང་ལུགས་པའི་མནའ་འབྲེལ་འཐུས་མི་ཚོགས་ཆེན་ཐེངས་གཉིས་པར་ཞུགས་ཤིང་། མངགས་བཅོལ་བྱས་པ་བཞིན་མནའ་འབྲེལ་རྩ་འཛིན་ཕྱག་བྲིས་གནང་པ་རེད། སྤྱི་ལོ1848ལོར་ཡོ་རོབ་གླིང་སྐམ་སར་གནམ་ས་གཡོ་བའི་འབྱོར་ལྡན་གྲལ་རིམ་གསར་བརྗེ་དར་སྤེལ་བྱས་པ་རེད། ཟླ2པར་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ལས་འགུལ་གྱི་རྩ་འཛིན་རང་བཞིན་ལྡན་པའི《གུང་ཁྲན་ཏང་གི་བསྒྲགས་གཏམ》ཞེས་པའི་ཡིག་ཆ་འཇིག་རྟེན་ཏུ་དར་བ་རེད། མར་ཁེ་སི་དང་ཨུན་ཀི་སི་རྣམ་གཉིས་ཀྱིས་མནའ་འབྲེལ་ལ་སློབ་སྟོན་མཛད་ནས་གསར་བརྗེ་རྦ་རླབས་འཕྱུར་བའི་ནང་དུ་ཚུད། ཟླ3པར་ཕུའུ་ལུའུ་ཧྲི་སྲིད་གཞུང་གིས་མར་ཁེ་སི་པུའུ་ལུའུ་སའེ་ཨེར་ནས་ཕར་སྐྲོད་བྱས་ཏེ་པ་ལི་ལ་བསྐྱལ། 

སྤྱི་ལོ1840ལོའི་ཟླ3པའི་ཚེས6ཉིན་ལ་མར་ཁེ་སི་དང་ཨུན་ཀི་སི་གཉིས་ཀྱིས་མཉམ་དུ《ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་གུང་ཁྲན་རིང་ལུགས་མནའ་འབྲེལ་པ་རྣམས་ལ་བཏང་བའི་འཕྲིན་ཡིག》ཅེས་པ་ཕྱག་བྲིས་གནང་ཞིང་། མར་ཁེ་སིས《སྤྱི་ལོ1848ལོ་ནས་སྤྱི་ལོ1850ལོའི་བར་ལ་ཧྥ་ལན་ཞི་གྲལ་རིམ་འཐབ་རྩོད》ཞེས་པ་ཕྱག་བྲིས་མཛད། སྤྱི་ལོ1864ལོའི་ཟླ9པའི་ཚེས28ཉིན་ལ་མར་ཁེ་སི་གདན་འདྲེན་ཞུས་པ་ལྟར་ལོན་ཏོན་ཧྲེང་མཱ་ཏིང་ཐང་དུ་འཚོགས་པའི་རྒྱལ་སྤྱིའི་བཟོ་བའི་མཐུན་ཚོགས་བཙུགས་པའི་ཚོགས་ཆེན་ལ་ཞུགས་ནས། མཐུན་ཚོགས་སྐབས་འཕྲལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་འདེམས་ཐོན་བྱུང་ཞིང་། མཐུན་ཚོགས་བཙུགས་པའི་བསྒྲགས་གཏམ་དང་སྐབས་འཕྲལ་སྒྲིག་ཡིག་ཕྱག་བྲིས་མཛད། སྤྱི་ལོ1867ལོའི་ཟླ9པའི་ཚེས14ཉིན་ལ་ཧན་པའོ་ནས《མ་རྩའི་རྣམ་བཤད》ཅེས་པའི་པོ་ཏི་དང་པོ་པར་སྐྲུན་བྱས།

སྤྱི་ལོ1875ལོར་ཁོང་གིས《འཇར་མན་བཟོ་བའི་ཏང་གི་རྩ་འཛིན་འཆར་ཟིན་སྐོར་གྱི་བསམ་འཆར》ཕྱག་བྲིས་གནང་སྟེ། དོན་དངོས་ཐོག《ཀུ་ཏཱ་རྩ་འཛིན་ལ་དགག་པ་བརྒྱབ་པ》ཞེས་པ་དེ་རེད། སྤྱི་ལོ1877ལོར《ཏུའུ་ལིན་ལ་ངོ་རྒོལ་བྱས་པ》ཞེས་པའི་ས་བཅད་གཉིས་པའི་ལེའུ་བཅུ་པ་ཕྱག་བྲིས་གནང་བ་རེད། སྤྱི་ལོ1881ལོར《གུང་ཁྲན་ཏང་གི་བསྒྲགས་གཏམ》ཞེས་པ་ཨུ་རུ་སུའི་སྐད་དུ་བསྒྱུར་བའི་མགོ་བརྗོད་ཕྱག་བྲིས་གནང་བ་རེད།

སྤྱི་ལོ1881ལོའི་ཟླ12བའི་ཚེས2ཉིན་ལ་ཁོང་གི་ལྕམ་མོ་ཡན་ཉི•མར་ཁེ་སི་སྐུ་གཤེགས་པ་དང་། མར་ཁེ་སི་ཡུན་རིང་དཀའ་ཚེགས་མཛད་ནས་ངལ་དུབ་ཆེ་བའི་དབང་གིས་སྙུང་གཞི་བསོགས་ཏེ། སྤྱི་ལོ1883ལོའི་ཟླ3པའི་ཚེས14ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་ཐོག་ལོན་ཏོན་ནས་སྐུ་གཤེགས། དགུང་གྲངས64ཡིན། ཕྱིས་སུ་ཡན་ཉི•མར་ཁེ་སི་དང་ལྷན་གཅིག་ཏུ་ལོན་ཏོན་བྱང་ཕྱོགས་ཀྱི་ཧའེ་ཀུ་ཐུ་བང་སོའི་ནང་དུ་བཞུགས་སོ།།

2 མར་ཁེ་སིའི་རིང་ལུགས།

མར་ཁེ་སིའི་རིང་ལུགས་ནི་དེང་རབས་ལོ་རྒྱུས་ཐོག་ཏུ་ཆེས་རྙོག་འཛིང་ལྡན་ཞིང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད། རིག་པའི་གཞུང་ལུགས་ལས། ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་སོགས་རྒྱ་ཆེན་པོ་འདུས། 

མར་ཁེ་སིའི་རིང་ལུགས་ནི་དུས་རབས20བའི་ནང་དུ་ལེ་ཉིན་དང་པུའུ་ཨེར་ཧྲི་ཝེ་ཁུ་ཏང་གིས་བཙུགས་པའི་སུའུ་ལེན་སྟོབས་ཤུགས་ཀྱིས་དྲིལ་བསྒྲགས་བྱས་ནས་མཐོ་རླབས་སུ་སླེབས་འདུག མར་ཁེ་སིའི་རིང་ལུགས་ནི་དེང་རབས་ཆེས་མིང་དུ་གྲགས་ཤིང་ཆེས་གཏིང་ཟབ་ཀྱི་རིག་པའི་གཞུང་ལུགས་ཡིན་པའི་ཆ་ནས་དེའི་གཞུང་ལུགས་སྔར་བཞིན་གཞུང་ལུགས་ཁག་གི་ཁྱབ་ཁུངས་སོ་སོར་འཚར་ལོངསའབྱུང་བཞིན་ཡོད་ཅིང་། གཞུང་ལུགས་ཀྱི་དགོངས་དོན་ཡང་སྲིད་གཞུང་སོ་སོའི་སྲིད་སྐྱོང་ཁ་ཕྱོགས་སུ་ནམ་ཡང་བཀོལ་བཞིན་ཡོད། དུས་རབས21པའི་དེ་རིང་འཛམ་གླིང་ཐོག་སྔར་བཞིན་རྒྱལ་ཁབ་གང་མང་ཞིག་གི་སྲིད་ཏང་གིས་མར་ཁེ་སིའི་རིང་ལུགས་རྒྱལ་ཁབ་དེ་དང་སྲིད་ཏང་དེ་གའི་འདུ་ཤེས་འཛིན་སྟངས་སུ་གྱུར་འདུག་པ་སྟེ། དཔེར་ན་ཁུ་པ་གུང་ཁྲན་ཏང་དང་། བལ་ཡུལ་གུང་ཁྲན་ཏང་། སའེ་ཕུའུ་ལུའུ་སི་ངལ་རྩོལ་མི་དམངས་སྔོན་ཐོན་ཏང་། འཇར་མན་རྒྱལ་ཁབ་གུང་ཁྲན་ཏང་། སི་ཕེན་གུང་ཁྲན་ཏང་། ཕུའུ་ཐའོ་ཡ་གུང་ཁྲན་ཏང་། ཀེ་རི་སེ་གུང་ཁྲན་ཏང་སོགས་ཡིན།

མར་ཁེ་སིའི་མཚན་ཉིད་རིག་པ་ལས་མིའི་རིགས་ཀྱི་བསམ་བློ་བཅིངས་འགྲོལ་བྱས་པ་ཡིན་པས་འབྱོར་མེད་གྲལ་རིམ་གྱིས་སྤྱི་ཚོགས་ལམ་ལུགས་ལ་འགྲན་ཟླ་བཙུགས་པའི་བསམ་བློའི་དྲག་ཆས་ཡིན་ཞེས་བཤད་ཀྱང་ཆོག  ཡང་དག་ལྡན་པའི་མཚན་ཉིད་རིག་པ་ཡོད་པས་ན་ད་གཟོད་འབྱོར་མེད་གྲལ་རིམ་གྱིས་ཕན་འབྲས་ལྡན་པའི་སྒོ་ནས་སྤྱི་ཚོགས་འགལ་བའི་ངན་འགྱུར་རང་བཞིན་འཁོར་རྒྱུག་བྱེད་པར་ཁ་བྲལ་ནས་བཅིངས་འགྲོལ་བྱེད་ཐུབ་ངེས་ཡིན། མཚན་ཉིད་རིག་པ་རང་རྐང་ལ་མཚོན་ན་འགྲན་ཟླ་དང་བྲལ་བའི་བདེན་དོན་ཡིན།

3 མར་ཁེ་སིའི་མཚན་ཉིད་རིག་པ།

སྤྱིར་བཏང་དུ་བལྟས་ན་མར་ཁེ་སིའི་མཚན་ཉིད་རིག་པ་ནི་ཁོང་བྱོན་པའི་དུས་རབས་སུ་ལྟོས་བཅོས་ཀྱི་ཤུགས་རྐྱེན་ཐེབས་མེད་ནའང་ཁོང་སྐུ་གཤེགས་ནས་ལོ་འགའི་རྗེས་སུ་དུས་རབས19བའི་མཇུག་ཏུ། འབྱོར་ལྡན་གྲལ་རིམ་གྱི་ཉེན་ཁ་ཁྱབ་གདལ་དུ་སོང་ཞིང་ཇེ་སྡུག་ཏུ་སོང་བས། མར་ཁེ་སིའི་མཚན་ཉིད་རིག་པ་མགྱོགས་མྱུར་གྱིས་ས་གནས་སོ་སོར་དར་ཁྱབ་ཏུ་སོང་བ་དང་། སྤྱི་ཚོགས་རིང་ལུགས་ལས་ཡོ་གླིང་སྔོན་ཐོན་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར་བཅོས་སྒྱུར་བྱེད་པའི་ཕྱོགས་སུ་བསྐྱོད། ཕྱིས་སུ་མར་ཁེ་སིའི་རིང་ལུགས་ཕྱོགས་རིས་གཉིས་སུ་གྱུར་ནས། གསར་བརྗེ་མ་ཡིན་པའི་ཕྱོགས་ཁག Evolutionary Marxism དང་གསར་བརྗེ་ཕྱོགས་ཁག Evolutionary Marxism གཉིས་སུ་གྱེས་ཤིང་། གསར་བརྗེ་མ་ཡིན་པའི་ཕྱོགས་ཁག་གི་གཞུང་ལུགས་ལས་མར་ཁེ་སི་རིང་ལུགས་ནི་བཟོ་བཅོས་རིང་ལུགས་རེད་ཟེར་ཞིང་། ཨའེ་ཏུ་ཧྭ.པོ་ཨུན་སི་ཐན Edward Bernstein སྙིང་བོ་ཡིན་པའི་གསར་བརྗེ་ཕྱོགས་ཁག་གིས་མདུན་བསྐྱོད་རང་བཞིན་གྱི་སྤྱི་ཚོགས་རིང་ལུགས་དར་སྤེལ་བྱེད་པའི་བཞེད་དགོངས་བཏོན་ནས་མར་ཁེ་སིའི་རིང་ལུགས་ནི་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་ཡིན་པར་སེམས། གསར་བརྗེ་ཕྱོགས་ཁག་གི་གཞུང་ལུགས་པ་ལའེ་ཉིང་རིང་ལུགས་ནི་ཧ་ཅང་མིང་དུ་གྲགས་ཤིང་། དྲག་ཤུགས་ཀྱིས་གསར་བརྗེ་བྱེད་པ་ལས་འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན་འཛུགས་པར་གཡོལ་བ་མེད་པའི་དགོས་གཏུགས་རང་བཞིན་གསལ་བོར་བསྟན་པ་རེད། གསར་བརྗེ་ཕྱོགས་ཁག་མར་ཁེ་སིའི་རིང་ལུགས་ནི་ལོ་རྒྱུས་ཚན་རིག་གཞུང་ལུགས་ཡིན་ཞིང་། འབྱོར་མེད་གྲལ་རིམ་གྱི་འཇིག་རྟེན་ལྟ་ཚུལ་དང་བྱེད་ཕྱོགས་སྨྲ་བ་པོ་ཡིན་པས། གཞུང་ལུགས་འདི་དག་ནི་ལོ་རྒྱུས་ཕྱི་རོལ་ཡུལ་གྱི་འཕེལ་རིམ་ལས་རིག་པའི་གཞུང་ལུགས་མཚོན་པ་ཡིན་ལ། རྒྱ་ཆེ་བའི་ངལ་རྩོལ་མི་དམངས་ཀྱི་ལག་ལེན་ལས་བྱུང་བའི་འབྲས་བུ་ཡིན་པས། མིའི་རིགས་ཀྱི་ཕུལ་བྱུང་རིག་གནས་ཀྱི་ཤུལ་བཞག་སྙིང་བཅུད་ཡིན་ཞེས་ཟེར།

4 ཆབ་སྲིད་དཔལ་འབྱོར་རིག་པ།

འབྱོར་མེད་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་བར་ལ་འཐབ་རྩོད་བྱེད་པའི་འཕེལ་རིམ་སོ་སོའི་ནང་དུ་གུང་ཁྲན་ཏང་མི་ནི་ཐོག་མཐའ་ཀུན་ཏུ་ལས་འགུལ་ཧྲིལ་བོའི་ཁེ་ཕན་གྱི་འཐུས་ཚབ་ཏུ་གྱུར་ཡོད། དེ་བས་ལག་ལེན་ཁྲོད་དུ་གུང་ཁྲན་ཏང་མི་ནི་རྒྱལ་ཁབ་སོ་སོའི་བཟོ་བའི་སྲིད་ཏང་ནང་དུ་ཐོག་མཐའ་ཀུན་ཏུ་ཆེས་རྦད་ཆོད་ཀྱི་ངང་ནས་སྒུལ་ཤུགས་ནུས་པ་ཐོན་ཐུབ་པའི་ཕྱོགས་ཅིག་ཏུ་གྱུར་ཞིང་། 《གུང་ཁྲན་ཏང་གི་བསྒྲགས་གཏམ》ཞེས་བྱ་བ་ལས། རིག་པའི་གཞུང་ལུགས་ཐད་ཁོ་ཚོས་འབྱོར་མེད་གྲལ་རིམ་མང་ཚོགས་གཞན་ལས་ཀྱང་འབྱོར་མེད་གྲལ་རིམ་ལས་འགུལ་གྱི་ཆ་རྐྱེན་དང་། གོ་རིམ། མཇུག་འབྲས་སོགས་ལ་རྒྱུས་ལོན་བྱེད་ཐུབ་པ་རེད་ཅེས་ཟེར།

5 གུང་ཁྲན་ཏང་གི་བསྒྲགས་གཏམ།

མར་ཁེ་སིའི《གུང་ཁྲན་ཏང་གི་བསྒྲགས་གཏམ》ཞེས་བྱ་བ་ལས། འཛམ་གླིང་ཡོངས་ཀྱི་འབྱོར་མེད་རྣམས་ལྷན་འབྲེལ་གྱིས་ཤིག Proletarier aller Länder,vereinigt euch!ཅེས་ཟེར། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་གྲལ་རིམ་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བ་ལས། བཤུ་བཞོག་གྲལ་རིམ་གྱིས་ངལ་རྩོལ་མི་དམངས་ལ་བཤུ་བཞོག་བྱེད་པའི་ཚད་ཐིག་དང་ཡང་ན་ངལ་རྩོལ་མི་དམངས་ཀྱིས་བཤུ་བཞོག་གྲལ་རིམ་ལ་བསྟུན་མིན་ཐད་བྱེ་བྲག་གི་འགྱུར་ལྡོག་བྱུང་བ་ལས་མ་འདས་སོ། མར་ཁེ་སིའི་སེམས་ལ་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་གྲལ་རིམ་སྤྱི་ཚོགས་གོ་རིམ་ནང་དུ་གྲལ་རིམ་འཐབ་རྩོད་ནི་གཡོལ་ཐབས་མེད་པ་ཞིག་ཡིན་ཞིང་། གྲལ་རིམ་འཐབ་རྩོད་རང་རྐང་ལས་གྲལ་རིམ་སྤྱི་ཚོགས་ལོ་རྒྱུས་འཕེལ་རིམ་གྱི་སྒུལ་ཤུགས་སུ་གྲུབ་ཡོད་པས། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་ཟུང་འབྲེལ་བྱེད་པ་དང་ཐོན་སྐྱེད་ནུས་ཤུགས་ལས་སྤྱི་ཚོགས་འབྲེལ་བའི་ལྷུ་ལག་འགྱུར་ལྡོག་ལ་ཟུང་འབྲེལ་བྱས་པ་ན་ད་གཟོད་གྲལ་རིམ་འཐབ་རྩོད་ཀྱི་གནད་དོན་ཐག་གཅོད་མཐར་ཐུག་པར་བྱེད་ཐུབ་ངེས་ཞེས་དགོངས་སོ།།

6 གསུང་རྩོམ་གལ་ཆེན།

མར་ཁེ་སིའི་གསུང་རྩོམ་གལ་ཆེན་ནི《ཏུ་མོ་ཁུ་ལི་ཐུ་རང་བྱུང་མཚན་ཉིད་རིག་པ་དང་དབྱི་པི་ཅིའུ་ལུའུ་ཡི་རང་བྱུང་མཚན་ཉིད་རིག་པའི་དབྱེ་བ》ཞེས་བྱ་བ་དང་། 《ཀུ་ཏཱ་དགག་པ་བརྒྱབ་པ》《ཡིའུ་ཐའེ་བའི་གནད་དོན》 《མཆོག་ཏུ་གྱུར་བའི་ཁྱིམ་རྒྱུད 》《མཚན་ཉིད་རིག་པའི་དབུལ་ཕོངས》། 《བཟོ་བའི་ལྷན་འབྲེལ་ཚོགས་པ》། 《གུང་ཁྲན་ཏང་གི་བསྒྲགས་གཏམ》 《ཀྲུང་གོའི་གསར་བརྗེ་དང་ཡོ་གླིང་གསར་བརྗེ 》། 《ཆབ་སྲིད་དཔལ་འབྱོར་རིག་པར་དགག་པ་བརྒྱབ་པ 》 《སྐུ་ཞབས་ཧྥུའུ་ཀུ་ཐུ 》། 《རིན་ཐང་ལྷག་འཕྲོའི་རིག་པའི་གཞུང་ལུགས 》 《རྒྱལ་སྤྱིའི་བཟོ་བའི་ལྷན་ཚོགས་ཚུགས་པའི་བསྒྲགས་གཏམ 》 《ཧྥ་ལན་སེའི་ནང་འཁྲུག 》། 《མ་རྩའི་རྣམ་བཤད 》《ཧྥེ་ཨེར་པཱ་ཧུ་སྐོར་གྱི་གནད་བསྡུས》《སྤྱི་ལོ1844ལོའི་དཔལ་འབྱོར་རིག་པ་དང་མཚན་ཉིད་རིག་པའི་ཕྱག་བསྟར་མ》སོགས་མར་ཁེ་སིའི་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་སྐོར་གྱི་གསུང་རྩོམ་གལ་ཆེན་བཞུགས་སོ།།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-24

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།