པོ་ལཱ་ཐུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པོ་ལཱ་ཐུའུ།
པོ་ལཱ་ཐུའུ་ནི་གནའ་བོའི་ཀེ་རི་སེའི་མཚན་ཉིད་རིག་པ་བ་གྲགས་ཅན་ཞིག་ཡིན་ལ་ཡ་ལི་ཧྲི་ཏུའོ་ཏི་ཡི་དགེ་རྒན་ཡིན་ལ། ཁོང་གི་རིག་རྩལ་གཞུང་ལུགས་ཀྱི་བསམ་བློ་དང་མཛེས་དཔྱོད་ལྟ་ཚུལ་གྱིས་ཡོ་རོབ་གླིང་གི་རིག་རྩལ་ཁམས་ལ་ཤན་ཤུགས་གཏིང་ཟབ་མོ་ཐེབས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
柏拉图
ཕྱི་ཡིག་གི་མིང་།
Πλάτων
མིང་གཞན།
ཨ་ལི་སི་ཐུའོ་ལུ་སི།(Aristocles)
འཁྲུངས་འདས་ལོ་ཚིགས།
(སྤྱི་ལོ་སྔོན་གྱི427-སྤྱི་ལོ་སྔོན་གྱི347)
རྒྱལ་ཁབ།
གནའ་བོའི་ཀེ་རི་སེ།
ལས་རིགས།
མཚན་ཉིད་རིག་པ་བ། སློབ་གསོ་བ།བསམ་བློ་བ།
འཐུས་ཚབ་བརྩམས་ཆོས།
《ཕུགས་བསམ་གྱི་རྒྱལ་ཁབ》
བྱས་རྗེས་གཙོ་བོ།
ཁོང་གི་རིག་རྩལ་གཞུང་ལུགས་ཀྱི་བསམ་བློ་དང་མཛེས་དཔྱོད་ལྟ་ཚུལ་གྱིས་ཡོ་རོབ་གླིང་གི་རིག་རྩལ་ཁམས་ལ་ཤན་ཤུགས་གཏིང་ཟབ་མོ་ཐེབས།
གོ་གནས།
ནུབ་གླིང་གི་བསམ་བློའི་མཁན་པོ་ཞེས་འབོད།
1 མི་སྣ་ངོ་སྤྲོད།

པོ་ལཱ་ཐུའུ(སྤྱི་ལོ་སྔོན་གྱི427-སྤྱི་ལོ་སྔོན་གྱི347)ནི་གནའ་བོའི་ཀེ་རི་སེའི་མཚན་ཉིད་རིག་པ་བ་གྲགས་ཅན་ཞིག་ཡིན་ལ་ཡ་ལི་ཧྲི་ཏུའོ་ཏི་ཡི་དགེ་རྒན་ཡིན། མཚན་ཉིད་རིག་པའི་གཞུང་ཆེན་མོ《ཕུགས་བསམ་གྱི་རྒྱལ་ཁབ》ཀྱི་རྩོམ་པ་པོ་ཡང་ཡིན། ཁོང་གི་རིག་རྩལ་གཞུང་ལུགས་ཀྱི་བསམ་བློ་དང་མཛེས་དཔྱོད་ལྟ་ཚུལ་གྱིས་ཡོ་རོབ་གླིང་གི་རིག་རྩལ་ཁམས་ལ་ཤན་ཤུགས་གཏིང་ཟབ་མོ་ཐེབས་ཤིང་། ནུབ་གླིང་གི་བསམ་བློའི་གཞུང་ལུགས་མི་འདྲ་བ་སོ་སོའི་འབྱུང་ཁུངས་སུ་གྱུར་པའི་རྐྱེན་གྱིས་ཁོ་ལ་ནུབ་གླིང་གི་བསམ་བློའི་མཁན་པོ་ཞེས་འབོད།

པོ་ལཱ་ཐུའུ་ནི་ཡ་ཏེན་གྱི་འབྱོར་ལྡན་ཞིག་གི་ཁྱིམ་རྒྱུད་དུ་སྐྱེས་ལ། ཆུང་དུས་ནས་ལུས་སྟོབས་རྒྱས་ཤིང་ཐོད་ཞེང་དང་ཕྲག་ཞེང་ཆེ་ལ་ཁ་ལྕེ་བདེ་བས་དགེ་རྒན་གྱིས་ཁོང་གི་མིང་ལ་པོ་ལཱ་ཐུའུ་ཞེས་བཏགས། པོ་ལཱ་ཐུའུ་ནི་ཀེ་རི་སེའི་སྐད་ཀྱི་ནང་དོན་ལ་ཞེང་ཆེ་བའི་དོན་ཡིན་ཞིང་། རྗེས་སུ་མིང་དེ་ཁོང་གི་དངོས་མིང་དུ་གྱུར།

པོ་ལཱ་ཐུའུ་ལོ་ཉི་ཤུར་སོན་དུས་མིང་དུ་གྲགས་པའི་མཚན་ཉིད་རིག་པ་བ་སུའུ་ཀོ་ལ་ཏིར་དགེ་རྒན་དུ་བསྟེན། རྗེས་སུ་ཁོང་ཕྱི་ཡུལ་དུ་གནས་སྐོར་དང་ཞིབ་འཇུག་ལ་འགྲིམས་ནས་མཁས་པ་དང་མི་གྲགས་ཅན་མང་པོར་འབྲེལ་འདྲིས་བྱས་པས་རང་གི་ཤེས་རྒྱ་དང་མཐོང་རྒྱ་ཆེ་ཆེར་བསྐྱེད་ལ། རང་ཉིད་ཀྱི་བསམ་བློའི་མ་ལག་གི་མགོ་ཡང་དུས་དེ་ནས་ཚུགས།

ལོ་བཞི་བཅུར་སོན་དུས་ཁོང་གནས་སྐོར་ནས་ཕྱིར་ཡ་ཏེན་ལ་ལོག་སྟེ་ཨ་ཁ་ཏི་སྨི་སློབ་གླིང་བཙུགས། དེ་ནི་ནུབ་ཡུལ་གྱི་མཐོ་རིམ་སློབ་གླིང་སྔ་ཤོས་ཡིན། པོ་ལཱ་ཐུའུ་ཡིས་སློབ་གླིང་དེར་མཚན་ཉིད་རིག་པ་འཁྲིད་པ་ལས་གཞན་རྩིས་རིག་དང་གནམ་དཔྱད་རིག་པ། སྐྱེ་དངོས་རིག་པ་སོགས་རང་བྱུང་ཚན་རིག་གི་ཤེས་བྱ་དག་ཁྲིད་པས་ཕྱོགས་སོ་སོའི་སློབ་མ་མང་པོ་འདུས། པོ་ལཱ་ཐུའུ་ཡིས་དབྱིབས་རྩིས་རིག་པ་གལ་ཆེན་དུ་བཟུང་། ཁོང་གིས་མིའི་བསམ་གཞིགས་གཏོང་བ་ཚགས་དམ་ཞིང་ཆོས་ཉིད་ཅན་དུ་བསྒྱུར་ནས་བསམ་གཞིགས་དང་བརྟག་དཔྱད་མཐའ་འཁྱོལ་བ་ཞིག་བྱེད་པར་དབྱིབས་རྩིས་རིག་པ་དང་ཁ་འབྲལ་ཐབས་མེད་པར་འདོད། དེའི་ཕྱིར། ཁོང་གིས་ཆེད་དུ་ཨ་ཁ་ཏི་སློབ་གླིང་གི་སྒོ་བྱང་སྟེང་དབྱིབས་རྩིས་རིག་པ་མི་ཤེས་མཁན་རྣམས་ནང་དུ་མ་ཡོང་ཞེས་བྲིས།

པོ་ལཱ་ཐུའུ་ཡི་ཚེ་མཇུག་གི་འཚོ་བ་ཧ་ཅང་སྐྱིད་དེ། ཁོང་ལ་སློབ་མ་མང་དུ་བྱུང་ཞིང་། སློབ་མ་ཚོས་ཁོང་ལ་དགའ་མོས་བྱེད་པར་མ་ཟད་ཡུལ་སོ་སོ་ནས་ཡོང་བའི་མགྲོན་པོ་རྣམས་ཀྱིས་ཀྱང་ཁོང་ལ་དད་གུས་ཚད་མེད་བྱས། ཐེངས་ཤིག་ལ། ཁོང་གི་སློབ་མ་ཞིག་གཉེན་སྒྲིག་བྱེད་དུས་པོ་ལཱ་ཐུའུ་ལ་མགྲོན་ཤོག་འབྱོར། ལོ་ན་བརྒྱད་ཅུར་སོན་པའི་པོ་ལཱ་ཐུའུ་གཉེན་སྟོན་ལ་སོང་ནས་ཚང་མ་དང་མཉམ་དུ་ཟས་ཆང་ལ་རོལ། ཅུང་ཟད་འགོར་རྗེས་ཁོང་གིས་ཁང་བའི་གྲུ་ཟུར་ཞིག་ཏུ་ངལ་གསོས། རྗེས་སུ་ཚང་མས་ཁོང་གཉིད་ལས་སློངས་དུས་ད་གཟོད་ཁོང་ཉིད་སྐུ་གཤེགས་ཟིན་པ་ཤེས། ཁོང་འདུག་སྟེགས་སྟེང་བདེ་བར་སྡོད་ཚུལ་ནི་མཚན་ཉིད་རིག་པའི་དྲི་བ་སྣ་ཚོགས་ལ་སྔར་བཞིན་བསམ་གཞིགས་བྱེད་པ་དང་ཀུན་ནས་འདྲའོ།།

2 པོ་ལཱ་ཐུའུ་ཡི་གྲུབ་མཐའ།

གྲུབ་མཐའ་འདི་ནི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་དབྱིན་ཇིར་དར་བའི་པོ་ལཱ་ཐུའུ་ལ་དད་མོས་བྱེད་མཁན་གྱི་ལྷའི་རིག་པ་བ་དང་མི་ཆོས་རིག་པ་བ། ཤེར་རྟོགས་རིག་པ་བ་སོགས་ཕྱོགས་འདུས་ཀྱི་གྲུབ་མཐའ་ཞིག་ཡིན། གྲངས་རིག་གིས་ཤེར་རྟོགས་རིག་པ་དང་འཇིག་རྟེན་ཞིབ་འཇུག་ལ་བྱེད་ནུས་གལ་ཆེན་ཐོན་གྱི་ཡོད་བའི་ལྟ་བ་ཅན་གྱི་ཤེར་རྟོགས་རིག་པ་ཞིག་ཡིན།

པོ་ལཱ་ཐུའུ་ཡི་གྲུབ་མཐའི་མཚོན་བྱེད་མི་སྣ་ནི་པོ་ལཱ་ཐུའུ་ཡིན་པ་དང་། ཁོ་ལོ་ན་ཆུང་བའི་དུས་སུ་ཞི་ལ་ཡི་ཤེར་རྟོགས་རིག་པ་བ་སུའུ་ཀི་ལ་ཏིའི་རྗེས་སུ་འབྲངས་ནས་ཤེར་རྟོགས་རིག་པར་སློབ་སྦྱོང་བྱས་པས། དེའི་གཏན་ཚིགས་རིག་པའི་བསམ་བློའི་ཤུགས་རྐྱེན་ཐེབས་ཏེ་མིང་གྲགས་ཆེ་བའི་ཤེར་རྟོགས་རིག་པ་བ་ཞིག་ཏུ་གྱུར། པོ་ལཱ་ཐུའུ་ཡིས་པི་ཏ་གི་ལ་སི་གྲུབ་མཐའ་ལས་གྲངས་རིག་གི་ལྟ་ཚུལ་མང་བོ་བསྡུ་ལེན་བྱས་ཏེ་རང་ཉིད་ཀྱི་རིག་ཚན་ནང་དུ་བཀོལ་སྤྱོད་བྱས། དེ་བས་ཁོང་གི་ཤེར་རྟོགས་རིག་པ་དེ་གྲངས་རིག་རིག་ཚན་གྱི་ཕྱོགས་འཕེལ་བར་སྤྲོ་བ་སྐྱེས་ཏེ། གྲངས་རིག་གིས་ཤེར་རྟོགས་རིག་པ་དང་འཇིག་རྟེན་ཞིབ་འཇུག་ལ་བྱེད་ནུས་གལ་ཆེན་ཐོན་གྱི་ཡོད་པར་ངེས་རྟོགས་ཟབ་མོ་བྱུང་བ་མ་ཟད། རང་ཉིད་ཀྱི་གྲོགས་པོ་དང་སློབ་མ་རྣམས་ཀྱིས་སློབ་སྦྱོང་དང་གྲངས་རིག་ལ་ཞིབ་འཇུག་བྱེད་པར་སྐུལ་བ་ཆེན་པོ་ཐེབས།   

ཁོ་ཚོས་ངོ་རྒོལ་བྱ་ཡུལ་གཙོ་བོ་ནི་ཧོ་ཕི་སིའི་དངོས་གཙོ་རིང་ལུགས་དང་། དེའི་འཕྲོར་རྡད་ཚའི་རྒྱུ་གཉིས་སྨྲ་བའི་ལྟ་ཚུལ་དེ་ཡིན་པ་དང་། རེ་འདུན་ནི་པོ་ལཱ་ཐུའུ་ཡི་རྟོགས་བཅས་ཀྱི་རྣམ་བཤད་དང་པོ་ལཱ་ཐུའུ་གསར་མའི་ལམ་ལུགས་བསྐྱར་གསོ་བྱ་རྒྱུ་དང་། འཇིག་རྟེན་སྟེང་གི་ཡོད་ཚད་དཀོན་མཆོག་གི་ཤེས་རབ་དང་ཀུན་གཞི་ཡི་མཚོན་སྟངས་ཡིན་པར་བདེན་དཔང་བྱ་རྒྱུ་དེ་རེད་དོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-05

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།