བློ་བཟང་ལྷུན་གྲུབ་རྡོ་རྗེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བློ་བཟང་ལྷུན་གྲུབ་རྡོ་རྗེ།
ཁོང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་དུ་སྐྱེས། ཀྲུང་གུང་ཏང་ཡོན། རྒྱལ་དམངས་དཔལ་འབྱོར་འཆར་གཞི་དང་དོ་དམ་ཆེད་ལས་སྦྱངས་ནས་མཐར་ཕྱིན་པ་དང་། དཔལ་འབྱོར་རིག་པའི་རམ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
洛桑灵智多杰
སྐྱེས་ལོ།
སྤྱི་ལོ1948ལོའི་ཟླ12པ།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་།
ཏང་ཞུགས་ཀྱི་་ལོ།
སྤྱི་ལོ1973ལོའི་ཟླ10བ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1948ལོའི་ཟླ12པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་དུ་སྐྱེས།  ཀྲུང་གུང་ཏང་ཡོན།  སྤྱི་ལོ1968ལོའི་ཟླ6པར་བྱ་བར་ཞུགས་ཤིང་། རྒྱལ་དམངས་དཔལ་འབྱོར་འཆར་གཞི་དང་དོ་དམ་ཆེད་ལས་སྦྱངས་ནས་མཐར་ཕྱིན་པ་དང་། དཔལ་འབྱོར་རིག་པའི་རམ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1961ལོའི་ཟླ9བ་ནས1963ལོའི་ཟླ8པའི་བར། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་མི་རིགས་དགེ་འོས་སློབ་གླིང(དམའ་རིམ་དགེ་འོས)དུ་སློབ་སྦྱོང་བྱས།

སྤྱི་ལོ1963ལོའི་ཟླ8པ་ནས1968ལོའི་ཟླ6པའི་བར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གླིང(འབྲིང་རིམ་དགེ་འོས)དུ་སློབ་སྦྱོང་བྱས།

སྤྱི་ལོ1968ལོའི་ཟླ6པ་ནས1971ལོའི་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་ཐང་རྒན་ཀུང་ཧྲེ་རུ་ངལ་རྩོལ་བྱས།

སྤྱི་ལོ1971ལོའི་ཟླ3པ་ནས1974ལོའི་ཟླ10བའི་བར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་ཐང་རྒན་ཀུང་ཧྲེ་རུ་བྱ་བ་བསྒྲུབས།

སྤྱི་ལོ1974ལོའི་ཟླ10བ་ནས1975ལོའི་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་ཨུའི་དྲིལ་སྒྲོག་པུའུ་པུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1975ལོའི་ཟླ3པ་ནས1978ལོའི་ཟླ11པའི་བར། མཚོ་ལྷོ་ཁུལ་འབའ་རྫོང་འབའ་ཆུ་ཀུང་ཧྲེ་ཏང་ཨུའི་ཧྲུའུ་ཅུ་གཞོན་པ་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

སྤྱི་ལོ1978ལོའི་ཟླ11པ་ནས1982ལོའི་ཟླ7པའི་བར། གུང་གཞོན་ཚོགས་པ་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1982ལོའི་ཟླ7པ་ནས1983ལོའི་ཟླ8པའི་བར། མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1983ལོའི་ཟླ8པ་ནས1985ལོའི་ཟླ11པའི་བར།  མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གྱི་འགན་བཞེས།( སྤྱི་ལོ1983ལོའི་ཟླ9བ་ནས1985ལོའི་ཟླ7པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭར་ལས་བྱེད་ཆེད་སྦྱོང་འཛིན་གྲྭ་ནས་སློབ་སྦྱོང་བྱས།)

སྤྱི་ལོ1985ལོའི་ཟླ11པ་ནས1993ལོའི་ཟླ4བའི་བར། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅིའི་འགན་བཞེས།( སྤྱི་ལོ1989ལོའི་ཟླ4བ་ནས1991ལོའི་ཟླ12པའི་བར། ཅི་ལེན་སློབ་ཆེན་གྱི་ལས་ཐོག་རམ་འབྱམས་འཛིན་གྲྭ་དཔལ་འབྱོར་དོ་དམ་སློབ་གླིང་ནས་རྒྱལ་དམངས་དཔལ་འབྱོར་འཆར་གཞི་དང་དོ་དམ་ཆེད་ལས་སློབ་སྦྱོང་བྱས།)

སྤྱི་ལོ1993ལོའི་ཟླ4བ་ནས1995ལོའི་ཟླ9བའི་བར། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་དང་ཏང་ཙུའུ་ཧྲུའུ་ཅི་གཞོན་པའི་འགན་བཞེས།(པུའུ་ཀྲང་གཞོན་པའི་རིམ་པ།)

སྤྱི་ལོ1995ལོའི་ཟླ9བ་ནས2002ལོའི་ཟླ4བའི་བར། ཀན་སུའུ་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པའི་འགན་བཞེས་ཤིང་།  ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་ཡིན།

སྤྱི་ལོ2002ལོའི་ཟླ4བ་ནས2002ལོའི་ཟླ12བའི་བར། ཀན་སུའུ་ཞིང་ཆེན་གྱི་རྒྱུན་ཨུ་དང་ཧྲེང་ཀྲང་གཞོན་པ། སྲིད་ཁྲིམས་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2002ལོའི་ཟླ12པ་ནས2007ལོའི་ཟླ1པའི་བར། ཀན་སུའུ་ཞིང་ཆེན་གྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2007ལོའི་ཟླ1པ་ནས2007ལོའི་ཟླ4བའི་བར།  ཀན་སུའུ་ཞིང་ཆེན་གྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུའི་ཧྲུའུ་ཅི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས།

སྤྱི་ལོ2007ལོའི་ཟླ4བ་ནས2008ལོའི་ཟླ1པའི་བར།  ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཏང་ཙུའུ་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2008ལོའི་ཟླ1པའི་ཚེས28ཉིན། ཀན་སུའུ་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་དམངས་ཆེན་གྲོས་ཚོགས་ཐེངས་དང་པོའི་སྟེང་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གཞོན་པར་བདམས། 

རྒྱལ་ཡོངས་ཀྱི་སྐབས་བདུན་པ་དང་བརྒྱད་པའི་སྲིད་གྲོས་ཨུ་ཡོན། ཀན་སུའུ་ཞིང་ཆེན་སྐབས་དགུ་བ་དང་བཅུ་བའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་བཅས་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-18

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།