ཡོངས་འཛིན་རིག་མཛོད། >ས་ཁམས། >ས་ཁོངས། >གཞན་དག

ཐད་གཏོགས་གྲོང་ཁྱེར།

ཐད་གཏོགས་གྲོང་ཁྱེར་ནི་རྒྱལ་ཁབ་མང་ཆེ་བའི་ཆེས་གལ་ཆེ་བའི་སྲིད་འཛིན་ས་ཁུལ་ཡིན་ཞིང་། མིང་འདི་ནི་ཀྲུང་གོ་དང་ཁྲའོ་ཞན། ཁོ་རེ་ཡ། ཡོ་ནན་སོགས་རྒྱ་ཡིག་རིག་གནས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱིས་སྤྱོད་པ་ཡིན་ལ། ངོ་གདོང་གི་ནང་དོན་ནི་ཐད་ཀར་ཀྲུང་དབྱང་སྲིད་གཞུང་གིས་དོ་དམ་དང་སྒྲིག་འཛུགས་བྱེད་པའི་གྲོང་ཁྱེར་ཡིན། ཐད་གཏོགས་གྲོང་ཁྱེར་དུ་འགྱུར་དགོས་ན་སྡོད་དམངས་མི་གྲངས་ཅུང་མང་དགོས་པར་མ་ཟད། སྤྱིར་བཏང་དུ་རྒྱལ་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱི་ཐད་ནས་གོ་གནས་གལ་ཆེན་ཟིན་དགོས། གོ་བ་འཛིན་སྟངས་འདི་ནི་སྤྱི་ལོ1930ལོར། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི《གྲོང་ཁྱེར་སྒྲིག་འཛུགས་བཅའ་ཁྲིམས》ཞེས་པར་ཁུངས་གཏུགས་པ་ཡིན་ལ། ཐད་གཏོགས་གྲོང་ཁྱེར་གནས་ཐིག་གཏན་ཁེལ་ལ་དམིགས་བསལ་ལྡན་པའི་དབང་གིས་ཐད་གཏོགས་གྲོང་ཁྱེར་གྱི་གྲོང་ཁྱེར་ཨུ་ཡོན་ཧྲུའུ་ཅིའི་འགན་ནི་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་གཅིག་ལྕོགས་སུ་འཁུར་བ་ཡིན། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་དུས་སྐབས་སུ་ཆེས་མང་ཡང་ཐད་གཏོགས་གྲོང་ཁྱེར12བཙུགས་ཡོད་དེ། སོ་སོ་ནི་ནན་ཅིན་དང་། ཧྲང་ཧའེ། ཁྲུང་ཆིང་། ཐེན་ཅིན། ཧན་ཁོ། ཆིང་ཏའོ། ཏ་ལེན། ཧྲེན་དབྱང་། ཧ་ཨེར་པིན། ཞི་ཨན། ཀོང་ཀྲོའུ། པེ་ཕིང་བཅས་ཡིན་ལ། རྒྱལ་ཁབ་བཙུགས་པའི་ཐོག་མའི་དུས་སྐབས་སུ་ཐད་གཏོགས་གྲོང་ཁྱེར་བཙུགས་པ་ནི། པེ་ཅིང་། ཧྲང་ཧའེ། ནན་ཅིན། ཁྲུང་ཆིང་། ཧྲེན་དབྱང་། ཧ་ཨེར་པིན། ཞི་ཨན། ཀོང་ཀྲོའུ། ཧྥུ་ཧྲུན་། པིན་ཞི། ཝུའུ་ཧན། ཁྲང་ཁྲུན་བཅས་ཡིན་ཞིང་། མིག་སྔར། ཀྲུང་གོའི་སྐམ་ས་ཆེན་པོ་ས་ཁུལ་དུ་བསྡོམས་པས་ཐད་གཏོགས་གྲོང་ཁྱེར་བཞི་སྟེ། པེ་ཅིང་། ཧྲང་ཧའེ། ཐེན་ཅིན། ཁྲུང་ཆིང་བཅས་ཡིན།

རིགས་དབྱེ།  

ཀྲུང་གོའི་ནུབ་རྒྱུད་ས་ཁུལ།

ཀྲུང་གོའི་ནུབ་རྒྱུད་ས་ཁུལ་ནི་སི་ཁྲོན་དང་ཡུན་ནན། ཀུའེ་ཀྲུའུ། བོད་ལྗོངས། ཁྲུང་ཆིང་། ཧྲའན་ཞི། ཀན་སུའུ། མཚོ་སྔོན། ཞིན་ཅང་། ཉིང་ཞ། ནང་སོག ཀོང་ཞི་བཅས་རང་སྐྱོང་ལྗོངས་དང་། ཞིང་ཆེན། གྲོང་ཁྱེར་བཅུ་གཉིས་ལ་བརྗོད་པའོ།

རིགས་དབྱེ།  

ཞི་ཨན།

ཞི་ཨན་ལ་གནའ་དུས་ཁྲང་ཨན་ཞེས་འབོད་པ་དང་། ཧྲན་ཞི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཡིན། ཞི་ཨན་ནི་ཀོན་ཀྲུང་བདེ་ཐང་གི་དཀྱིལ་རྒྱུད་དུ་ཆགས་ཡོད། བྱང་ཕྱོགས་ཝེ་ཧོ་ཆུ་བོ་དང་ཉེ་ཞིང་། ལྷོ་རྒྱུད་ཆིན་ལིན་རི་བོ་དང་འབྲེལ་ཡོད། ཞི་ཨན་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་གནའ་བོའི་གྲོང་ཁྱེར་ཞིག་ཡིན་པར་མ་ཟད། ཀེ་རི་སེའི་ཡ་ཏེན་དང་ཨེ་ཅིབ་ཀྱི་ཁེ་རོ། དབྱི་ཐ་ལའི་རོ་མ་བཅས་གྲོང་ཁྱེར་བཞི་ལ་འཛམ་གླིང་གི་གནའ་བོའི་རྒྱལ་ས་གྲགས་ཅན་བཞི་ཟེར།

རིགས་དབྱེ།  

ནན་ཅིང་གྲོང་ཁྱེར།

ནན་ཅིང་གྲོང་ཁྱེར་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅང་སུའུ་ཞིང་ཆེན་གྱི་ཞིང་ཆེན་སྲིད་གཞུང་ཆགས་གནས་དང་། ཀྲུང་གོའི་གནས་བོའི་རྒྱལ་ས་ཆེན་པོ་དྲུག་གི་ཡ་གྱལ་ཡིན། འབྲི་ཆུའི་སྨད་རྒྱུད་ཀྱི་ཉིན་ཀྲུན་དེའུ་འབུར་ཏེ་འབྲི་ཆུའི་ཟུར་གསུམ་ས་ཁུལ་དུ་ཆགས་ཡོད། ནན་ཅིང་གི་ཤར་ཕྱོགས་ནི་རྒྱ་མཚོ་དང་འབྲེལ་འདུག་པས་ཀྲུང་གོའི་ཚོང་ལས་དང་བཟོ་ལས་སོགས་དར་རྒྱས་ཆེ་བའི་གྲོང་ཁྱེར་གཙོ་བོ་ཞིག་ཡིན། གྲོང་ཁྱེར་ཡོངས་སུ་མི་གྲངས་ཁྲི་ཚོ861ལྷག་མཆིས།

རིགས་དབྱེ།  

ཧང་ཀྲིག་གྲོང་ཁྱེར།

ཧང་ཀྲིག་གྲོང་ཁྱེར་ནི་ཆན་ཐང་ཅང་གཙང་བོའི་སྨད་རྒྱུད་ཀྱི་བྱང་ངོགས་དང་ཅིན་ཧང་མིས་བཟོའི་གཙང་བོའི་ལྷོ་སྣེ། ཀྲུང་གོའི་ཤར་ལྷོའི་རྒྱ་མཚོའི་མཚོ་རྒྱུད་དུ་ཆགས་ཤིང་། ཀྲེ་ཅིང་ཞིན་ཆེན་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། འགྲིམ་འགྲུལ། ཚན་རིག་སློབ་གསོ། དངུལ་རྩ་བཅས་ཀྱི་ལྟེ་བ་ཡིན་པར་མ་ཟད། ཀྲུང་གོའི་ཤར་ལྷོ་ས་ཁུལ་གྱི་འགྲིམ་འགྲུལ་གཞུང་ལམ་གྱི་སྲོག་རྩ་ལྟ་བུ་ཡིན།

རིགས་དབྱེ།  

ལའོ་དབྱང་གྲོང་ཁྱེར།

ལའོ་དབྱང་གྲོང་ཁྱེར་ནི་ཧོ་ནན་ཞིང་ཆེན་གྱི་ནུབ་ཕྱོགས་ཏེ་རྨ་ཆུའི་བར་རྒྱུད་ཀྱི་ལའོ་ཧི་ཆུ་བོའི་ཉིན་ཕྱོགས་སུ་ཆགས་པས་ན་གྲོང་ཁྱེར་གྱི་མིང་ལ་ལའོ་དབྱང་ཐོགས་པ་རེད། ལའོ་དབྱང་གྲོང་ཁྱེར་ལ་ལོ་ངོ5000ལྷག་གི་རིག་གནས་དཔལ་ཡོན་གྱི་ལོ་རྒྱུས་དང་ལོ་ངོ་4000ལྷག་གི་གྲོང་ཁྱེར་ཆགས་པའི་ལོ་རྒྱུས། ལོ་ངོ1500ལྷག་གི་རྒྱལ་ས་བྱས་པའི་ལོ་རྒྱུས་བཅས་ལྡན་པར་མ་ཟད། རྒྱལ་པོ105ཡིས་གྲོང་ཁྱེར་དེ་རུ་སྲིད་ཀྱི་འཁོར་ལོ་བསྐོར་བ་རེད། དུས་ཡུན་ངེས་ཅན་ཞིག་གི་ནང་དུ་ལའོ་དབྱང་གྲོང་ཁྱེར་ནི་ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་དང་འགྲིམ་འགྲུལ་གྱི་འགག་མདོ་ཡིན།

རིགས་དབྱེ།  

དོལ་པོ།

དོལ་པོ་ནི་ལོ་རྒྱུས་ཐོག་བོད་ཀྱི་ཆ་ཤས་ཡིན་པ་བསྙོན་དུ་མེད་ཀྱང་དེང་སྐབས་བལ་ཡུལ་རྒྱལ་ཁོངས་སུ་གནས། བལ་ཡུལ་ལ་མངའ་སྡེ་བཅུ་བཞི་དང་རྫོང་ཁག་དོན་ལྔ་ཡོད་པའི་ཁོངས་ཀར་ན་ལི་མངའ་སྡེ་དང་། ཌོལ་པ་རྫོང་གི་ཁོངས་སུ་གཏོགས་པར་གྱུར། ཌོལ་པ་ལ་སྟོད་སྨད་གཉིས་སུ་ཕྱེས་ཡོད་པ་སྟེ་འདུ་གནས་ཡན་ཆད་ལ་ཌོལ་པ་སྟོད་དང་འདུ་གནས་མན་ཆད་ལ་ཌོལ་པ་སྨད་དུ་བརྩི་བ་ཡིན།

རིགས་དབྱེ།  

དཔལ་ཡུལ།

རིགས་དབྱེ།  

མཛོད་དགེ།

ཕྱོགས་ཡར་མར་དུ་འགྲོ་འོང་མང་དུ་བྱས་པས་ཕྱག་མཛོད་དགེ་འདུན་ནམ་མཛོད་པ་དགེ་འདུན་ཞེས་མིང་གྲགས་ཅན་ཞིག་བྱུང་། དེའི་རྒྱུད་དང་རུ་སྡེ་ལས་མཛོད་དགེ་ཞེས་པའི་མིང་ཡུལ་ཁམས་སྤྱི་ལ་ཆགས་པར་གསུངས་སོ། །

རིགས་དབྱེ།  

ས་ཁམས་ཀྱི་མངའ་ཁོངས།

དེ་ནི་ས་ཁམས་རིག་པ་སྨྲ་བ་མང་པོ་ཞིག་གིས་འཛམ་གླིང་སྟེང་གི་ས་ཁུལ་སོ་སོའི་རི་ལུང་དང་ས་དབྱིབས། མཁའ་དབུགས་སོགས་རང་བྱུང་ཁོར་ཡུག་དང་། དེ་དག་སོ་སོའི་ཐོན་རྫས་དང་འགྲིམ་འགྲུལ། སྡོད་གནས་དང་བཅས་པའི་སྤྱི་ཚོགས་དཔལ་འབྱོར་གྱི་གྲུབ་རྒྱུ་སྣ་ཚོགས་ལ་ཞིབ་འཇུག་བྱས་ཏེ་འཛམ་གླིང་ས་ཁམས་ཀྱི་མངའ་ཁོངས་དབྱེ་སྟངས་ཤིག་ལ་ཟེར།

རིགས་དབྱེ།  

ཀྲེང་ཀྲོའུ།

ཀྲེང་ཀྲོའུ་ཞེས་པའི་བསྡུས་མིང་ལ་ཀྲེང་ཟེར། གནའ་བོའི་དུས་སུ་ཚོང་གྲོང་ཟེར་ཞིང་། ཧོ་ནན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་དང་། ཀྲུང་གོའི་དབུས་རྒྱུད་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་གལ་ཆེན་དང་།རྒྱལ་ཁབ་ཀྱི་གལ་ཆེའི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས། ཚོང་དོན་ཟོག་འགྲེམས་ལྟེ་གནས་སོགས་ཡིན། ཧོ་ནན་ཞིང་ཆེན་དབུས་རྒྱུད་ཀྱི་བྱང་དུ་གནས་པ་དང་། ཤར་དུ་ཁའེ་ཧྥེང་དང་འབྲེལ་བ། ནུབ་ཏུ་ལུའོ་དབྱང་དང་འབྲེལ་བ། བྱང་དུ་རྨ་ཆུ་དང་ཤིན་ཞང་།ཅའོ་ཙུའོ་དང་ཁ་གཏད་དུ་གནས་པ། ལྷོ་རུ་ཞུས་ཁྲང་དང་ཕིང་ཏིང་རི་བོའི་ས་མཚམས་དང་འབྲེལ་བ།ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག112°42′-114°14′དང་། བྱང་གི་འཕྲེད་ཐིག34°16′-34°58′ཡིན། ཀྲེང་ཀྲོའུ་ནི་ཧྭ་ཞ་ཤེས་རིག་གི་འབྱུང་གནས་གལ་ཆེན་ཞིག་དང་།རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་རྒྱལ་ཁབ་ཀྱིས་གཙོ་གནད་དུ་རྒྱབ་སྐྱོར་བྱེད་པའི་གནའ་ཤུལ་ཁུལ་ཆེན་པོ་དྲུག་གི་གྲས་བཅས་ཡིན། ཀྲེང་ཀྲོའུ་ནི་ལོ་རྒྱུས་ཐོག་རྒྱལ་ས་ཐེངས་ལྔ་བྱས་མྱོང་། སྤྱི་ལོ2017ལོའི་ཟླ་དང་པོར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འཕྲིན་ཡིག་སྤྲིངས་ནས་ཀྲེང་ཀྲོའུ་རུ་རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཡོད།

རིགས་དབྱེ།  

ཏུང་ཨ་རྫོང་།

ཏུང་ཨ་རྫོང་ནི་ཧྲན་ཏུང་ཞིང་ཆེན་ལེའོ་ཁྲེང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧྲན་ཏུང་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་པ་དང་། ཤར་དུ་ཐའེ་ཧྲན་རི་བོ་དང་། ལྷོ་རུ་རྨ་ཆུར་ཐུག་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ729ཟིན་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་ཏུང་ཨ་རྫོང་ཁོངས་གཏོགས་སུ་གྲོང་རྡལ་དང་ཁྲོམ་གཞུང10དང་ཞིང་ཆེན་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ1ཡོད་པ་དང་ཐེམ་ཐོའི་མི་གྲངས་ཁྲི40.95ཟིན་ཡོད། ཏུང་ཨ་རྫོང་ནི་ཁྲུན་ཆིའུ་ཀྲི་ཡུས་སུ་བཙུགས་པ་དང་། ཆིན་རྒྱལ་རབས་ཀྱིས་རྫོང་གི་ལམ་ལུགས་བཙུགས་ནས་ད་ལྟའི་བར་ལོ་ངོ2000ལྷག་ཙམ་གྱི་ལོ་རྒྱུས་ཡོད། མངའ་ཁོངས་སུ་ཏ་ཝུན་ཁོའུ་རིག་གནས་དང་། ལུང་ཧྲན་རིག་གནས། ཚངས་ཅའེ་བང་སོ། ཏེང་ལྷ་ཁང་གི་རྡོ་བརྐོས་སྐུ་བརྙན། ཧྥན་པ་དགོན། ཅིང་ཅུའེ་དགོན་པ་སོགས་རིག་གནས་རྗེས་ཤུལ་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་ཏུང་ཨ་རྫོང་དུ་ཏུང་ཨ་ཨ་ཅའོ་ཁྲེང་གི་རྒྱལ་ཁབA4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ1དང་། A3རིམ་པའི་མཛེས་ལྗོངས་ཁུལ3 རྒྱལ་ཁབ་རིམ་པའི་རྨ་ཆུའི་ནགས་ཚལ་སྤྱི་གླིང1 རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང1བཅས་ཡོད། རྒྱལ་ལམ105དང་། རྒྱལ་ལམ341དང་ཞིང་ཆེན་ལམ་གསུམ་བཅས་ཏུང་ཨ་རྫོང་གི་མངའ་ཁོངས་ཡོངས་སུ་ཁྱབ་ཡོད། སྤྱི་ལོ2018ལོར་ཏུང་ཨ་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར220.55ཟིན་པ་དང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར18.13ཟིན་ཡོད།

རིགས་དབྱེ།  

ཁྲང་ཨན་ཆུས།

ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་ཁྲང་ཨན་ཆུས་ནི་ཀོན་ཀྲུང་བདེ་ཐང་གི་དབུས་སུ་གནས་པ་དང་། ནུབ་དང་ལྷོ་ཕྱོགས་གཉིས་ནས་ཞི་ཨན་གྲོང་ཁུལ་བསྐོར་ཞིང་། རི་དང་། ཁྲོན། ཡུན་ཐུང་བཅས་ཚང་མར་ཁྱབ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་བཞི་མ1580ཟིན་ཡོད། ཁྲོམ་གཞུང་དོན་གཅོད་ཁང25དང་། ལྗོངས་ཡོངས་སུ་རྒྱུན་སྡོད་མི་འབོར་ཁྲི113.0213(2019ལོ)ཡོད། ཐེམ་ཐོ་ཡོད་པའི་མི་འབོར་ཁྲི108.30(2016ལོར)ཡོད། ཁྲང་ཨན་ཆུས་ཀྱི་གནས་ཡུལ་ལེགས་པ་དང་འགྲིམ་འགྲུལ་སྟབས་བདེ་བ་དང་། ཁུལ་སྲིད་གཞུང་ཝུའེ་ཁུལ་བཅའ་སྡོད་བྱ་ཡུལ་ཞི་ཨན་གྲོང་ཁྱེར་གྱི་ལྟེ་བའི་མཚོན་བྱེད་ཅོང་ཁང་དང་བར་ཐག་སྤྱི་ལེ8.7ཙམ་ལས་མེད། གནའ་བོའི་ཁྲང་ཨན་ནི་ཀྲོའུ་ཆིན་ཧན་ཐང་སོགས་རྒྱལ་རབས་བཅུ་གསུམ་གྱི་རྒྱལ་ས་ཅིན་ཡུས་ས་ཆ་ཡིན་པ་དང་། མངའ་ཁོངས་སུ་ཀྲོའུ་རྒྱལ་རབས་ཀྱི་ཧྥེང་ཧའོ་གནའ་ཤུལ་དང་། ཆིན་རྒྱལ་རབས་ཀྱི་ཨ་ཧྥང་ཕོ་བྲང་སོགས་གནའ་ཤུལ་ཆེན་པོ་བཅུ་དང་། ཚུའེ་ཧྭ་རི་བོ། ཝུའུ་ཐའེ་རི་བོ། ཞང་ཡུས་རི་བོ། ཆིང་ཧྭ་རི་བོ་སོགས་རི་བོ་གྲགས་ཅན་བརྒྱད་ཡོད། ཞིན་ཅའོ་དགོན་པ་དང་། ཧྭ་ཡན་དགོན། ཞང་ཅི་དགོན་པ་སོགས་དགོན་སྡེ་བཞི་བཅུ་ཞེ་གཉིས་ཡོད་པ་དང་། རྒྱ་བསྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་ཆེན་པོ་བརྒྱད་ལས་ཆོས་སྐྱོང་གྲུབ་མཐའ་དང་། དག་ཞིང་གྲུབ་མཐའ་དང་། ཧྭ་ཡན་ཙུང་། འདུལ་ལུགས་བཅས་ཚང་མ་ཁྲང་ཨན་དུ་ཡོད། ཁྲང་ཨན་ནི་འགྲིམ་འགྲུལ་སྟབས་བདེ་བ་དང་ལྕགས་ལམ་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་སྦྲེལ་ཡོད། འཕྲིན་གཏོང་དར་རྒྱས་ཆེ་བ་དང་། གློག་ཤུགས་འདང་བ། ཆུ་ཁུངས་ཕུན་སུམ་ཚོགས་པ། ས་འོག་གི་ཆུ་ཚ་པོ་མང་པོ་ཡོད་པ་བཅས་རེད། སྤྱི་ལོ2017ལོའི་ཟླ12པར་ཀྲུང་གོའི་བཟོ་ལས་ཕུལ་བྱུང་ཅན་བརྒྱའི་རྫོང་དང་ཁུལ་དུ་བདམས་པ་རེད། སྤྱི་ལོ2018ལོའི་ཟླ11པར་སྤྱི་ལོ2018ལོའི་བཟོ་ལས་སྟོབས་ཆེན་བརྒྱའི་ཁུལ་དུ་བདམས་པ་རེད།

རིགས་དབྱེ།  

ཀྲུང་ཡོན་ས་ཁུལ།

ཀྲུང་ཡོན་ས་ཁུལ་ནི་ཧོ་ནན་ཞིང་ཆེན་སྲིད་འཛིན་ལྟེ་གནས་ཀྱི་ལྟེ་བའི་གྲོང་ཁུལ་དང་། ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ཆབ་སྲིད་དང་རིག་གནས་ཀྱི་ལྟེ་གནས་ཡིན། སྤྱི་ལོ2017ལོའི་བར་ཀྲུང་ཡོན་ས་ཁུལ་གྱི་ཁོངས་གཏོགས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ195ཟིན་པ་དང་དེའི་ཁོངས་སུ་ཁྲོམ་གཞུང12ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི104.8ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད90.96%ཟིན་ཡོད། སྤྱི་ལོ2017ལོར་ཀྲུང་ཡོན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར720.12ཟིན་ནས་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར69187ཟིན་པ་དང་ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ0.1:37.5:62.4ཟིན་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར702.49བཏང་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར275.71ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར37368ཟིན་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21205ཟིན་ཡོད། སྤྱི་ལོ2018ལོའི་ཟླ10པར་ཀྲུང་ཡོན་ས་ཁུལ་དེ“སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེ་བའི་ཁུལ”དང་། སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཆེ་བའི་ཁུལ་བརྒྱ་དང་། སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ལེགས་པའི་ཁུལ་བཅས་སུ་བདམས་པ་རེད།

རིགས་དབྱེ།  

ལི་ཁྲེང་ཆུས།

ལི་ཁྲེང་ཆུས་ནི་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧྲན་ཏུང་ཞིང་ཆེན་གྱི་ལྟེ་གནས་ཅི་ནན་གྱི་གྲོང་ཁྱེར་གྱི་དོ་དམ་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། ཅི་ནན་གྲོང་ཁྱེར་གྱི་དབུས་རྒྱུད་དུ་ཡོད། ཤར་ཅི་ནན་གྲོང་ཁྱེར་ཀྲང་ཆིའུ་ཆུས་དང་ཐའེ་ཨན་གྲོང་ཁྱེར་ཐའེ་ཧྲན་ཆུས་དང་ཁྱིམ་མཚེས་ཡིན། ནུབ་ཅི་ནན་གྲོང་ཁྱེར་གྱི་ལི་ཞ་ཆུས་དང་། ཅི་ནན་གྲོང་ཁྱེར་གྱི་དབུས་ཁུལ། ཅི་ནན་གྲོང་ཁྱེར་གྱི་ཐེན་ཆའོ་ཆུས། ཅི་ནན་གྲོང་ཁྱེར་གྱི་ཁྲང་ཆིང་ཆུས། ཅི་ནན་གྲོང་ཁྱེར་གྱི་ཅི་དབྱང་ཆུས་བཅས་དང་ཁྱིམ་མཚེས་ཡིན་ཞིང་། བྱང་ཅི་ནན་གྲོང་ཁྱེར་གྱི་ཀྲང་ཆིའུ་ཆུས་དང་། ཅི་ནན་གྲོང་ཁྱེར་གྱི་ཅི་དབྱང་ཆུས་དང་ཁྱིམ་མཚེས་ཡིན་ལ། ལྷོ་ཕྱོགས་ཅི་ནན་གྲོང་ཁྱེར་གྱི་གྲོང་ཁྱེར་དབུས་ཁུལ་དང་ཐའེ་ཨན་གྲོང་ཁྱེར་གྱི་ཐའེ་ཧྲན་ཆུས་དང་ཁྱིམ་མཚེས་ཡིན། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1298.57ཟིན་ཡོད། དེའི་ཁོངས་སུ་དོ་དམ་བྱེད་པའི་ཁྲོམ་ལམ21ཡོད། ལི་ཁྲེང་ནི་ལི་ཧྲན(ཆན་ཧྥོ་ཧྲན)གྱི་འོག་ཏུ་གནས་ཡོད་པས་མིང་དེ་ལྟར་ཐོགས་པ་ཡིན། སྤྱི་ལོ2018ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར927.6ཟིན་ཡོད་པ་དང4.2%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་གི་བསྡོམས་འབོར་སྒོར་དུང་ཕྱུར500.8ལ་སླེབས་ཡོད་པ་དང9.7%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར104.1ཡིན་ལ14.0%འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས16.3%འཕར་ཡོད། སྤྱི་ལོ2019ལོའི་ཟླ10པར་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེས་ཆེ་བའི་ཆུས་བརྒྱའི་ཁྲོད་ཀྱི་ཨང26པར་བདམས་ཐོན་བྱུང་ཞིང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེས་ཆེ་བའི་ཆུས་བརྒྱའི་ཁྲོད་དུ་བདམས་པ་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་སྟོབས་ཤུགས་ཆེས་ཆེ་བའི་ཆུས་བརྒྱའི་ཁྲོད་དུ་བདམས་ཐོན་བྱུང་།

རིགས་དབྱེ།  

ཁྲང་ཆིང་ཆུས།

ཁྲང་ཆིང་ཆུས་ནི་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧྲན་ཏུང་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཏེ། ཅི་ནན་གྲོང་ཁྱེར་གྱི་ཁོངས་གཏོགས་གྲོང་ཁྱེར་གྱི་གྲས་ཤིག་ཡིན་པ་དང་ཅི་ནན་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་ཡོད། ཤར་ཕྱོགས་སུ་ཅི་ནན་གྲོང་ཁྱེར་གྱི་ཧྲི་ཀྲུང་ཆུས་དང། ཅི་ནན་གྲོང་ཁྱེར་གྱི་ཧའེ་དབྱིན་ཆུས། ཅི་ནན་གྲོང་ཁྱེར་གྱི་ལི་ཁྲེང་ཆུས་དང་འབྲེལ་ཞིང་། ནུབ་ཕྱོགས་སུ་ཕིན་དབྱིན་རྫོང་དང་ཧྥེ་ཁྲེང་གྲོང་ཁྱེར་དང་འབྲེལ་ཡོད། བྱང་ཕྱོགས་སུ་ཆི་ཧོ་རྫོང་དང་འབྲེལ་ཡོད། ལྷོ་ཕྱོགས་སུ་ཐའེ་ཨན་གྲོང་ཁྱེར་གྱི་ཏའེ་ཡུའེ་ཆུས་དང་ཧྥེ་ཁྲེང་གྲོང་ཁྱེར་དང་འབྲེལ་ཡོད། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1209ཟིན། དེའི་ཁོངས་སུ་ཁྲོམ་ལམ7དང་གྲོང་རྡལ3ཡོད། སྲིད་འཛིན་གྲོང་ཚོ613ཡོད། སྤྱི་ལོ2001ལོའི་ཟླ6པའི་ཚེས26ཉིན། ཁྲང་ཆིང་རྫོང་ཕྱིར་འཐེན་བྱས་ཏེ། ཅི་ནན་གྲོང་ཁྱེར་ཁྲང་ཆིང་ཆུས་བཙུགས། སྤྱི་ལོ2018ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར366.9ཟིན་ཡོད་ལ9.2%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་གི་བསྡོམས་འབོར་སྒོར་དུང་ཕྱུར165.0ལ་སླེབས་ཡོད་པ་དང9.0%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར23.5ཡིན་ལ15.6%འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས19.6%འཕར་ཡོད།

རིགས་དབྱེ།  

ཅི་ལིན་གྲོང་ཁྱེར།

ཅི་ལིན་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་ཁོངས་གཏོགས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་གྱི་མིང་གཅིག་པའི་གྲོང་ཁྱེར་ཁོ་ན་ཡིན། བྱང་ཤར་ས་ཁུལ་དང་ཅི་ལིན་ཞིང་ཆེན་གྱི་གལ་ཆེ་བའི་འགྲིམ་འགྲུལ་ལྟེ་གནས་ཡིན་པའི་གྲོང་ཁྱེར་དང་བཟོ་ལས་རྟེན་གཞི་གསར་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་ནས་བཙུགས་པའི་གྲོང་ཁྱེར་ཅུང་ཆེ་བ། སྨུག་རྡུལ་འཁྲིགས་པའི་རྒྱལ་ས། ཀྲུང་གོའི་བྱང་ཕྱོགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྲོང་ཁྱེར། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན། ཀྲུང་གོའི་ཡིག་གཟུགས་གྲོང་ཁྱེར་སོགས་ཀྱི་མཚན་སྙན་གྲགས་དང་། ཧྥུའུ་པུའུ་སི་ཀྲུང་གོའི་སྐམ་ས་ཆེན་པོའི་ཚོང་ལས་རྩེ་གྲས་ཀྱི་གྲོང་ཁྱེར་གྱི་མིང་ཐོབ་ཡོད་ལ། རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་དང་པོ་བཅས་ཡིན། ཅི་ལིན་ཞིང་ཆེན་ནི་ཅི་ལིན་གྲོང་ཁྱེར་ལས་མིང་ཐོགས་པ་སྟེ། ཅི་ལིན་ཞིང་ཆེན་གྱི་དེ་སྔོན་གྱི་ཞིང་ཆེན་ལྟེ་གནས་ཡིན་ཞིང་། ཅི་ལིན་གྲོང་ཁྱེར་མན་ཇུའི་སྐད་དུ“ཅི་ལིན་ཝུའུ་ལ”ཞེས་བཏགས། དེའི་དོན་ནི“གཙང་པོའི་འགྲམ་རྒྱུད་ཀྱི་གྲོང་ཁྱེར”ཞེས་པའོ།། ཁང་ཞིའི་གོང་མ་ཅི་ལིན་གྲོང་ཁྱེར་དུ་བསྐྱོད་སྐབས་བརྩམས་པའི《སུང་ཧྭ་ཅང་གཙང་པོའི་གྲུ་གཏོང་གླུ་དབྱངས》ཞེས་པར“ལེན་ཕུའུ་ཆུ་བོའི་རྒྱུད་ཀྱི་གྲོང་ཁྱེར”ཞེས་པའི་སྙན་ཚིག་བྲིས་ཡོད་པས། ཅི་ལིན་གྲོང་ཁྱེར་ལ“གྲོང་ཁྱེར་ཅང”དང“བྱང་རྒྱལ་གྱི་གྲོང་ཁྱེར”ཞེས་ཀྱང་འབོད། ཅི་ལིན་གྲོང་ཁྱེར་ནི་མན་ཇུའི་འབྱུང་གནས་ཤིག་ཡིན་ལ། ཅིན་ཅུས་ཟློས་གར་གྱི་ཕ་ཡུལ་གཉིས་པ་ཡིན། མངའ་ཁོངས་སུ་རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས། ཧུའེ་རིགས། ཁྲའོ་ཞན་སོགས་མི་རིགས35འདུས་སྡོད་བྱས་ཡོད།

རིགས་དབྱེ།  

ཀྲང་ཆིའུ་ཆུས།

ཀྲང་ཆིའུ་ཆུས་ནི་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་གྱི་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ཤིག་ཡིན་པ་དང་། ཅི་ནན་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ཡོད། བྱང་གི་འཕྲེད་ཐིག36°25′-37°09′དང་། ཤར་གྱི་གཞུང་ཐིག117°10′-117°35′བར་དུ་ཆགས་ཡོད། ཀྲང་ཆིའུ་ཆུས་ཀྱི་ས་བབ་ནི་རི་ཁུལ་དང་། རི་མ་ཐང་། བདེ་ཐང་བཅས་སུ་གནས་པ་དང་། ལྷོ་མཐོ་བྱང་དམའ་དང་། བྱང་ཁུལ་དུ་རྨ་ཆུ་ཡོད། ཀྲང་ཆིའུ་ཆུས་ནི་དྲོ་ཁུལ་གྱི་བརླན་གཤེར་ཆེ་བའི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་གནམ་གཤིས་ལ་གཏོགས། དུས་བཞི་བཞིའི་དབྱེ་བ་གསལ། སྤྱི་ལོ2017ལོའི་བར་དུ། ཀྲང་ཆིའུ་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1719ཟིན་པ་དང་དེའི་ཁོངས་སུ་ཁྲོམ་ལམ15དང་། གྲོང་རྡལ3 གྲོང་ཚོ921གཏོགས། སྤྱི་ལོ2018ལོའི་ལོ་མཇུག་ཏུ་ཁྱིམ་ཐོ་ཡོད་པའི་མི་འབོར་ཁྲི105.2ཡོད། སྤྱི་ལོ2018ལོར་ཀྲང་ཆིའུ་ཆུས་ཀྱི་ལོ་ཧྲིལ་པོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1072.7ཟིན་ཡོད་ལ11.1%འཕར་ཡོད། ཀྲང་ཆིའུ་ཆུས་ལ་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར”དང་། རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར། “ཀྲུང་གོའི་རྫ་ཆས་ནག་པོའི་ཕ་ཡུལ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཡོད། སྤྱི་ལོ2017ལོའི་ཟླ12པར་ཀྲུང་གོའི་བཟོ་ལས་ཕུལ་བྱུང་ཅན་བརྒྱའི་རྫོང་དང་ཆུས་སུ་བདམས། སྤྱི་ལོ2018ལོའི་ཟླ9པར《སྤྱི་ལོ2018ལོའི་ཀྲུང་གོའི་སྟོབས་ཤུགས་ཆེས་ཆེ་བའི་ཆུས་བརྒྱའི་འཕེལ་རྒྱས་ཀྱི་དཔེ་དེབ་དཀར་པོ》པེ་ཅིང་དུ་ཁྱབ་བསྒྲགས་བྱས་ཏེ། སྤྱི་ལོ2018ལོའི་ཀྲུང་གོའི་སྟོབས་ཆེའི་ཆུས་བརྒྱའི་ནང་དུ་བདམས་ཐོན་བྱུང་། སྤྱི་ལོ2018ལོའི་ཟླ11པར། སྤྱི་ལོ2018ལོའི་བཟོ་ལས་སྟོབས་ཆེན་བརྒྱའི་ཆུས་སུ་བདམས། སྤྱི་ལོ2019ལོའི་ཟླ7པར་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་སྟོབས་ཆེའི་རྫོང་གི་ལས་གྲྭའི་དཔེ་སྟོན་རྫོང་གི་ནང་དུ་བཞག སྤྱི་ལོ2019ལོའི་ཟླ11པར་ཆུ་གྲོན་ཆུང་གི་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ཐོན་རྫོང་གི་མིང་ཐོ་ཁག་གཉིས་པའི་ནང་ཚུད་ཡོད། སྤྱི་ལོ2019ལོར་སྐར་བཞི་རིམ་པའི་ཤེས་རབ་གྲོང་ཁྱེར་གསར་པ་འཛུགས་སྐྲུན་བྱེད་པའི་ཚོད་ལྟའི་གྲོང་ཁྱེར་ཡིན།

རིགས་དབྱེ།  

ཆའོ་ཞི་ཆུས།

ཆའོ་ཞི་ཆུས་ནི་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དང་། གྲོང་ཁུལ་གྱི་ཅིན་ཀོང་ལྕགས་ལམ་གྱི་ནུབ་རྒྱུད་དུ་གནས་པ་དང་། ཀྲུང་ཧྲན་ལམ་གྱི་ལྷོ་རྒྱུད། ནུབ་རྒྱུད་ལུའུ་ཆོན་ཁུལ་དང་། བྱང་རྒྱུད་ནི་ཞིན་ཧྭ་ས་ཁུལ་དང་འབྲེལ་ཡོད། ཆའོ་ཞི་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ75.28ཡོད་པ་དང་དེའི་ཁོངས་སུ་ཁྲོམ་གཞུང17ཡོད་པ་དང་། དེར་ཁྱོན་མི་འབོར་ཁྲི80(2014ལོར)ཡོད་པ་རེད། སྤྱི་ལོ2014ལོར་ཆའོ་ཞི་ཆུས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར374.4ལེགས་གྲུབ་བྱུང་ཡོད། ཆའོ་ཞི་ཆུས་སུ་ཡུས་ཞི་སྤྱི་གླིང་དང་། པའེ་ཆིའུ་ཨེན་བང་སོ། ཧྲི་ཅ་ཀྲོང་ཞི་བདེ་སྤྱི་གླིང་སོགས་མཛེས་ལྗོངས་ཁུལ་མང་པོ་ཡོད།

རིགས་དབྱེ།  

ཅི་དབྱང་ཆུས།

ཅི་དབྱང་ཆུས་ནི་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ལུའུ་ནུབ་བྱང་བདེ་ཐང་གི་ལྷོ་རྒྱུད་དུ་ཆགས་ཡོད་ལ། ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཅི་ནན་གྱི་ཉེ་འདབས་ས་ཁུལ་ཡིན། ལྷོ་ཕྱོགས་རྨ་ཆུ་དང་། ནུབ་ཕྱོགས་ཆི་ཧོ་རྫོང་། བྱང་ཕྱོགས་ལིན་དབྱི་རྫོང་དང་ཧྲང་ཧོ་རྫོང་། ཤར་ངོས་ཧུའེ་རྨིན་རྫོང་བཅས་དང་འབྲེལ་ཞིང་། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1076.2ཟིན་ཡོད། ཅི་དབྱང་གི་མངའ་ཁོངས་སུ་ཀྲོའུ་ནུབ་མའི་སྐུ་དྲག་གི་བང་སོ་དང་། ཡུས་ཧོང་བང་སོ་སོགས་གནའ་བོའི་རིག་གནས་རྗེས་ཤུལ20དང་དེ་བཞིན་ཁུང་ཙི་ཝུན་ཧྲའོ་ཐའེ་གནའ་ཤུལ་སོགས་ཡོད་པ་དང་། རྫ་ནག་བཟོ་རྩལ་དང་རྔ་རྡུང་དབྱང་ཀོ་སོགས་སྐད་གྲགས་ཆེན་པོ་ཡོད། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་སྔོན་ཐོན་རྫོང་དང་རྒྱལ་ཡོངས་ཀྱི་སྔོ་ཚལ་ཐོན་ལས་སྔོན་ཐོན་རྫོང་སོགས་ཀྱི་མཚན་སྙན་ཐོབ་མྱོང་། སྤྱི་ལོ2018ལོར་ཅི་དབྱང་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་ལམ6དང་གྲོང་རྡལ4ཡོད། སྤྱི་ལོ2017ལོར་ཅི་དབྱང་ཆུས་ཀྱི་གཏན་སྡོད་མི་འབོར་ཁྲི55.5ཟིན་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར336.0ཟིན་པའི་ཁྲོད་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མས་སྒོར་དུང་ཕྱུར53.3ཟིན་ཡོད། ཐོན་ལས་གཉིས་པའི་རིན་ཐང་འཕར་མས་སྒོར་དུང་ཕྱུར172.6ཟིན་ཡོད། ཐོན་ལས་གསུམ་པའི་རིན་ཐང་འཕར་མས་སྒོར་དུང་ཕྱུར110.1ཟིན་ཡོད། ཐོན་ལས་གསུམ་པའི་བསྡུར་ཚད་15.9:51.3:32.8བཅས་ཡིན། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར61251ཟིན་ཡོད། སྤྱི་ལོ2020ལོར་ཧྲན་ཏུང་ཞིང་ཆེན་གྱི་སྐར་བཞི་རིམ་པའི་རིག་ལྡན་གྲོང་ཁྱེར་གསར་པ་འཛུགས་སྐྲུན་གྱི་ཚོད་ལྟའི་གྲོང་ཁྱེར་གྱི་གྲས་ཤིག་ཡིན།

རིགས་དབྱེ།  

ལའེ་ཝུའུ།

ལའེ་ཝུའུ་ཡི་གནའ་བོའི་མིང་ལ“དབྱི་དང་ནེད”ཅེས་ཟེར་ཞིང་། མིང་གཞན་ལ་ཀོང་ཁྲེང་ཟེར། ཧྲན་ཏུང་ཞིང་ཆེན་གྱི་དེ་སྔའི་ས་ཁུལ་རིམ་པའི་གྲོང་ཁྱེར(སྤྱི་ལོ2019ལོའི་ཟླ1པོར་དངོས་སུ་ཕྱིར་འཐེན་བྱས)ཡིན། ཧྲན་ཏུང་ཞིང་ཆེན་གྱི་དབུས་རྒྱུད་དང་། ཐའེ་ཧྲན་གྱི་ཤར་ངོས། བྱང་རྒྱུད་ཅི་ནན་གྲོང་ཁྱེར་ཀྲང་ཆིའུ་ཆུས། ཤར་ངོས་ཙི་པོ་གྲོང་ཁྱེར་གྱི་པོ་ཧྲན་རི་ཁུལ། དབྱི་ཡོན་རྫོང་། ལྷོ་ངོས་ཐའེ་ཨན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་ཞིན་ཐའེ་གྲོང་ཁྱེར། ནུབ་རྒྱུད་ཐའེ་ཨན་གྲོང་ཁྱེར་གྱི་ཏའེ་ཡུའེ་ཆུས་བཅས་དང་ས་མཚམས་འབྲེལ་ཡོད། ས་དབྱིབས་ནི་ལྷོ་ཕྱོགས་བདེ་ལ་བྱང་ཕྱོགས་གཟར་མོ་དང་བྱང་ཕྱོགས་སུ་འབུར་དུ་ཐོན་པའི་ཕྱེད་སྒོར་དབྱིབས་ཀྱི་གཞོང་ས་ཡོད། དྲོ་ཁུལ་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་དུས་བཞིའི་དབྱེ་བ་གསལ་པོ་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2246.21ཡོད་པ་དང་། དེའི་མངའ་ཁོངས་སུ་གྲོང་ཁྱེར་ཁོངས་གཏོགས2ཡོད་པ་དང་། སྤྱི་ལོ2017ལོར་གཏན་སྡོད་མི་འབོར་ཁྲི137.6ཡོད། ལའེ་ཝུའུ་གྲོང་ཁྱེར་ནི་སྔར་ནས་བཟུང་དམག་མིས་འཕྲོག་རྩོད་བྱེད་པའི་ས་ཆ་ཞིག་ཡིན་པ་དང་། ཁྲུན་ཆིའུ་དུས་སྐབས་སུ་དེ་གར“ཁྲང་ཧྲོ་དམག་འཐབ”བརྒྱབ་མྱོང་བ་དང་། བཅིངས་འགྲོལ་དམག་འཁྲུག་གི་དུས་སྐབས་སུ་ཧྭ་ཤར་བྱེས་འཐབ་དམག་སྡེས་དེ་གར“ལའེ་ཝུའུ་གཡུལ་འགྱེད”བསླངས། ལའེ་ཝུའུ་གྲོང་ཁྱེར་ལ“རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར”དང་། “རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར”“རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར”“ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར”བཅས་ཀྱི་མཚན་སྙན་ཐོབ་ཡོད་ལ། ཐེངས་ལྔ་ལ“རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར”གྱི་མཚན་སྙན་ཐོབ་ཡོད། སྤྱི་ལོ2017ལོར་ལའེ་ཝུའུ་གྲོང་ཁྱེར་གྱི་སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་དུ་བདམས་པ་རེད། སྤྱི་ལོ2017ལོར་ལའེ་ཝུའུ་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར896.02ཟིན་ཡོད་ལ། སྤྱི་ལོ2016ལོ་དང་བསྡུར་ན7.2%འཕར་ཡོད། སྤྱི་ལོ2019ལོའི་ཟླ་དང་པོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཁུལ་རིམ་པའི་ལའེ་ཝུའུ་གྲོང་ཁྱེར་ཕྱིར་འཐེན་བྱ་རྒྱུར་མཆན་བཀོད་བཀའ་ལན་གནང་ནས་དེའི་ཁོངས་གཏོགས་ས་ཁོངས་ཅི་ནན་གྲོང་ཁྱེར་གྱི་དོ་དམ་བྱེད་ཁོངས་སུ་བསྡུས། ཅི་ནན་གྲོང་ཁྱེར་ལའེ་ཝུའུ་ཆུས་བཙུགས་ནས་ལའེ་ཝུའུ་གྲོང་ཁྱེར་ལའེ་ཁྲེང་ཆུས་ཀྱི་སྲིད་འཛིན་ས་ཁོངས་ནི་ལའེ་ཝུའུ་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་། ཅི་ནན་གྲོང་ཁྱེར་གྱི་ཀང་ཁྲེང་ཆུས་བཙུགས་ནས་དེ་སྔའི་ལའེ་ཝུའུ་གྲོང་ཁྱེར་གྱི་ཀང་ཁྲེང་ཆུས་ཀྱི་སྲིད་འཛིན་ས་ཁོངས་དེ་ཀང་ཁྲེང་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཡིན།

རིགས་དབྱེ།  

ལི་ཞ་ཆུས།

ལི་ཞ་ཆུས་ནི་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཅི་ནན་གྲོང་ཁྱེར་གྱི་ཤར་རྒྱུད་དུ་ཡོད་པ་དང་། ཤར་ཕྱོགས་སུ་ལི་ཁྲེང་ཆུས་དང་ས་མཚམས་འབྲེལ་ཡོད། ནུབ་ཕྱོགས་སུ་ཐེན་ཆའོ་ཆུས་དང་ཧྲི་ཀྲུང་ཆུས་དང་ས་མཚམས་འབྲེལ་ཡོད། ལྷོ་ཕྱོགས་སུ་ཅི་ནན་གྲོང་ཁྱེར་གྱི་ལི་ཁྲེང་ཆུས་དང་ས་མཚམས་འབྲེལ་ཡོད། བྱང་ཕྱོགས་སུ་ལི་ཁྲེང་ཆུས་དང་ས་མཚམས་འབྲེལ་ཡོད། ས་ཁམས་ཁོར་ཡུག་གི་ལྟེ་གནས་ནི་བྱང་གི་འཕྲེད་ཐིག36°39′45″དང་ཤར་གྱི་གཞུང་ཐིག117°1′37″བར་དུ་ཆགས་ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ100.89ཡོད། ལི་ཞ་ཆུས་ཀྱི་གནའ་ཤུལ་གྲགས་ཅན་ལ་ཅེ་ཐུའུ་ཆུ་མིག་དང་། ཏ་མིང་མཚེའུ། ཆན་ཧྥོ་རི་བོ། ལུང་ཏུང་། ཁའེ་ཡོན་དགོན། གྲོང་སྐོར་སྤྱི་གླིང་སོགས་ཡོད། མཐོ་སློབ་གཙོ་བོ་ལ་ཧྲན་ཏུང་སློབ་ཆེན་དང་། ཧྲན་ཏུང་དགེ་འོས་སློབ་ཆེན། ཧྲན་ཏུང་ཀྲུང་ལུགས་གསོ་རིག་སློབ་ཆེན། ཆི་ལུའུ་བཟོ་ལས་སློབ་ཆེན། ཧྲན་ཏུང་སྲིད་ཁྲིམས་སློབ་གླིང་། ཧྲན་ཏུང་སྒྱུ་རྩལ་སློབ་གླིང་། ཧྲན་ཏུང་ཉེན་རྟོག་སློབ་གླིང་སོགས་ཡོད། སྤྱི་ལོ2017ལོར་སྔ་རྗེས་སུ་དུད་ཁྱིམ་ཁྲི20ལྷག་ཡོད་པ་དང་མི་འབོར་ཁྲི60ཙམ་ཟིན་ཡོད། སྤྱི་ལོ2018ལོར་ལི་ཞ་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་ལམ13ཡོད་ལ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་གི་བསྡོམས་འབོར(GDP)སྒོར་དུང་ཕྱུར1494.8ཟིན་ཡོད། དེའི་ནང་དུ་ཐོན་ལས་གཉིས་པའི་འཕར་ཐང་གིས་སྒོར་དུང་ཕྱུར233.1ཟིན་ལ། ལོ་འཁོར་སྔོན་མ་ལས་15.5%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་གིས(ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང)སྒོར་དུང་ཕྱུར1261.7ཟིན་ལ། ལོ་འཁོར་སྔོན་མ་ལས8.0%འཕར་ཡོད།

རིགས་དབྱེ།  

ཐུང་ཧྭ་གྲོང་ཁྱེར།

ཐུང་ཧྭ་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་གྱི་མངའ་ཁོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན་ལ། ཅི་ལིན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་ཆགས་ཡོད། ཤར་ངོས་པའེ་ཧྲན་གྲོང་ཁྱེར་དང་སྦྲེལ་ཞིང་། ནུབ་ངོས་སུ་ལེའོ་ཉིང་ཞིང་ཆེན་གྱི་པེན་ཞི་དང་། ཧྥུ་ཧྲིན། ཏན་ཏུང་སོགས་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན། ལྷོ་ངོས་སུ་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚི་ཅང་ཏའོ་དང་ཡ་ལུའུ་ཅང་གཙང་པོ་དང་ཁ་སྤྲོད་དུ་གནས་ཡོད། བྱང་ངོས་སུ་ལེའོ་ཡོན་གྲོང་ཁྱེར། ཅི་ལིན་གྲོང་ཁྱེར་དང་སྦྲེལ་ཡོད། དེའི་ཁོངས་སུ་ཏུང་ཁྲང་ཆུས་དང་ཨེར་ཏའོ་ཅང་ཆུས་ཀྱི་ཆུས་གཉིས་དང་། ཐུང་ཧྭ་རྫོང་དང་། ལིའུ་ཧོ་རྫོང་། ཧུའེ་ནན་རྫོང་བཅས་རྫོང་གསུམ་ཡོད་ཅིང་། ཅི་ཨན་གྲོང་ཁྱེར་དང་མེ་ཧོ་ཁོའུ་གྲོང་ཁྱེར་གྱི་རྫོང་རིམ་པའི་གྲོང་ཁྱེར་གཉིས་ཚབ་ཏུ་བདག་གཉེར་བྱེད་རྒྱུ། རི་ཁུལ་རྒྱ་ཁྱོན་གྱིས་གསུམ་ཆ་གཉིས་ཡན་ཟིན། དེ་ནི་ཁྲང་པའེ་རི་རྒྱུད་ཀྱི་ཁོངས་སུ་གཏོགས་པ་དང་། དྲོད་ཁུལ་འབྲིང་གྲས་ཀྱི་བརླན་གཤེར་གནམ་གཤིས་ཁུལ་ཡིན་ཞིང་། སྤྱི་ལོ2018ལོར་སྤྱིའི་མི་འབོར་ཁྲི215.94ཡོད་པ་རེད།​ཐུང་ཧྭ་ལ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན། དེ་ཀའོ་ཅིའུ་ལི་རིག་གནས་དང་ས་མན་རིག་གནས་ཀྱི་འབྱུང་གནས་ཡིན། ཀའོ་ཅིའུ་ལིས་ཅི་ཨན་དུ་རྒྱལ་ཁབ་བཙུགས་པའི་ལོ་ངོ425ཡི་རིང་གི་ཀའོ་ཅིའུ་ལི་ཝང་ཁྲེང་དང་། ཝང་ལིང་། དེ་བཞིན་སྐུ་དྲག་བཅས་ཀྱི་བང་སོ་ནི་བྱང་ཤར་ས་ཁུལ་དུ་སྒེར་ཚུགས་ལྡན་པར་རེ་འདུན་ལེགས་གྲུབ་བྱུང་བའི་འཛམ་གླིང་གི་ཤུལ་བཞག་རིག་གནས་ཁོ་ན་ཡིན་ཞིང་། ཨེ་ཤེ་ཡ་བྱང་ཤར་གྱི་དཔལ་འབྱོར་ཁུལ་གྱི་ལྟེ་བ་རུ་གནས། ཡ་ལུའུ་ཅང་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཁུལ་གྱི་ལྟེ་བའི་ཁུལ་ཡིན། རྒྱལ་ཁོངས་སུ་ཧྲི་ཧུའུ། ཅི་ཀོན་ཧྲན་སོགས་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་དྲུག་དང་། ལུང་ཝན། ཧ་ཉི་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ4ཡོད། བཙན་བདག་ཁྲའོ་དང་། ཅི་གོ་ཆུ་བོ་སོགས་རྒྱལ་ཁབ་རིམ་པའི་བརླན་སའི་སྤྱི་གླིང་གསུམ་ཡོད། སྤྱི་ལོ2018ལོར་ཐུང་ཧྭ་གྲོང་ཁྱེར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)བསྡུར་གཞིའི་རིན་གོང་ལྟར་བརྩིས་ན། ལོ་གོང་མ་ལས3.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་དུས་མཚུངས་ལས2.0%འཕར། ཐོན་ལས་གཉིས་པའི་འཕར་ཐང་དུས་མཚུངས་ལས5.3%འཕར། ཐོན་ལས་གསུམ་པའི་འཕར་ཐང་དུས་མཚུངས་ལས1.9%འཕར་ཡོད། མི་རེའི་ཆ་སྙོམསGDPདུས་མཚུངས་ལས4.3%འཕར་ཡོད།

རིགས་དབྱེ།  

གཉིས་བདུན་ཆུས།

གཉིས་བདུན་ཆུས་ནི་ཧོ་ནན་ཞིང་ཆེན་ཀྲེན་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན་ཞིང་། སྤྱི་ལོ1923ལོའི་ཟླ2པའི་ཚེས7ཉིན་ཅིན་ཧན་ལྕགས་ལམ་ལས་མཚམས་འཇོག་པའི་ལས་འགུལ་ལ་དྲན་གསོ་བྱེད་ཆེད་མིང་དེ་ལྟར་བཏགས་པ་དང་། ཀྲེང་ཀྲོའུ་གྲོང་ཁྱེར་ལྟེ་གནས་ཀྱི་ལྷོ་ནུབ་ཏུ་གནས་པ་དང་། ཤར་དུ་ཀོན་ཁྲེང་ཁུལ་དང་ནུབ་ཏུ་ཀྲུང་ཡོན་ཁུལ་དང་དབྱི་དབྱང་གྲོང་ཁྱེར་དང་འབྲེལ་ཡོད་ལ། ལྷོ་རུ་ཞིན་སྨི་གྲོང་ཁྱེར་དང་ཞིན་ཀྲེང་གྲོང་ཁྱེར། བྱང་དུ་ཅིན་ཧྲུའེ་ཆུས་བཅས་དང་འབྲེལ་ཡོད། སྤྱི་ལོ2017ལོའི་བར་གཉིས་བདུན་ཁུལ་གྱི་ཁོངས་གཏོགས་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ159ཟིན་པ་དང་དེའི་ཁོངས་སུ་ཁྲོམ་གཞུང17ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི80.15ལྷག་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད་90.39%ཙམ་ཟིན་ཡོད། གཉིས་བདུན་ཆུས་ནི་ལོ་རྒྱུས་རིང་ཞིང་རིག་གནས་ཀྱི་རྨང་མཐུག་པོ་ཡོད། ཧན་རྒྱལ་རབས་ཀྱི་ཡུལ་མིའི་སྡོད་གནས་ཏེང་ཀུང་ཀྲའེ་དང་མིང་རྒྱལ་རབས་ཀྱི་ཀྲོའུ་ཞོན་ཝང་ལིན་སོགས་ལོ་རྒྱུས་ཀྱི་རྗེས་ཤུལ་མང་པོ་ཡོད། ཀྲེང་ཀྲོའུ་རྨོ་བོའི་ལྷ་ཁང་གི་གནའ་ཤུལ་གྱིས་ཀྲུང་ཧྭའི་ཤེས་རིགས་ཐོན་ཁུངས་ཀྱི་འཚོལ་ཞིབ་ལོ་ཁྲི3ནས5བར་སྔོན་ལ་བསྲིངས་བ་དང་། ཧྲང་རྒྱལ་རབས་ཀྱི་རྫ་དཀར་གྱིས་ཀྲུང་གོའི་དཀར་ཆས་བསྲེགས་ནས་ལོ1000ལྷག་ཙམ་སྔོན་ལ་བསྲིངས་ཡོད། གཤིན་རྗེའི་ཡུལ་གྱི་རྫ་དཀར་དང་ཀྲེང་ཧྲེང་དཀར་ཆས་སོགས་འཛམ་གླིང་གི་ཕྱོགས་སུ་བསྐྱོད་ཡོད། ལོ་བརྒྱའི་ཁྲོམ་གཞུང་རྙིང་པའི་ཀུན་སྤྱོད་ཅན་གྱི“ཚོང་ལས་རིག་གནས”ཀྱི་སྙིང་སྟོབས་ད་བར་རྒྱུན་འཛིན་བྱས་པ་དང་། གཉིས་བདུན་དྲན་གསོའི་མཆོད་རྟེན་དེ་ཧོ་ནན་ཞིང་ཆེན་གྱི་སྤྱི་ལེ་ཀླད་ཀོར་ཚེག་གི་མཚོན་རྟགས་སུ་གྱུར་པ་དང་ཀྲེང་ཀྲོའུ་སྔོན་གཤེགས་དཔའ་བོའི་བང་སོ་ཁང་སོགས་ཀྱིས་གསར་བརྗེའི་རིག་གནས་ཟབ་མོ་བཞག་ཡོད། གཉིས་བདུན་ཆུས་ཀྱི་འགྲིམ་འགྲུལ་སྟབས་བདེ་དང་འཕྲིན་གཏོང་མགྱོགས་མྱུར་བྱུང་ཡོད་ལ། ཅིན་ཀོང་། ལུང་ཧའེ་ལྕགས་ལམ་གྱི་འཕར་རྩ་ཆེན་པོ་གཉིས་འདྲེས་ཡོད་པ་དང་། དེར་ཀྲུང་གོའི་ལྕགས་ལམ་གྱི་སྲོག་རྩ་ཞེས་འབོད་སྲོལ་ཡོད་ལ། ལྗོངས་ནང་ཁུལ་དུ་རྒྱལ་ཡོངས་ལྕགས་ལམ་གྱི་ལྟེ་གནས་ཆེ་ཤོས་ཏེ་ཀྲེང་ཀྲོའུ་འབབ་ཚུགས་ཡིན། སྤྱི་ལོ2017ལོར་གཉིས་བདུན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་སྒོར་དུང་ཕྱུར585.95ཟིན་ནས་མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར73520ཟིན་པ་དང་ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ0.0:17.3:82.7ཟིན་པ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར446.08བཏང་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བྱས་གྲངས་བསྡོམས་འབོར་སྒོར་དུང་ཕྱུར471.00ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར38623ཟིན་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར22558བཅས་ཟིན་ཡོད། སྤྱི་ལོ2018ལོའི་ཟླ10པར་སྤྱི་ལོ2018ལོའི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཁུལ་བརྒྱ་དང་། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཁུལ་བརྒྱ། རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱཁུལ་བརྒྱ་བཅས་སུ་བདམས་པ་རེད། རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་སྟོབས་ལྡན་རྫོང་གི་ལས་གཞིའི་ཚོད་ལྟའི་རྫོང་ཡིན། སྤྱི་ལོ2019ལོའི་ཟླ10པར་སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱཁུལ་བརྒྱའི་གྲས་སུ་བདམས་པ་དང་། སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་མ་འཇོག་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཆུས་བརྒྱའི་གྲས་སུ་བདམས་པ་རེད།

རིགས་དབྱེ།  

ཧུའེ་ཅི་ཆུས།

ཧུའེ་ཅི་ཆུས་ནི་ཧོ་ནན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཀྲེན་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན་པ་དང་། སྤྱི་ལོ2017ལོའི་བར་ཧུའེ་ཅི་ཁུལ་ཁོངས་གཏོགས་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ206ཟིན་པ་དང་དེའི་ཁོངས་གཏོགས་སུ་ཁྲོམ་གཞུང6དང་གྲོང་རྡལ2ཡོད་ལ་རྒྱུན་སྡོད་མི་འབོར་ཁྲི29.83ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད74.59%ཟིན་ཡོད་པ་རེད། ཧུའེ་ཅི་ཆུས་ནི་རྨ་ཆུའི་ལྷོ་ངོགས་སུ་གནས་པ་དང་། ཀྲེང་ཀྲོའུ་ལྟེ་བའི་གྲོང་ཁུལ་དང་ཐག་ཉེ་པའི་ཝུའེ་ཧྲན་རི་བོ་དང་འབྲེལ་ཡོད་ལ། བྱང་དུ་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོ་རྨ་ཆུ་དང་འབྲེལ་ཡོད། ཁུལ་ཡོངས་ཀྱི་ལྗོན་ཤིང་སྡོང་རྐང་ཁྲི600དང་ནགས་ཚལ་མུའུ་ཁྲི6.4བཅས་ཡོད་ཅིང་། ཧོ་ནན་ཞིང་ཆེན་གྱི“ཐང་ཆེན་སྔོ་འགྱུར་གྱི་མཐོ་རིམ་སྔོན་ཐོན་ས་ཁུལ”དང་རྒྱལ་ཁབ་རིམ་པའི“སྣོད་བཅུད་དཔེ་སྟོན་ཁུལ་འཛུགས་སྐྲུན་ཚོད་ལྟའི”ཚན་ཁག་ཏུ་གྱུར་ཡོད། ཧུའེ་ཅི་ཆུས་ནི་ཀྲེང་ཀྲོའུ་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་བྱང་རྒྱུད་ཚོགས་པ་ཞིག་ཡིན་པ་དང་། ཧུའེ་ཅི་ཁུལ་གསར་གྱི་འཆར་འགོད་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ48.8དང་། ཧོ་ནན་ཞིང་ཆེན་གྱི“གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ཚོད་ལྟའི”དང“ས་ཞིང་ཕྱོགས་བསྡུས་བེད་སྤྱོད་ཚོད་ལྟ”བཅས་ཡིན། སྤྱི་ལོ2017ལོར་ཧུའེ་ཅི་ཁུལ་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་སྒོར་དུང་ཕྱུར150.23ཟིན་པ་དང་། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་སྒོར50941ཟིན་པ། ཐོན་ལས་ཐེངས་གསུམ་གྱི་གྲུབ་ཆ3.1:36.4:60.5ཟིན་པ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར247.21བཏང་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་ལ་སྒོར་དུང་ཕྱུར124.37ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར31130ཟིན་པ། གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23486ཟིན་ཡོད།

རིགས་དབྱེ།  

ཅིན་ཧྲུའེ་ཆུས།

ཅིན་ཧྲུའེ་ཆུས་ནི་ཧོ་ནན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཀྲེན་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན་ཞིང་། ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་སུ་ཁོངས་གཏོགས་སུ་ཅིན་ཧྲུའེ་གཙང་པོ་ཡོད་པས་མིང་དེ་ལྟར་ཐོགས་པ་རེད། སྤྱི་ལོ2017ལོའི་བར་ཅིན་ཧྲུའེ་ཆུས་ཁོངས་གཏོགས་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ242ཟིན་པ་དང་དེའི་ཁོངས་སུ་ཁྲོམ་གཞུང17དང་རྒྱུན་སྡོད་མི་འབོར་ཁྲི171.33ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད91.57%ཟིན་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་ཁུལ་གྱི་གྲས་ཤིག་རེད། ཅིན་ཧྲུའེ་ཆུས་ནི་ཧོ་ནན་ཞིང་ཆེན་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དངུལ་རྩ། ཆ་འཕྲིན་བཅས་ཀྱི་ལྟེ་གནས་ཡིན་ལ། ཁོངས་གཏོགས་ཀྱི་དཔལ་འབྱོར་དར་རྒྱས་དང་། འགྲིམ་འགྲུལ་སྟབས་བདེ། སྒྲིག་བཀོད་སྔོན་ཐོན། ནུས་པ་འཐུས་ཚང་བཅས་ཡོད་པས་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་དང་ཅུང་སྤུས་ལེགས་པའི་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་ཡོད། སྤྱི་ལོ2017ལོར་ཅིན་ཧྲུའེ་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1596.29ཟིན་ནས་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར94043ཟིན་པ་དང་ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ0.1:8.6:91.3ཟིན་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར1011.4བཏང་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་ལ་བསྡོམས་འབོར་སྒོར་དུང་ཕྱུར866.71ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར42525ཟིན་པ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23964ཟིན་ཡོད། སྤྱི་ལོ2018ལོའི་ཟླ9པར་ཅིན་ཧྲུའེ་ཆུས་ནི་སྤྱི་ལོ2018ལོའི་ཀྲུང་གོའི་སྟོབས་ཆེ་བའི་ཁུལ་བརྒྱའི་གྲས་སུ་བདམས་པ་རེད། སྤྱི་ལོ2019ལོའི་ཟླ7པར་ཅིན་ཧྲུའེ་ཁུལ་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་རྒྱལ་ཁབ་ཤེས་བྱའི་བདག་དབང་གི་ལས་གྲྭའི་དཔེ་སྟོན་རྫོང(ཁུལ)ལ་བདམས་པ་རེད། རྒྱལ་ཁབ་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲེང་ཀྲོའུ་ཆེན་པོ་འཛུགས་སྐྲུན་བྱེད་པ་དང་། ཀྲེང་ཀྲོའུ་ལྟེ་བར་བྱས་པའི་ཀྲུང་ཡོན་གྲོང་ཁྱེར་ཁྱུ་ཚོགས་ཀྱི་དཔལ་འབྱོར་དར་ཁུལ་བསྐྲུན་ནས། ཅིན་ཧྲུའེ་ཁུལ་ལ་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་ནས། སྔར་ལས་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་བར་སྟོང་བསྐྲུན་ཡོད། མ་འཇོག་ཁོར་ཡུག་བཟང་པོ་དང་། མངོན་གསལ་དོད་པའི་ས་བབ་ཀྱི་ལེགས་ཆ། “གླིང་ལྔའི་རྒྱུད་གཅིག”འཛུགས་སྐྲུན། དེ་བཞིན་ཅིན་ཧྲུའེ་ཁུལ་ཨུད་དང་། ཁུལ་སྲིད་གཞུང་། ཁུལ་ཡོངས་ཀྱི་མི་དམངས་ཀྱིས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་མགྱོགས་སུ་གཏོང་བའི་འགན་འཁྲིའི་འཁུར་སེམས་ཆེན་པོ་ཡོད་པས་ཅིན་ཧྲུའེ་ཁུལ་འདི་ཉིད་དབུས་རྒྱུད་ས་ཁུལ་དུ་ཡིད་དབང་འགུག་ཤུགས་ལྡན་པའི་མ་འཇོག་འཕེལ་རྒྱས་ཀྱི་ས་ཆར་གྱུར་ཡོད། ལྷག་བསམ་རྣམ་དག་གིས་མངའ་ཁོངས་ཕྱི་ནང་གི་དཔྱོད་ལྡན་མི་སྣ་རྣམས་ཅིན་ཧྲུའེ་མ་འཇོག་ལས་དར་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཐུན་མོང་ཐོག་ཅིན་ཧྲུའེ་ཁུལ་གྱི་རེས་སྐོར་གསར་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐོ་རླབས་འཕྱུར་བར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་མཛེས་སྡུག་ལྡན་པའི་ཁོར་ཡུག་དང་། སྤུས་ལེགས་ཀྱི་ཞབས་ཞུ། གཟིགས་སྐྱོང་གི་སྲིད་ཇུས་བཅས་ལ་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གཏོད་རྒྱུ་ཡིན།

རིགས་དབྱེ།  

པེ་ཧྲན་གྲོང་ཁྱེར།

པེ་ཧྲན་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་གྱི་ཁོངས་གཏོགས་གྲོང་ཁྱེར་ཅིག་ཡིན་ལ། ཅི་ལིན་ཁྲང་པེ་ཧྲན་གྱི་ནུབ་ངོས་སུ་ཡོད། ཤར་ལྷོ་ཁོ་རེ་ཡ་མི་རིགས་རང་སྐྱོང་ཁུལ་དང་སྦྲེལ་ཞིང་། ནུབ་ཅིན་ནིང་དང་བྱང་ཅི་ལིན་པེ། ལྷོ་ཁོ་རེ་ཡ་ལྷོ་མའི་ཧེ་ཧྲན་གྲོང་ཁྱེར་གྱི་ཡཱ་ལེ་གཙང་བོ་དང་ཉེ་བར་འབྲེལ། ཁོངས་གཏོགས་གྲོང་ཁྱེར་ཁུལ2དང་། རྫོང2 རང་སྐྱོང་རྫོང1 སྐུ་ཚབ་དོ་དམ་བྱེད་པའི་རྫོང་རིམ་པའི་གྲོང་ཁྱེར1བཅས་འདུས་ཤིང་། ཁྲང་པེ་རི་བོའི་དཀྱིལ་སྙིང་དུ་གནས། ཁྲང་པེ་ཞུན་རྡོ་འབུར་ཐང་དང་ཅིན་ཡེའེ་ཞུན་རྡོ་འབུར་ཐང་གིས་མངའ་ཁོངས་ཀྱི་ས་ཁུལ་མང་ཆེ་ཤོས་སུ་ཁྱབ་ཡོད། ལུང་ཀང་རི་རྒྱུད་དང་ལོའོ་ལེན་རི་རྒྱུད་ས་རྒྱ་འཕྲེད་དུ་བཅད་དེ། བྱང་དྲོད་སྐམ་ས་རང་བཞིན་ཅན་གྱི་དུས་རླུང་ནམ་ཟླ་ཡིན། སའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ17485དང་། སྤྱི་ལོ2018ལོར་བསྡོམས་རྩིས་བྱས་པ་ལྟར་ན་མི་གྲངས་ཁྲི118ལྷག་ཡོད། པེ་ཧྲན་གྲོང་ཁྱེར་ནི་ཀྲུང་གོའི་ཤིང་ལས་ཐོན་ཁུངས་ཁུལ་གཙོ་བོ་ཞིག་ཡིན། ཁྲང་པེ་ཧྲན་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ས་གཞིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་དྲུག་ཅུ་པེ་ཧྲན་གྲོང་ཁྱེར་ན་ཡོད། གདོད་མའི་ནགས་ཚུལ་གྱིས་རྒོད་སྐྱེས་སྐྱེ་དངོས་སྲོག་ཆགས་ལ་རྒྱུད་སྤེལ་བའི་ཆ་རྐྱེན་གང་ལེགས་འདོན་སྤྲོད་བྱེད་ཅིང་། བྱང་ཤར་གྱི་དཀར་བོ་ཆིག་ཐུབ་དང་། གཟིག་ལྤགས། ཤྭ་ར་བཅས་རིན་པོ་ཆེ་གསུམ་གྱི་འབྱུང་ཡུལ་ཀྱང་ཡིན། མངའ་ཁོངས་སུ་སུང་དཔའ་ཅང་གཙང་བོའི་པེ་ཧྲན་ཆུ་མཛོད་ཁུལ་དང་། ཡཱ་ལོའོ་ཅང་གཙང་བོའི་ཡོན་ཧྥན་ཁུལ་བཅས་མཛེས་ལྗོངས་ཁུལ་འདུས། སྤྱི་ལོ1994ལོའི་ཟླ7པར། རྒྱལ་ཁབ་ནགས་ལས་སྡེ་ཁག་གིས་པེ་ཧྲན་གྲོང་ཁྱེར་ནས་རྒྱལ་ཁབ་ཀྱི་ནགས་ཚལ་ཡུལ་སྐོར་ཁུལ་བཙུགས་ཆོག་པར་ཆོག་མཆན་གནང་།

རིགས་དབྱེ།  

ཀོན་ཁྲེང་ཧུའེ་རིགས་ཆུས།

ཀོན་ཁྲེང་ཆུས་ནི་ཧོ་ནན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཀྲེན་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན་པ་དང་ཁྲུན་ཆིའུ་དུས་སྐབས་སུ་རྒྱལ་ས་ཀོན་གོ་གནས་འདིར་བཙུགས་པས་མིང་དེ་ལྟར་ཐོགས་པ་ཡིན་ལ། སྤྱི་ལོ2017ལོའི་བར་ཁོངས་གཏོགས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ204ཡོད་པ་དང་དེའི་ཁོངས་སུ་ཁྲོམ་གཞུང12དང་རྒྱུན་སྡོད་མི་འབོར་ཁྲི82.03ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད86.55%ཟིན་ཡོད། ཀོན་ཁྲེང་ཆུས་ནི་ཀྲེང་ཀྲོའུ་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། པེ་ཅིང་ནས་ཀོང་ཀྲོའུ་བར་གྱི་ལྕགས་ལམ་ཤར་ནུབ་དང་ལུང་ཧའེ་ལྕགས་ལམ་གྱི་ལྷོ་བྱང་འབྲེལ་མཚམས་སུ་གནས་པ་དང་།ས་ཁམས་ཀྱི་གནས་ཡུལ་ནི་བྱང་གི་འཕྲེད་ཐིག34℃ནས34℃བར་ཡིན་པ་དང་། ཤར་གྱི་གཞུང་ཐིག113℃ནས113-46བར་ཡིན། ཤར་ནི་ཀྲུང་མུའུ་རྫོང་དང་འབྲེལ་ཡོད། ནུབ་ནི་གཉིས་བདུན་ཆུས་དང་ལྷོ་ནི་ཤིན་ཀྲེང་གྲོང་ཁྱེར། བྱང་ནི་ཅིན་ཧྲུའེ་ཆུས་བཅས་དང་འབྲེལ་ཡོད། ཁྲུན་ཆིའུ་དུས་སྐབས་ཀྱི་ཏའོ་ཅའོ་མེས་པོ་ལེ་ཙི། སུང་བྱང་མའི་ཨར་ལས་རིག་པ་བ་ལི་ཆི། དེང་རབས་ཀྱི་ཝུའུ་ལན་དབྱིན་དང་། ཏེང་ཡ་ཕིན། ཧོའུ་ཀུའེ་ལན། ལི་སུའུ་ཆིན་སོགས་གྲགས་ཅན་མི་སྣ་མང་པོ་བྱུང་ཡོད། སྤྱི་ལོ2017ལོར་གྲོང་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་སྒོར་དུང་ཕྱུར851.67ཟིན་ནས་མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་སྒོར106912ཟིན་པ་དང་ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ0.2:46.7:53.1ཟིན་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར592.75བཏང་བ་དང་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་ལ་སྒོར་དུང་ཕྱུར574.89ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ནི་སྒོར36555དང་། གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལ་སྒོར24014ཟིན་ཡོད།

རིགས་དབྱེ།  

ཁྲོན་ཆེན་གཏེར་ཁུལ།

​ཁྲོན་ཡུས་གཏེར་ཁུལ་ནི་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་ཤིང་། ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ཐད་གཏོགས་ཁུལ་ཡིན། གཏེར་ཁུལ་ནི་ཅིན་ཅི་ཞིང་ཆེན་གཉིས་ན་ཆགས་ཡོད་པ་དང་། ཅིན་ཅི་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཡོད། ཁྲོན་ཡོན་གཏེར་ཁུལ་ཁོངས་སུ་ཧྲི་ཐའེ་ལྕགས་ལམ་དང་ས་ཁོངས་ནང་གི་ཁྲོན་གསར་དང་ཧྥེང་ཀྲང་གི་ཡན་ལག་ལྕགས་ལམ་གཉིས་སྦྲེལ་ཡོད། ཁྲོན་ཆེན་གཏེར་ཁུལ་གྱི་མངའ་ཁོངས་ནི་དྲོད་འཇམ་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་དང་སྐམ་སའི་རང་བཞིན་གྱི་ནམ་ཟླ་ཡིན། ཁྲོན་ཡུས་གཏེར་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ69.98ཡོད་པ་དང་། མི་འབོར་ཁྲི10དང་། དེའི(སྤྱི་ལོ2010ལོར)ཁོངས་སུ་སྲང་ལམ2དང་། གྲོང་རྡལ2ཞང1བཅས་ཡོད། སྤྱི་ལོ2007ལོར། ཁྲོན་པ་གཏེར་ཁུལ་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི175965མངོན་འགྱུར་བྱུང་ཡོད། སྤྱི་ལོ2018ལོའི་ཟླ10པར“སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་བརྒྱ”དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཆེན་བརྒྱའི་ནང་ཚུད་ཡོད། སྤྱི་ལོ2019ལོའི་ཟླ4པར“ཀྲུང་གོའི་བཟོ་ལས་ཤུལ་བཞག་སྲུང་སྐྱོང་མིང་ཐོ(ཁག་གཉིས་པ)”ཁྱབ་བསྒྲགས་བྱས་པ་དང་། སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཆེའི་ཁུལ་དུ་བདམས་པ་རེད།

རིགས་དབྱེ།  

ཡུས་ཧྭ་ཆུས།

ཡུས་ཧྭ་ཆུས་ནི་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ཤར་ལྷོའི་མཚམས་སུ་གནས་པ་དང་། ཤར་ཕྱོགས་ཀྱི་གཞུང་ཐིག114º29′དང་། བྱང་ཕྱོགས་ཀྱི་འཕྲེད་ཐིག38º04′ཡིན། ཡུས་ཧྭ་ཆུས་ནི་སྤྱི་ལོ2001ལོའི་ཟླ3པའི་ཚེས21ཉིན་བཙུགས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པའི་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ལྟེ་གནས་གཞོན་པ་དང་འབྱུང་འགྱུར་གྲོང་ཁྱེར་འཕེལ་རྒྱས་ཀྱི་གཙོ་ཁྲིད་ས་ཁོངས་ཤིག་ཡིན། སྤྱིའི་རྒྱ་ཁྱོན་སྟོང་སྨི101.45ཟིན་ཡོད། སྤྱིའི་མི་གྲངས་ཁྲི49(སྤྱི་ལོ2012ལོར) ཡོད། ཡུས་ཧྭ་ཁུལ་ནི་དྲོ་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ལ་ཟེར། ཡུས་ཧྭ་ཁུལ་གྱི་སྤྱི་ལོ2013ལོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར161ཟིན་ཡོད་པ་དང་། གཏན་འཇགས་རྒྱུ་ནོར་མ་དངུལ་སྒོར་དུང་ཕྱུར347.6བཏང་ཡོད་ལ། ནོར་སྲིད་ཀྱི་ཡོང་སྒོ་ཡོངས་རྫོགས་སྒོར་དུང་ཕྱུར48.3ལེགས་གྲུབ་བྱུང་། དེའི་ནང་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར28.7ལེགས་གྲུབ་བྱུང་། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར17.3མངོན་འགྱུར་བྱུང་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར25851ཟིན་ཡོད། ཡུས་ཧྭ་ཆུས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ1དང་། ཁྲོམ་གཞུང9གྲོང་ཚོ23སྡེ་ཁུལ66བཅས་ཡོད་པ་རེད།

རིགས་དབྱེ།