ཏུང་ཨ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏུང་ཨ་རྫོང་།
ཏུང་ཨ་རྫོང་ནི་ཧྲན་ཏུང་ཞིང་ཆེན་ལེའོ་ཁྲེང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧྲན་ཏུང་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་པ་དང་། ཤར་དུ་ཐའེ་ཧྲན་རི་བོ་དང་། ལྷོ་རུ་རྨ་ཆུར་ཐུག་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ729ཟིན་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་ཏུང་ཨ་རྫོང་ཁོངས་གཏོགས་སུ་གྲོང་རྡལ་དང་ཁྲོམ་གཞུང10དང་ཞིང་ཆེན་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ1ཡོད་པ་དང་ཐེམ་ཐོའི་མི་གྲངས་ཁྲི40.95ཟིན་ཡོད། ཏུང་ཨ་རྫོང་ནི་ཁྲུན་ཆིའུ་ཀྲི་ཡུས་སུ་བཙུགས་པ་དང་། ཆིན་རྒྱལ་རབས་ཀྱིས་རྫོང་གི་ལམ་ལུགས་བཙུགས་ནས་ད་ལྟའི་བར་ལོ་ངོ2000ལྷག་ཙམ་གྱི་ལོ་རྒྱུས་ཡོད། མངའ་ཁོངས་སུ་ཏ་ཝུན་ཁོའུ་རིག་གནས་དང་། ལུང་ཧྲན་རིག་གནས། ཚངས་ཅའེ་བང་སོ། ཏེང་ལྷ་ཁང་གི་རྡོ་བརྐོས་སྐུ་བརྙན། ཧྥན་པ་དགོན། ཅིང་ཅུའེ་དགོན་པ་སོགས་རིག་གནས་རྗེས་ཤུལ་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་ཏུང་ཨ་རྫོང་དུ་ཏུང་ཨ་ཨ་ཅའོ་ཁྲེང་གི་རྒྱལ་ཁབA4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ1དང་། A3རིམ་པའི་མཛེས་ལྗོངས་ཁུལ3 རྒྱལ་ཁབ་རིམ་པའི་རྨ་ཆུའི་ནགས་ཚལ་སྤྱི་གླིང1 རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང1བཅས་ཡོད། རྒྱལ་ལམ105དང་། རྒྱལ་ལམ341དང་ཞིང་ཆེན་ལམ་གསུམ་བཅས་ཏུང་ཨ་རྫོང་གི་མངའ་ཁོངས་ཡོངས་སུ་ཁྱབ་ཡོད། སྤྱི་ལོ2018ལོར་ཏུང་ཨ་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར220.55ཟིན་པ་དང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར18.13ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
东阿县
མིང་གཞན།
ཏུང་ཨ།
ཕྱི་ཡིག་གི་མིང་།
Dong'e County
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ཞིང་ཆེན་ལེའོ་ཁྲེང་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་ལམ2 གྲོང་རྡལ7 ཡུལ་ཚོ1
སྲིད་གཞུང་གནས་ཡུལ།
ཐུང་ཁྲེང་ཁྲོམ་ལམ་རིག་གནས་སྲང་ལམ་ཨང116པ།
སྦྲག་ཨང་།
252200
ས་ཁམས་གནས་ཡུལ།
ཧྲན་ཏུང་ཞིང་ཆེན་གྱི་ལེའོ་ཁྲེང་གྲོང་ཁྱེར།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ729ཡོད།
མི་འབོར།
ཁྲི40.95(སྤྱི་ལོ2017ལོ)
ནམ་ཟླའི་གནས་ཚུལ།
དྲོད་ཁུལ་དུས་རླུང་ནམ་ཟླ།
མཛེས་ལྗོངས་ཁུལ་གྲགས་ཅན།
ཚའོ་ཀྲི་ཡི་བང་སོ་དང་། ལུའོ་ཧྲིན་མཚེའུ། ཨའེ་ཧྲན་མཛེས་ལྗོངས་ཁུལ།
སྲིད་འཛིན་ས་ཁོངས་ཀྱི་ཚབ་ཨང་།
371524
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར220.55(སྤྱི་ལོ2018ལོར)
ས་ཁོངས་ཁ་པར་ཨང་རྟགས།
0635
རླངས་འཁོར་ཚབ་ཨང་།
ལུའུP
1 ​འཕེལ་རིམ།

ཏུང་ཨ་ཅུས་དབྱི་ཞེས་པ་ཐོག་མར《ཁྲུན་ཆིའུ》རུ་མངོན་ཞིང་། མ་གཞི་ཝེ་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པ་དང་། རྗེས་སུ་ཆི་རྒྱལ་ཁབ་ཀྱི་ཁོངས་གཏོགས་ཡིན། ཆིན་རྒྱལ་རབས་ཀྱི་ཐོག་མའི་མིང་ལ་ཏུང་ཨ་ཟེར། ཏུང་ཅུན་གྱི་ཁོངས་སུ་གཏོགས།

ཧན་རྒྱལ་རབས་ཀྱིས་ཏུང་ཨ་རྫོང་བཙུགས་ཤིང་ཏུང་ཅུན་གྱི་ཁོངས་སུ་གཏོགས།

རྒྱལ་ཁབ་གསུམ་གྱི་དུས་སྐབས་སུ་ཝེ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས།

ཅིན་རྒྱལ་རབས་ནུབ་མ་ནི་ཅི་པེ་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པ་དང་། ཅིན་རྒྱལ་རབས་ཤར་མ་ཅུན་དུ་བསྒྱུར་ཞིང་། ཏུང་ཨ་དེའི་ཁོངས་གཏོགས་ཡིན།

རྒྱལ་རབས་ལྷོ་མ་དང་བྱང་མའི་དུས་སུ་ལྷོ་བྱང་གཉིས་སུ་ཁ་བྲལ་དུ་སོང་ནས་སྲིད་འགྱུར་བྱུང་ཞིང་། རྒྱལ་རབས་ལྷོ་མ་དང་སུང་རྒྱལ་རབས་ཀྱི་ཏ་མིང་སྲིད་ལོ་དང་པོར(སྤྱི་ལོ457ལོ)ཏུང་ཨ་ཀུའུ་ཁྲེང་རྫོང་དུ་ཟླ་སྒྲིལ་བཏང་། ཝེ་རྗེས་མས་ཏུང་ཨ་རྫོང་སླར་གསོ་བྱས་ཤིང་། ཆི་བྱང་མའི་ཧྲེང་ཀུའུ་ཁྲེང་ཏུང་ཨ་རྫོང་གི་ཁོངས་སུ་བསྡུས། དེ་དུས་ཏུང་ཨ་ཅི་ཀྲོའུ་ཡི་ཁོངས་གཏོགས་ཡིན།

སུའེ་རྒྱལ་རབས་ཀྱི་སྐབས་སུ་ཏུང་ཨ་དབྱིན་ཀྲོའུ་ཅི་པེ་ཅུན་གྱི་ཁོངས་སུ་གཏོགས།

ཐང་རྒྱལ་རབས་ཀྱི་ཝུའུ་ཏེ་ཁྲི་ལོ་བཞི་པ(སྤྱི་ལོ621ལོར)ཡི་སྐབས་སུ་ཅི་ཀྲོའུ་ཡི་ཁོངས་སུ་གཏོགས།

རྒྱལ་རབས་ལྔ་དང་རྒྱལ་ཁབ་བཅུའི་དུས་སྐབས་སུ། ཏུང་ཨ་ཇའོ་ཀྲོའུ་ཐིན་ཕིང་ཅའེ་ཏོའུ་ཧྲི་ཡི་ཁོངས་སུ་གཏོགས།

སུང་རྒྱལ་རབས་ཀྱི་དུས་འགོར་ཅིན་ཏུང་ལམ་གྱི་ཁོངས་སུ་གཏོགས།

ཅིན་རྒྱལ་རབས་ཀྱི་སྐབས་སུ། ལི་ཧྲན་ཏུང་ནུབ་ལམ་ཏུང་ཕིང་ཧྥུ་ཡི་ཁོངས་སུ་གཏོགས།

མིང་རྒྱལ་རབས་ཀྱི་དུས་འགོར་ཏུང་ཕིན་ཧྥུ་ཡི་ཁོངས་སུ་གཏོགས།

ཆིང་རྒྱལ་རབས་ཀྱི་དུས་འགོར། ཡན་ཀྲོའུ་ཧྥུ་ཏུང་ཕིན་ཀྲོའུ་ཡི་ཁོངས་སུ་གཏོགས།  སྤྱི་ལོ1735ལོར་ཐའེ་ཨན་ཧྥུ་ཡི་ཁོངས་གཏོགས་སུ་བསྡུས།

མིན་གོ་སྲིད་ལོ་དང་པོར(སྤྱི་ལོ1912ལོར)ཏུང་ཨ་ལི་ཧྲན་ཏུང་ཏུང་ལིན་ཏའོ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1949ལོའི་ཟླ8པར་ཏུང་ཨ་ལི་ཕིང་ཡོན་ཞིང་ཆེན་ལེའོ་ཁྲེང་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བཙུགས། སྤྱི་ལོ1958ལོའི་ཟླ12པར། ཏུང་ཨ་ཅན་ཀྲི་མེད་པར་བཟོས་ཤིང་། ཀུང་ཧྲེ་སོ་སོ་ཧྲོའུ་ཀྲང་དང་ཡན་ཕིང་རྫོང་དུ་ཟླ་སྒྲིལ་བྱས། སྤྱི་ལོ1961ལོའི་ཟླ7པར་ཏུང་ཨ་རྫོང་སླར་གསོ་བྱས་པ་དང་དེའི་ཁོངས་གཏོགས་ལ་འགྱུར་ལྡོག་བྱུང་མེད། སྤྱི་ལོ1967ལོར་ཀྲོན་ཆུས་དེ་ས་ཁུལ་དུ་བསྒྱུར་བ་དང་། ཏུང་ཨ་ཧྲན་ཏུང་ཞིང་ཆེན་ལིའོ་ཁྲེང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་བསྡུས། སྤྱི་ལོ1967ལོའི་ཟླ3པར་ཧྲན་ཏུང་ཞིང་ཆེན་ལིའོ་ཁྲེང་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས། སྤྱི་ལོ1978ལོའི་ཟླ7པར་ཧྲན་ཏུང་ཞིང་ཆེན་ལིའོ་ཁྲེང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་རུ་གཏོགས། སྤྱི་ལོ1997ལོའི་ཟླ8པར། ཧྲན་ཏུང་ཞིང་ཆེན་གྱི་ལེའོ་ཁྲེང་གྲོང་ཁྱེར་དུ་གཏོགས།

2 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2017ལོའི་ལོ་མཇུག་བར་དུ་ཏུང་ཨ་རྫོང་ཁོངས་སུ་ཁྲོམ་ལམ2དང་གྲོང་རྡལ8ཡོད་པ་སྟེ། ཐུང་ཁྲེང་ཁྲོམ་ལམ་དང་། ཤིན་ཁྲེང་ཁྲོམ་ལམ། ཅང་ལོའུ་གྲོང་རྡལ། ལིའུ་ཅི་གྲོང་རྡལ། ཡུས་ཧྲན་གྲོང་རྡལ། ཏ་ཆའོ་གྲོང་རྡལ། ཉིའུ་ཅའོ་ཏན་གྲོང་རྡལ། ཡའོ་ཀྲའེ་གྲོང་རྡལ། ཀའོ་ཅི་གྲོང་རྡལ། ཁྲེན་ཅི་གྲོང་རྡལ་བཅས་ཡིན། རྫོང་སྲིད་གཞུང་ཐུང་ཁྲེང་ཁྲོམ་ལམ་རིག་གནས་སྲང་ལམ་ཨང116པ་རུ་ཡོད།

3 ས་ཁམས་ཁོར་ཡུག

ཏུང་ཨ་རྫོང་དེ་ལེའོ་ཁྲེང་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་པ་དང་། ཤར་ངོས་སུ་ཧྲན་ཏུང་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཅི་ནན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ50ཡོད། ནུབ་ངོས་སུ་ལུའེ་ཁྲེང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ25ཡོད་པ། ཤར་ངོས་ཀྱི་གཞུང་ཐིག1116°02′ནས116°33′བར་དང་བྱང་གི་འཕྲེད་ཐིག336°07′ནས36°33′བར་དུ་གནས་ཡོད། ཏུང་ཨ་རྫོང་ནི་ལུའུ་ཞི་བདེ་ཐང་དང་རྨ་ཆུའི་འགྲམ་དུ་གནས་པ་དང་། རྫོང་གི་མངའ་ཁོངས་སུ་རྨ་ཆུ་དང་བར་ཐག་ལེ་དབར་བརྒྱ་ལྷག་ཙམ་ཡོད་ལ། ལྷོ་ཆུ་བྱང་འདྲེན་གྱི་ཤར་ངོས་སུ་རྨ་ཆུ་ཕུག་ལམ་དང་རྨ་ཆུ་ཅི་ཅིན་དུ་འདྲེན་པའི་བཟོ་སྐྲུན་གྱི་ཆུ་རྐ་དང་པོ་དེ་ཏུང་ཨ་རུ་ཡོད། ས་ཞིང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ729ཡོད།

4 མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་བར་ཏུང་ཨ་རྫོང་གི་ཁྱིམ་ཐོའི་མི་འབོར་ཁྲི40.95ཟིན་པ་དང་སྤྱིའི་དུད་ཁྱིམ་ཁྲི14.06ཟིན་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁུལ། ཆུས། འཕེལ་རིམ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-10

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།