ཡོངས་འཛིན་རིག་མཛོད། >ས་ཁམས། >ས་ཁོངས། >ཐད་གཏོགས་གྲོང་ཁྱེར།

ཁྲུང་ཆིང་གྲོང་ཁྱེར།

ཁྲུང་ཆིང་གྲོང་ཁྱེར་གྱི་མིང་བསྡུས་ན་པ་དང་ཡུས་ཞེས་འབོད་པ་དང་། མིང་གཞན་ལ་ཧྲན་ཁྲེང་དང་ཡུས་ཏུའུ། ཆའོ་ཏུའུ། ཝུའུ་ཏུའུ་བཅས་ཟེར་ཞིང་། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐད་གཏོགས་གྲོང་ཁྱེར་དང་ཀྲུང་གོའི་རྒྱལ་ཁབ་ལྟེ་གནས་གྲོང་ཁྱེར། རྒྱལ་ཁབ་གྲོང་ཁྱེར་ཆེན་པོ། འབྲི་ཆུའི་སྟོད་རྒྱུད་ཀྱི་དཔལ་འབྱོར་ལྟེ་གནས་བཅས་ཡིན། དེ་ཡང་ཅ་ལིང་ཅང་ལ་གནའ་དུས་སུ་ཡུས་ཧྲུའེ་ཞེས་འབོད་པ་ཡིན་པས། ཁྲུང་ཆིང་གྲོང་ཁྱེར་གྱི་བསྡུས་མིང་ལ་ཡུས་ཞེས་འབོད་པ་ཡིན།

རིགས་དབྱེ།  

ཅི་ལིན་ཞིང་ཆེན།

ཅི་ལིན་ཞིང་ཆེན་གྱི་བསྡུས་མིང་ལ་ཅི་ཞེས་ཟེར་བ་དང་། ཞིང་ཆེན་གྱི་ལྟེ་གནས་ནི་ཀྲང་ཁྲུན་གྲོང་ཁྱེར་ཡིན། དེ་ནི་ཤར་གྱི་གཞུང་ཐིག་ཏུའུ122º —131º གནས་ཤིང་། བྱང་གི་གཞུང་ཐིག་ཏུའུ41º—46º བར་དུ་གནས་པ་ཡིན། ཡང་སའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི2% ཟིན་ཡོད་ཅིང་། ཀྲུང་གོའི་བྱང་ཤར་དབུས་རྒྱུད་དུ་ཡོད་པ་དང་། ཉི་ཧོང་དང་ཨུ་རུ་སུ། ཁྲའོ་ཞན། ཁོ་རེ་ཡ། སོག་པོ་སོགས་དང་ཀྲུང་གོའི་བྱང་ཤར་གྱི་ལྟེ་གནས་ས་ཁུལ་དུ་ཡོད་པ་ཡིན། དེ་ཡང་བྱང་ཕྱོགས་སུ་ཧེ་ལུང་ཅང་དང་བྲེལ་ཡོད་པ་དང་། ལྷོ་ཕྱོགས་སུ་ལིའུ་ཉིང་ཞིང་ཆེན་དང་སྦྲེལ་ཡོད་ལ། ནུབ་ཕྱོགས་ནི་ནང་སོག་རང་སྐྱོང་ལྗོངས་དང་སྦྲེལ་ཡོད་ཅིང་། ཤར་ཕྱོགས་སུ་ཨུ་རུ་སུ་དང་སྦྲེལ་ཡོད། གཞན་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ650 ཡོད་པ་དང་། ལྷོ་བྱང་གི་ཞེང་ལ་སྤྱི་ལེ300 ཡོད། དེ་ཡང་ཤར་ལྷོའི་རྒྱུད་མཐོ་བ་དང་ནུབ་བྱང་གི་རྒྱུད་དམའ་བ་ཡིན་ལ། ནུབ་རྒྱུད་དབུས་མ་ནི་མཐའ་ཡས་པའི་བདེ་ཐང་ཡིན། ཅི་ལིན་ཞིང་ཆེན་གྱི་གནམ་གཤིས་ནི་དྲོད་ཁུལ་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། སྐམ་སའི་རང་བཞིན་ཧ་ཅང་མངོན་གསལ་ཡིན། དེ་ཡང་དབྱར་དུས་སུ་ཚ་བ་ཆེ་ཞིང་ཆར་ཆུ་མོད་པ་དང་། དགུན་དུས་སུ་གྲང་ངར་རྒོད་ཅིང་སྐམ་ཤས་ཆེ་བ་ཡིན། ཡང་ཅི་ལིན་ནི་ཀྲུང་གོའི་བཟོ་ལས་རྟེན་གཞི་གལ་ཆེན་ཞིག་ཡིན་ལ། ཐོན་རྫས་གསར་གཏོད་ཀྱི་ཕྱོགས་ནས་ཧ་ཅང་སྔོན་ཐོན་ཡིན།

རིགས་དབྱེ།  

ཐེན་ཅིན་གྲོང་ཁྱེར།

ཐེན་ཅིན་གྲོང་ཁྱེར་གྱི་བསྡུས་མིང་ལ་ཅིན་ཞེས་འབོད་པ་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐད་གཏོགས་གྲོང་ཁྱེར་དང་ཀྲུང་གོའི་རྒྱལ་ཁབ་ལྟེ་གནས། ཀྲུང་གོའི་བྱང་ཕྱོགས་དཔལ་འབྱོར་ལྟེ་གནས། པོ་ཧའེ་ཡི་མཐའ་འཁོར་ས་ཁུལ་དཔལ་འབྱོར་ལྟེ་གནས། ཀྲུང་གོའི་བྱང་ཕྱོགས་རྒྱལ་སྤྱིའི་མཁའ་འགྲུལ་ལྟེ་གནས། ཀྲུང་གོའི་བྱང་ཕྱོགས་རྒྱལ་སྤྱིའི་དངོས་སྐྱེལ་ལྟེ་གནས་བཅས་ཡིན། གཞན་ཐེན་ཅིན་གྲོང་ཁྱེར་ནི་ཧྭ་བྱང་བདེ་ཐང་གི་རྒྱ་མཚོའི་ཆུ་ལག་གི་སར་ཡོད་དེ། ཤར་ཕྱོགས་ནས་པོ་ཧའེ་དང་ཐག་ཉེ་བ་དང་བྱང་ཕྱོགས་ནས་ཡན་ཧྲན་དང་ཐག་ཉེ་བ་ཡིན།

རིགས་དབྱེ།  

པེ་ཅིང་གྲོང་ཁྱེར།

པེ་ཅིང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་དང་། ཐད་གཏོགས་གྲོང་ཁྱེར། རྒྱལ་ཁབ་ཀྱི་ལྟེ་གནས་གྲོང་ཁྱེར་བཅས་ཡིན་ལ། ཀྲུང་གོའི་ཆབ་སྲིད་དང་རིག་གནས། ཚན་རིག་སློབ་གསོ་དང་རྒྱལ་སྤྱིའི་འབྲེལ་འདྲིས་ཀྱི་ལྟེ་གནས། ཀྲུང་གོའི་དཔལ་འབྱོར་དང་དངུལ་ལོར་གྱི་ཐབས་ཇུས། དོ་དམ་ལྟེ་གནས་བཅས་ཡིན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཞུང་སྒྲུབ་ཁང་གནས་ས་བཅས་ཡིན། པེ་ཅིང་ནི་ཧྭ་བྱང་བདེ་ཐང་གི་བྱང་ཕྱོགས་དང་རྒྱབ་ཕྱོགས་ནི་རི་བོ་ཡན་ཧྲན་ལ་གཏད་ཡོད། ཐེན་ཅིན་གྲོང་ཁྱེར་དང་ཧོ་པེ་ཞིང་ཆེན་དང་འབྲེལ་ལ། པེ་ཅིང་གི་མངའ་འོག་ཏུ་མཁར་ཤར་ཁུལ་དང་། མཁར་ནུབ་ཁུལ། ཁྲའོ་དབྱང་ཁུལ། ཧའེ་ཏེན་ཁུལ། ཧྥེང་ཐའེ་ཁུལ། ཧྲི་ཅིང་ཧྲན་ཁུལ། མོན་ཐོའུ་ཀོའུ་ཁུལ། ཧྥང་ཧྲན་ཁུལ། ཏ་ཞིང་ཁུལ། ཐུང་ཀྲོའུ་ཁུལ། ཧྲུན་དབྱི་ཁུལ། ཁྲང་ཕིང་ཁུལ། ཕིང་ཀུའུ་ཁུལ། ཧོའེ་རོའུ་ཁུལ། མི་ཡུན་རྫོང་། ཡན་ཆིང་རྫོང་སོགས་ཁུལ་དང་རྫོང16འདུ་བ་ཡིན། སྤྱི་ལོ2013ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་སུ་རྒྱུན་སྡོད་མི་གྲངས21148000ཡོད།

རིགས་དབྱེ།  

ཧྲང་ཧའེ།

ཧྲང་ཧའེ་ཐད་གཏོགས་གྲོང་ཁྱེར་གྱི་མིང་བསྡུས་ན་ཧུའུ་ཞེས་འབོད་པ་ཡིན་ལ། ཤར་ཕྱོགས་པ་ལི་ཞེས་པའི་སྙན་པའི་གྲགས་པ་འབར་བ་ཡིན་ཞིང་། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐད་གཏོགས་གྲོང་ཁྱེར་གྲས་ཀྱི་གཅིག་ཡིན་པར་མ་ཟད། ཀྲུང་གོའི་རྒྱལ་ཁབ་ལྟེ་གནས་གྲོང་ཁྱེར་དང་ཀྲུང་གོའི་དཔལ་འབྱོར་ལྟེ་གནས། དར་རྒྱས་ཆེ་བའི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་མོ། ཀྲུང་གོའི་སྐམ་ས་ཆེན་པོའི་ཚོང་དོན་ས་ཁུལ་ཐོག་མ་བཅས་ཡིན། ཧྲང་ཧའེ་གྲོང་ཁྱེར་ནི་ཀྲུང་གོའི་མི་རིགས་བཟོ་ལས་ཀྱི་འབྱུང་གནས་ཡིན་ཞིང་། འབྲི་ཆུ་རྒྱ་མཚོར་འབབ་པའི་སར་ཡོད་དེ། ཤར་ཕྱོགས་ནི་ཏུང་ཧའེ་ལ་ཕྱོགས་ཡོད་པ་དང་། རྒྱ་མཚོས་བཅད་ནས་ཉི་ཧོང་གི་ཅིའུ་ཀྲོའུ་གླིང་ཕྲན་དང་ཁ་གཏད་དུ་ཡོད། ཡང་ལྷོ་ཕྱོགས་ནི་ཧང་ཀྲོའུ་ཝན་ལ་ཐག་ཉེ་བ་དང་། ནུབ་ཕྱོགས་ནི་ཅང་སུའུ་དང་ཀྲེ་ཅང་ཞིང་ཆེན་གཉིས་ལ་འབྲེལ་བ་དང་ཨན་ཧུའེ་ཞིང་ཆེན་དང་ཁ་གཏད་དུ་ཡོད། གཞན་ཧྲང་ཧའེ་གྲོང་ཁྱེར་ནི་ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གནའ་མཁར་གྲགས་ཅན་ཞིག་ཡིན་ཏེ། དེང་རབས་གྲོང་ཁྱེར་རིག་གནས་ཀྱི་རྫོང་མཐུག་པ་དང་ལོ་རྒྱུས་ཀྱི་གནའ་ཤུལ་མང་དུ་ཡོད་པ་ཡིན། ཧྲང་ཧའེ་གྲོང་ཁྱེར་ནི་ཚ་ཁུལ་ཕལ་བའི་བཞའ་ཚན་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་།དུས་བཞིའི་དབྱེ་མཚམས་མངོན་གསལ་ཡིན་པ་དང་ཉི་འོད་ཧ་ཅང་འཛོམས་པར་མ་ཟད། ཆར་ཆུ་ཧ་ཅང་མོད་པ་ཡིན། དེ་ཡང་གྲོང་ཁྱེར་དེ་ཡི་གནམ་གཤིས་ནི་དྲོ་བ་དང་བཞའ་ཚན་ཆེ་བས། དཔྱིད་ཀ་དང་སྟོན་ཀ་གཉིས་ཅུང་ཐུང་བ་ཡིན་ལ། དགུན་དུས་དྲོ་ཞིང་དབྱར་དུས་བསིལ་བ་ཡིན། དེ་ཡང་ཟླ་བ་དང་པོ་ནི་ཆེས་འཁྱག་པའི་དུས་ཡིན་ཏེ། ཆ་སྙོམས་ཀྱི་དྲོད་ཚད་ནི4%ཡིན་པ་དང་། ཟླ་བ་བདུན་པ་ནི་ཆེས་དྲོ་བའི་དུས་ཡིན་ཏེ། ཆ་སྙོམས་ཀྱི་དྲོད་ཚད་ནི28% ཡིན།

རིགས་དབྱེ།  

པེ་ཅིང་།

པེ་ཅིང་གྲོང་ཁྱེར་ནི་ཧྭ་པེ་བདེ་ཐང་གི་བྱང་མཐའ་ན་ཆགས་ཡོད་པ་དང་། ལྷོ་ཕྱོགས་དང་ནུབ་ཕྱོགས། བྱང་ཕྱོགས་གསུམ་ནི་ཧོ་པེ་ཞིང་ཆེན་དང་འབྲེལ་ཞིང་ཤར་ལྷོ་ནི་ཐེན་ཅིན་གྲོང་ཁྱེར་དང་འབྲེལ་ཡོད། པེ་ཅིང་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.68ཡོད་པ་དང་། པེ་ཅིང་གྲོང་ཁྱེར་ནི་རང་རྒྱལ་གྱི་རྒྱལ་སའང་ཡིན།

རིགས་དབྱེ།  

ཁྲའོ་དབྱང་ཆུས།

ཁྲའོ་དབྱང་ཆུས་ནི་པེ་ཅིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། པེ་ཅིང་གྲོང་ཁྱེར་གྱི་ཤར་ཁུལ་དུ་ཡོད། ནུབ་ན་གྲོང་ཤར་ཆུས་དང་། ཧྥན་ཐེ་ཆུས། ཧེ་ཏེན་ཆུས་དང་ཉེ་བར་སྦྲེལ་ཞིང་། བྱང་ནི་ཁྲིན་ཕིན་ཆུས། ཧྲོན་ཡེ་ཆུས་དང་འབྲེལ་ཞིང་། ཤར་ནི་ཐུང་ཀྲུའུ་ཆུས་ལ་ཐུག་ཡོད། ལྷོ་ནི་ཏཱ་ཞན་ཆུས་དང་འབྲེལ། ས་ངོས་རྒྱ་ཁྱོན་ལ་སྟོང་རྨི་གྲུ་བཞི་མ470.8ཡོད་པ་དང་། མཚོ་ངོས་ལས་རྨི34ཡོད། པེ་ཅིང་གྲོང་ཁྱེར་གྱི་དཀྱིལ་དབུས་ཆུས་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་ཆུས་ཡིན། སྤྱི་ལོ2018ལོར། ཁྲའོ་དབྱང་ཆུས་ཀྱི་མངའ་འོག་ན་སྲང་ལམ24དང་། ཆུས19ཡོད་ལ། གཞིས་སྡོད་མི་གྲངས་ཁྲི360.5ལ་སླེབས་ཡོད། ཆུས་ཀྱི་ཐོན་སྐྱེད་སྤྱི་འབོར་དུང་ཕྱུར(GDP)6093.5དང་། དེའི་ཁྲོད་ཐོན་ལས་དང་པོའི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར2.1དང་། ཐོན་ལས་གཉིས་པའི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར404.2 ཐོན་ལས་གསུམ་པའི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར5687.2བཅས་ཐོན་ལས་གསུམ་པོའི་བསྡུར་ཚད0.03:6.63:93.34ཡིན་ལ། ལོ་རེའི་ཆ་སྙོམས་མི་གྲངས་གཞིས་སྡོད་ལ་གཞིགས་ཏེ་རྩིས་རྒྱབ་པ་ལྟར་ན། ཆུས་ཡོངས་ཀྱི་ཆ་སྙོམས་མི་གྲངས་ཡོང་འབབ་ནི་སྒོར་ཁྲི16.5945ཡིན། ཁྲའོ་དབྱང་ཆུས་ཀྱི་བཟོ་ལས་དར་རྒྱས་ཆེ་ཞིང་། པེ་ཅིང་གྲོང་ཁྱེར་གྱི་བཟོ་ལས་རྟེན་གཞི་ས་ཁུལ་ཡིན། ཆུས་རེ་རེའི་ཁྲོད་གཅིག་བསྡུས་ཀྱི་རས་འཐག་དང་གློག་རྡུལ། རྫས་འགྱུར་བཟོ་ལས། འཕྲུལ་ཆས་གསར་བཟོ། རླངས་འཁོར་བཟོ་བ་བཅས་ཀྱི་རྟེན་གཞི་ཡོད་ཅིང་། ཁྲའོ་དབྱང་ཆུས་ནི་ཕྱི་རོལ་ཡུལ་དང་འབྲེལ་བ་བྱེད་པའི་བྱེད་སྒོ་ཕུན་སུམ་ཚོགས་ཤིང་། པེ་ཅིང་གྲོང་ཁྱེར་གྱི་ཕྱི་འབྲེལ་བྱེད་སྒོ་སྤེལ་ས་གཙོ་བོའང་ཡིན། སྤྱི་ལོ2019ལོའི་ཟླ8ཚེས13ཉིན། ཁྲའོ་དབྱང་ཆུས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་འཕྲོད་བསྟེན་མཉམ་འབྲེལ་ཚོད་ལྟ་སྒྲིག་འཛུགས་བྱེད་པའི་གྲོང་ཁྱེར་ལ་བདམས། སྤྱི་ལོ2019ལོའི་ཟླ8པའི་ཚེས28ཉིན་ལ། ཐེངས་བཞི་པའི་ཀྲུང་དབྱང་ནོར་སྲིད་རྒྱབ་སྐྱོར་གྱིས་སྤེལ་བའི་སྡོད་དམངས་དང་སྡེ་ཁུལ་རྒན་གསོ་ཞབས་ཞུ་བསྒྱུར་བཅོས་ཚོད་ལྟ་ཁུལ་གྱི་མིང་ཐོ་ཁྲོད་བདམས།

རིགས་དབྱེ།  

ཧུ་ཞི་ཆུས།

ཧུ་ཞི་ཆུས་ནི་ཐེན་ཅིན་གྲོང་ཁྱེར་གྱི་ལྟེ་བའི་ཤར་ལྷོའི་རྒྱུད་དང་ཧའེ་ཧུ་གཙང་པོའི་ནུབ་ངོགས་སུ་གནས་ཡོད་པ་དང་ཆུས་ཡོངས་སུ་ཁྲོམ་གཞུང13ཡོད། ཆུས་ལྷོ་རྒྱུད་དུ་སྐད་གྲགས་ཆེ་བའི་ཁྲེན་ཐང་ཀྲོང་དང་ཐུའུ་ཁྲེང་བཟོ་ལས་ཁུལ་ཆེན་པོ་གཉིས་ཡོད། ཁྱད་ཐོན་དངོས་རྫས་ལ་སྲང་ལམ་བཅོ་བརྒྱད་ཀྱི་བསྒྲིམས་གོར་དང་ཡུས་ཁྲོན་གྱི་བསྙལ་ཚལ་ཡོད། མངའ་ཁོངས་སུ་ཐེན་ཅིན་བརྙན་འཕྲིན་མཐོ་ལྕོག་དང་། ཐེན་ཅིན་མགྲོན་ཁང་། ཞི་ལའེ་ཏེང་མགྲོན་བྲང་ཆེན་མོ། ཐེན་ཅིན་ཚོགས་ཁང་ཆེན་མོ། ཐེན་ཅིན་བཟོ་ལས་འགྲེམས་སྟོན་ཁང་། རྒྱལ་སྤྱིའི་ཚན་རྩལ་བློ་འདྲི་ཐོག་ཁང་ཆེན་མོ། ཐེན་ཅིན་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས། མི་དམངས་སྤྱི་གླིང་། ཧུ་ཞི་དབྱི་སི་ལམ་ཆོས་ཁང་། ཀྭ་ཅཱ་དགོན་པ་སོགས་ཡོད། སྤྱི་ལོ2017ལོར་ཞི་ཧུ་ཆུས་ཀྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གྱི་གཟི་བརྗིད་མཚན་སྙན་མུ་མཐུད་སོར་འཇོག་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་། སྤྱི་ལོ2018ལོའི་ཟླ12པར་དམངས་སྲིད་པུས་ཁག་གསུམ་པའི་རྒྱལ་ཡོངས་ཀྱི་སྡེ་ཁུལ་བཅོས་སྐྱོང་དང་ཞབས་ཞུའི་གསར་གཏོད་ཚོད་ལྟ་ཁུལ་དུ་གཏན་འཁེལ་བྱས།

རིགས་དབྱེ།  

ཧུ་ཏུང་ཆུས།

ཧུ་ཏུང་ཆུས་ནི་ཐེན་ཅིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཐེན་ཅིན་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་གྲས་ཤིག་ཡིན་ལ། ཐེན་ཅིན་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ཡོད། ཧུ་ཏུང་ཆུས་ནི་ཐེན་ཅིན་གྲོང་ཁུལ་གྱི་པིན་ཧའེ་ཁུལ་གསར་དང་སྦྲེལ་མཐུད་བྱས་ཡོད་པའི་ཐེན་ཅིན་གྲོང་ཁྱེར་གྱི་དཔལ་འབྱོར་ལྟེ་བ་ཤར་ཕྱོགས་སུ་གནས་སྤོར་བྱེད་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན། མངའ་ཁོངས་ནི་བྱང་གི་འཕྲེད་ཐིག39°04′7″-39°09′7″དང་ཤར་གྱི་གཞུང་ཐིག117°11′7″-117°18′1″ཡི་བར་དུ་གནས་ཡོད། ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་39.63ཡོད། (སྤྱི་ལོ2016ལོར། ཐེན་ཐིའེ་ཁྲོམ་གཞུང་ཚུད་མེད)ཧུ་ཏུང་ཆུས་ཀྱི་ས་བབ་ནུབ་ནས་ཤར་དུ་རིམ་གྱིས་མར་ཆག་ཡོད་པ་དང་། ས་ཁུལ་མང་ཆེ་བ་ནི་རྒྱུན་ལྡན་གྱི་བདས་བསགས་ས་རིམ་ཡིན། "ཧའེ་ཧུ་ཆུ་བོ་དང་། ཡུའུ་ཡཱ་ཆུ་བོ། པེ་ཕའེ་ཝུའུ་ཆུ་བོ་སོགས་ཆུས་ནང་ཁུལ་བརྒྱུད་ནས་བཞུར་གྱིན་ཡོད། ཧུ་ཏུང་ཆུས་ནི་དྲོད་འཇམ་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དུས་བཞིའི་ཆར་ཆུ་འབབ་ཚད་དང་དྲོད་ཚད་དུས་མཉམ། སྤྱི་ལོ2018ལོའི་བར་ཧུ་ཏུང་ཆུས་ཁོངས་གཏོགས་སུ་ཁྲོམ་གཞུང13ཡོད་པ་དང་ཏཱ་ཝང་ཀྲོང་ཁྲོམ་གཞུང་དུ་ཆུས་སྲིད་གཞུང་བཅའ་སྡོད་བྱས་ཡོད། ཆུས་ཡོངས་ཀྱི་ཐེམ་ཐོའི་མི་གྲངས་བསྡོམས་འབོར722723ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི97.28(སྤྱི་ལོ2017ལོའི་ལོ་མཇུག་ཏུ)ཡོད།

རིགས་དབྱེ།  

ནན་ཁའེ་ཆུས།

ནན་ཁའེ་ཆུས་ནི་སྔོན་ཆད་ཐེན་ཅིན་གྱི་དབྱི་ནན་མཁར་རྙིང་གི་གཤོང་ས་ཡིན་པ་དང་། ཆིང་རྒྱལ་རབས་དུས་མཇུག་གི་མི་རྣམས་ཀྱིས་ས་འདི་ལ་ཐེན་ཅིན་གྱི་ལའོ་ཁྲེང་གི“ལྷོ་འགྲམ་གྱི་གཤོང་ས”ཞེས་ཟེར། སྤྱི་ལོ1919ལོར་མངའ་ཁོངས་སུ་མིང་དུ་གྲགས་པའི་ནན་ཁའེ་སློབ་ཆེན་བཙུགས། དེར་བརྟེན། སྤྱི་ལོ1956ལོར་ནན་ཁའེ་ཆུས་ཞེས་པའི་མིང་བཏགས། ནན་ཁའེ་ཆུས་སུ་གཙོ་བོ་ཐེན་ཅིན་ལའོ་ཁྲེང་དང་ཁྲེང་ནན། ཐེན་ཅིན་གྱི་བཙན་གཡར་ས་ཆའི་ནུབ་ཕྱོགས་ཀྱི་ས་ཁུལ་བཅས་འདུས་ཡོད། ནན་ཁའེ་ཆུས་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ39ཡོད་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ3.6དང་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ9.2ཙམ་ཡོད། ནན་ཁའེ་ནི་ལོ་རྒྱུས་རིག་གནས་ཀྱི་གནས་མཆོག་ཅིག་ཡིན་ལ་བྱང་ཕྱོགས་རིག་གནས་ཀྱི་འབྱུང་གནས་གལ་ཆེན་ཞིག་ཀྱང་ཡིན། སྤྱི་ལོ2019ལོའི་ཟླ9ཚེས20ཉིན་རྒྱལ་ཡོངས་ཀྱི་སྔོ་འགྱུར་དཔེ་བཟང་ཚན་པའི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

རིགས་དབྱེ།  

ཧུ་པེ་ཆུས།

ཧུ་པེ་ཆུས་ནི་ཐེན་ཅིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཐེན་ཅིན་གྱི་འབྱུང་གནས་དང་ལྟེ་བའི་གྲོང་ཁུལ་གྱི་གྲས་ཤིག་ཡིན་ཞིང་། ཧའེ་ཧུ་ཆུ་བོའི་བྱང་རྒྱུད་དུ་གནས་ཡོད་པའི་རྐྱེན་གྱིས་མིང་དེ་ལྟར་ཐོགས་པ་དང་། དྲོད་འཇམ་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། བྱང་གི་འཕྲེད་ཐིག39°08'དང་། ཤར་གྱི་གཞུང་ཐིག117°10 'ཡི་བར་དུ་གནས་ཡོད། ཤར་རྒྱུད་ནི་ཏུང་ལི་ཆུས་ཀྱི་ས་མཚམས་དང་འབྲེལ་ཡོད། ནུབ་རྒྱུད་ནི་ཧའེ་ཧུ་གཙང་པོ་དང་པེ་ཡུན་གཙང་པོ་གཉིས་ཀྱི་ས་མཚམས་དབྱེ་ཡོད། ཧུ་ཕིང་དང་། ནན་ཁའེ། ཧུང་ཆའོ་བཅས་ཆུས་གསུམ་དང་ཆུ་བོས་ཆོད་ཅིང་ཁ་གཏད་དུ་གནས་ཡོད། ལྷོ་ཕྱོགས་ནི་ཧུ་ཏུང་ཆུས་དང་འབྲེལ་ཡོད་ལ། བྱང་ཕྱོགས་པེ་ཁྲིན་ཆུས་ཀྱི་ཁྱིམ་མཚེས་ཡིན། ཆུས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ29.62ཡོད། སྤྱི་ལོ2018ལོའི་བར་ཧུ་པེ་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ10ཡོད་པ་དང་ཐེམ་ཐོའི་མི་འབོར་ཁྲི63ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི90ཡོད།

རིགས་དབྱེ།  

ཏུང་ལི་ཆུས།

ཏུང་ལི་ཆུས་ནི་ཐེན་ཅིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཅིན་པིན་འཕེལ་རྒྱས་ཆུས་ཀྱི་སྲོག་ཤིང་དུ་གནས་ཡོད། ཤར་ངོས་སུ་པིན་ཧའེ་ཆུས་གསར་གྱི་ལྟེ་བའི་ཁུལ་དང་འབྲེལ་ཡོད་པ་དང་། ནུབ་ངོས་ནི་ཀྲུང་ཞིན་གྲོང་ཁུལ་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ477.34ཟིན་པ་བཅས་ཀྱི་ཁྲོད་སྤྱི་ལེ་གྲུ་བཞི་མ225པིན་ཧའེ་ཆུས་གསར་ཁོངས་སུ་ཚུད་ཡོད། ཏུང་ལི་ཆུས་ནི་དྲོད་འཇམ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ལ་གཏོགས་པ་དང་། སྤྱི་ལོ2018ལོའི་བར་ཏུང་ལི་ཆུས་ཁོངས་གཏོགས་སུ་ཁྲོམ་གཞུང11ཡོད་པ་དང་། རྒྱུན་སྡོད་མི་འབོར་ཁྲི75.79(སྤྱི་ལོ2017ལོར)ཡོད། ཏུང་ལི་ཆུས་ནི་ཐེན་ཅིན་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དང་པིན་ཧའེ་ཆུས་གསར་གཉིས་ཀྱི་བར་དུ་གནས་ཡོད་པ་དང་། འཕྲེད་ཐིག་བྱང་མ 39°~39°14’བར་དང་། གཞུང་ཐིག་ཤར་མ 117°13’~117°33’ཡི་བར་དུ་གནས་ཡོད། ཤར་ངོས་ནི་པིན་ཧའེ་ཆུས་གསར་དང་ས་མཚམས་འབྲེལ་ཡོད་པ་དང་། ལྷོ་ངོས་ནི་ཅིན་ནན་ཆུས་དང་འབྲེལ་ཡོད། ནུབ་ངོས་ནི་པེ་ཁྲེང་ཆུས་དང་ནན་ཁའེ་ཆུས་གཉིས་དང་འབྲེལ་ཡོད། བྱང་ངོས་ཉིང་ཧུ་ཆུས་དང་ཉེ་བ་ཡིན། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ477.34ཡོད་པ་དང་། ཤར་ངོས་ཀྱི་རིང་ཚད་སྤྱི་ལེ30དང་ལྷོ་བྱང་གི་ཞེང་ཚད་སྤྱི་ལེ25ཟིན་ཡོད།

རིགས་དབྱེ།  

ཧུང་ཆའོ་ཆུས།

ཧུང་ཆའོ་ཆུས་ནི་ཐེན་ཅིན་གྱི་འབྱུང་གནས་ཡིན་ཞིང་། ཐེན་ཅིན་གྲོང་ཁུལ་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད། ཐེན་ཅིན་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དྲུག་གི་གྲས་ཤིག་ཡིན། ཐེན་ཅིན་གྲོང་ཁྱེར་ནས་པེ་ཅིང་དང་། ཧུ་པེ། བྱང་ཤར་ཞིང་ཆེན་གསུམ་ལ་སྐྱོད་སའི་བགྲོད་ལམ་གལ་ཆེན་གྱི་གྲས་ཤིག་ཡིན། ཐེན་ཅིན་ནུབ་ཚུགས་ནི་ལྷོ་བྱང་གི་མ་ལམ་ཆེན་པོ་དང་སྦྲེལ་བའི་ཅིང་ཧུའུ་མྱུར་བགྲོད་ལྕགས་ལམ་གྱི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཧུང་ཆའོ་ཆུས་ནི་ཐེན་ཅིན་ཚོང་ལས་ཀྱི་འབྱུང་གནས་ཡིན་ཞིང་། ཀུའུ་དབྱི་ཁྲོམ་གཞུང་གི་ཡོན་ལུང་དང་། ཆན་ཞང་དབྱི། རུའེ་ཧུའེ་ཞང་སོགས་དར་གོས་ཚོང་ཁང་ནི་གནའ་སྔ་མོ་ནས་སྐད་གྲགས་ཆོད་པའི་ཚོང་རྟགས་རྙིང་པ་དག་ཡིན་ལ། “ཅིན་མུན་ཁྱད་འཕགས་གསུམ”ནང་གི་ཤ་མོག་དང་རྣ་ཅོག་གི་ཐུད་ཟས་ཚང་མ་ཧུང་ཆའོ་ཆུས་ནས་དར་ཁྱབ་བྱུང་བ་ཡིན། ཀུའུ་དབྱི་ཁྲོམ་གཞུང་དང་། ཧུ་པེ་ཁྲོམ་ཆེན་རྒྱུད་ཀྱི་ཚོང་ལས་ལ་ལོ་རྒྱུས་རྒྱུན་རིང་ལྡན་པས་དེས་ཐེན་ཅིན་གྲོང་ཁྱེར་གྱི་ཚོང་ལས་འཕེལ་རྒྱས་ཐད་ལ་ནུས་པ་ཆེན་པོ་ཐོན་ཡོད། ཧུང་ཆའོ་ཆུས་ནི་ཀྲུང་གོའི་ཧྭ་བྱང་མི་རིགས་བཟོ་ལས་ཀྱི་འབྱུང་གནས་ཡིན་ཞིང་། འཕྲུལ་ཆས་ལུགས་རྒྱག་བཟོ་ལས་མཚོན་རྟགས་སུ་བྱས་ཏེ་ཧུང་ཆའོ་ཆུས་ཀྱི་རྡོ་ལེབ་གསུམ་ནས་དར་རྒྱས་བྱུང་བ་དང་། གསར་སྐྲུན་ལག་རྩལ་བྱང་ཆུབ་ཡོད་པས། ལག་རྩལ་བཟོ་པ་འབོར་ཆེན་གསོ་སྐྱོང་བྱས་ཤིང་། ཤུགས་རྐྱེན་རྒྱ་ཁྱབ་ཏུ་སོང་ཡོད།

རིགས་དབྱེ།  

པིན་ཧའེ་ཆུས་གསར།

པིན་ཧའེ་ཆུས་གསར་ནི་ཧྭ་པེ་བདེ་ཐང་གི་བྱང་རྒྱུད་དུ་གནས་ཡོད་པ་དང་། ཧྲན་ཏུང་ཕྱེད་གླིང་དང་ལིའོ་ཏུང་ཕྱེད་གླིང་གི་འབྲེལ་མཚམས་དང་། ཧའེ་ཧོ་ཆུ་བོའི་སྨད་རྒྱུད། ཐེན་ཅིན་གྲོང་ཁྱེར་གྱི་ལྟེ་གནས་ཁུལ་བཅས་ཀྱི་ཤར་ངོས་སུ་གནས་ཡོད་པ་དང་། པོ་ཧའེ་ཝན་གྱི་རྩེ་མོ་དང་། པོ་ཧའེ་རྒྱ་མཚོའི་ཉེ་འགྲམ་དུ་གནས་ཡོད། བྱང་ནི་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཧྥེང་ནན་ཆུས་དང་ཐག་ཉེ་བ། ལྷོ་ནི་ཧོ་པེ་ཞིང་ཆེན་ཧོང་ཡན་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། པིན་ཧའེ་ཆུས་གསར་ནི་ཐེན་ཅིན་གྲོང་ཁྱེར་གྱི་ཁོངས་གཏོགས་ཀྱི་ཆུས་དང་། ཞིང་ཆེན་རིམ་པ་གཞོན་པའི་ཆུས། རྒྱལ་ཁབ་རིམ་པའི་ཆུས་གསར་བཅས་ཡིན། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྒྲིག་གཞི་ཚང་བའི་སྒྱུར་བཅོས་ཚོད་ལྟ་ཁུལ་བཅས་ཡིན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་གསར་གཏོད་ཆུས་དང་པོ་དེ་ཡིན། ས་ཁམས་གནས་ཚད་ནི་བྱང་གི་འཕྲེད་ཐིག38°40′-39°00′བར་དང་ཤར་གྱི་གཞུང་ཐིག117°20′-118°00′བར་ཡིན། སྐམ་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2270ཡོད། མཚོ་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3000ཡོད། སྤྱི་ལོ2010ལོའི་ལོ་མཇུག་ཏུ་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ289ཟིན་ཡོད།

རིགས་དབྱེ།  

ཞི་ཆིང་ཆུས

ཞི་ཆིང་ཆུས་ནི་ཐེན་ཅིན་གྲོང་ཁྱེར་གྱི་ཁོངས་གཏོགས་ཀྱི་ཆུས་ཤིག་ཡིན་པ་དང་། ཐེན་ཅིན་གྱི་གྲོང་སྐོར་བཞིའི་ནང་གི་གཅིག་ཡིན། སྔོན་གྱི་མིང་ལ་ཞི་ཅའོ་ཆུས་ཟེར། སྤྱི་ལོ1992ལོའི་ཟླ3པར་ཞི་ཆིང་ཆུས་སུ་མིང་བསྒྱུར། ས་གནས་སྲིད་གཞུང་ནི་དབྱང་ལིའུ་ཆིང་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད། ཞི་ཆིང་ཆུས་ནི་ཐེན་ཅིན་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་ཡོད་པ་དང་། ཤར་ངོས་ཧུང་ཆའོ་ཆུས་དང་ནན་ཁའེ་ཆུས་གཉིས་དང་ས་མཚམས་འབྲེལ་ཡོད། ལྷོ་ངོས་ཏུའུ་ལིའུ་ཆུ་བོ་དང་ཅིང་ཧའེ་ཆུས་གཉིས་ཆུ་བོས་བར་ཆོད་ཅིང་ཁ་གཏད་དུ་གནས་ཡོད། ནུབ་ངོས་ཝུའུ་ཆིང་ཆུས་དང་ཧོ་པེ་ཞིང་ཆེན་གྱི་པཱ་ཀྲོའུ་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། བྱང་ཕྱོགས་ཙི་ཡཱ་གཙང་པོའི་འགྲམ་རྒྱུད་བཅས་ཡིན། རང་བྱུང་ས་བབ་ནི་ནུབ་མཐོ་ལ་ཤར་དམའ་བ། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ48ཡོད་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ11ཡོད། ཆུས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ545བཅས་ཡོད།

རིགས་དབྱེ།  

ཅིན་ནན་ཆུས།

ཅིན་ནན་ཆུས་ནི་ཐེན་ཅིན་གྲོང་ཁྱེར་གྱི་གྲོང་སྐོར་བཞིའི་གྲས་ཤིག་ཡིན་ཞིང་། ཐེན་ཅིན་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དང་ཧའེ་ཧོ་ཆུ་བོའི་སྨད་རྒྱུད་ཀྱི་ལྷོ་ངོགས་སུ་གནས་ཡོད། ས་ཁུལ་དེར་ཐེན་ཅིན་གྱི“ཅིན་སན་ཅའོ”ཞེས་འབོད་སྲོལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ420.72ཡོད་པ་དང་། དེའི་ཁོངས་སུ་གྲོང་རྡལ8དང་དོན་གཅོད་ཁྲུའུ1ཡོད། ཅིན་ནན་ཆུས་ཤར་ཕྱོགས་ནི་ཐེན་ཅིན་གྲུ་ཁ་དང་ཉེ་ལ། ནུབ་ཕྱོགས་ནི་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དང་འབྲེལ་ཡོད། ལྷོ་ཕྱོགས་སུ་ཏཱ་ཀང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཁུལ་ཡོད་པ་དང་། བྱང་ཕྱོགས་ནི་ཧའེ་ཧོ་བཅས་སུ་འབྲེལ་ཡོད་ཅིང་། ཧའེ་ཧོ་ཕྱོགས་བསྡུས་གསར་སྤེལ་གྱི་རིང་ཚད་སྤྱི་ལེ72ཟིན་པའི་དབུས་སྨད་རྒྱུད་ཀྱི་སྤྱི་ལེ32ཟིན་པ་དེ་ཐེན་ཅིན་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲོག་ཤིང་ཐོག་གནས་ཡོད་པས་ལྟེ་བའི་གྲོང་ཁུལ་གྱི་གྲོང་ཁྱེར་ནུས་པ་དང་པིན་ཧའེ་ཁུལ་གསར་གྱི་ཐོན་ལས་ནུས་པ་དང་ལེན་བྱེད་པའི་ས་ཁུལ་གལ་ཆེན་ཞིག་ཡིན། ཤར་རྒྱུད་ཀྱི་ཀེ་ཀུའུ་གྲོང་རྡལ་ནི་པིན་ཧའེ་ཆུས་གསར་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

རིགས་དབྱེ།  

པེ་ཁྲེན་ཆུས།

པེ་ཁྲེན་ཆུས་ནི་ཐེན་ཅིན་གྲོང་ཁྱེར་མཁར་གྱི་བྱང་ཕྱོགས་དང་། པེ་ཡུན་གཙང་པོའི་འགྲམ་དུ་ཆགས་ཡོད། ཤར་ངོས་ནི་པེ་ཅིན་གྱི་ཕའེ་ཝུའུ་ཆུ་བོ་དང་ཉིང་ཧོ་རྫོང་གཉིས་ཀྱི་ཁྱིམ་མཚེས་ཡིན། མཐའ་མཚམས་ཀྱི་རིང་ཚད་ལ་སྟོང་སྨི20.66ཡོད། ཤར་ལྷོའི་མཚམས་སུ་ཅིན་ཀྲུང་གཙང་པོ་དང་། ཞིན་ཁའེ་གཙང་པོ་གཉིས་ཏུང་ལི་ཆུས་དང་ཁ་སྤྲོད་དུ་གནས་ཡོད། མཐའ་མཚམས་ཀྱི་རིང་ཚད་སྟོང་སྨི22.99ཡོད། ལྷོ་ནི་ཧུ་པེ་ཆུས་དང་ཧུང་ཆའོ་ཆུས་གཉིས་དང་འབྲེལ་ཡོད། ལྷོ་ནུབ་ཕྱོགས་ནི་ཙི་ཡ་གཙང་བོ་དང་ཞི་ཆིང་ཆུས་གཉིས་ཀྱི་འབྲེལ་མཚམས་ཡིན་པ་དང་། མཐའ་མཚམས་ཀྱི་རིང་ཚད་སྟོང་སྨི27.5ཡོད། ནུབ་དང་བྱང་གཉིས་ཀ་ཝུའུ་ཆིང་རྫོང་དང་འབྲེལ་ཡོད་པ་དང་། མཐའ་མཚམས་ཀྱི་རིང་ཚད་སྟོང་སྨི25.14ཡོད། ལྷོ་བྱང་འཕྲེད་ཐིག་གི་ཞེང་ཚད་ལ་སྟོང་སྨི20.8ཡོད། ཆེས་གུ་དོག་ས་ལིའུ་ཐན་གྲོང་ཚོའི་ལྷོ་ཕྱོགས་ནས་ལིའུ་མ་ཀྲོང་གི་ནུབ་བྱང་བར་ཡིན་ལ་སྟོང་སྨི14.4ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི43.2ཡོད་པ་དང་། ཞེང་ཆེ་ཤོས་ནི་ཏུང་ཏི་ཐོའུ་གྲོང་ཚོའི་ཤར་ནས་ཞན་ཧུ་གྲོང་ཚོའི་ནུབ་ཀྱི་བར་ཡིན་པ་དང་སྟོང་སྨི46.3ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ478.48ཡོད།

རིགས་དབྱེ།  

ཝུའུ་ཆིང་ཆུས།

ཝུའུ་ཆིང་ཆུས་ནི་ཐེན་ཅིན་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ཤིག་ཡིན་པ་དང་ཐེན་ཅིན་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད། བྱང་ནི་པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་དང་ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་ཞང་ཧོ་རྫོང་དང་འབྲེལ་ཡོད་པ་དང་། ལྷོ་ནི་ཐེན་ཅིན་གྲོང་ཁྱེར་པེ་ཁྲེན་ཆུས་དང་། ཞི་ཆིང་ཆུས། ཧོ་པེ་ཞིང་ཆེན་པཱ་ཀྲོའུ་གྲོང་ཁྱེར་བཅས་ཀྱི་ཁྱིམ་མཚེས་ཡིན་པ་དང་། ཤར་ཕྱོགས་ནི་ཐེན་ཅིན་གྲོང་ཁྱེར་གྱི་པའོ་ཧྥང་ཆུས་དང་ཉིང་ཧོ་ཆུས་གཉིས་དང་ས་མཚམས་འབྲེལ་ཡོད། ནུབ་ངོས་ནི་ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་གྱི་ཨན་ཚེ་ཆུས་དང་ས་མཚམས་འབྲེལ་ཡོད། ཝུའུ་ཆིང་ཆུས་ནི་ཐེན་ཅིན་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དང་། ཧའེ་ཧོ་གཙང་པོའི་ཆུ་རྒྱུད་ཀྱི་དབུས་སྨད་རྒྱུད་དུ་གནས་ཡོད་པ་དང་། ཤར་ཕྱོགས་ཀྱི་གཞུང་ཐིག116°46′43″-117°19′59″བར་དང་། བྱང་ཕྱོགས་ཀྱི་འཕྲེད་ཐིག39°07′05″-39°42′20″ཡི་བར་དུ་གནས་ཡོད། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ41.78ཡོད་པ་དང་། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ65.22ཡོད། བྱང་ཕྱོགས་ས་ཁུལ་རྒྱ་ཆེ་ལ་ལྷོ་ཕྱོགས་དོག་པ་ཡིན།

རིགས་དབྱེ།  

པའོ་ཏི་ཆུས།

པའོ་ཏི་ཆུས་ནི་ཐེན་ཅིན་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ཤིག་ཡིན་ཞིང་། ཀྲུང་གོའི་ཐེན་ཅིན་གྲོང་ཁྱེར་གྱི་དབུས་བྱང་རྒྱུད་དང་། ཧྭ་པེ་བདེ་ཐང་གི་བྱང་རྒྱུད། ཡན་ཧྲན་རི་རྒྱུད་ཀྱི་ལྷོ་འདབས་བཅས་སུ་ཆགས་ཡོད་པ་དང་། ཧྭ་པེ་བདེ་ཐང་བྱང་རྒྱུད་ཀྱི་ཆ་ཤས་ཤིག་ཡིན་ལ། པེ་ཅིང་དང་། ཐེན་ཅིན། ཐང་བཅས་ཀྱི་ཟུར་གསུམ་ས་ཁུལ་དུ་གནས་ཡོད་པ་དང་། པོ་ཧའེ་མཚོ་ཁུག་དང་ཉེ། པའོ་ཏི་ཆུས་ཤར་དང་ཤར་ལྷོའི་ཕྱོགས་ནི་ཧོ་པེ་ཞིང་ཆེན་ཡུའུ་ཐེན་རྫོང་དང་ཐེན་ཅིན་གྲོང་ཁྱེར་ཉིང་ཧོ་ཆུས་དང་འབྲེལ་ཡོད། ལྷོ་དང་ལྷོ་ནུབ་ཕྱོགས་ནི་ཉིང་ཧོ་ཆུས་དང་ཝུའུ་ཆིང་ཆུས་གཉིས་དང་ས་མཚམས་འབྲེལ་ཡོད། ནུབ་དང་ནུབ་བྱང་ཕྱོགས་ནི་ཧོ་པེ་ཞིང་ཆེན་གྱི་ཞང་ཧུ་རྫོང་དང་སན་ཧོ་གྲོང་ཁྱེར་དང་འབྲེལ་ཡོད། བྱང་དང་བྱང་ཤར་ཕྱོགས་ནི་ཐེན་ཅིན་གྲོང་ཁྱེར་གྱི་ཅི་ཀྲོའུ་ཆུས་དང་ཧོ་པེ་ཞིང་ཆེན་གྱི་ཡུས་ཐེན་རྫོང་དང་ཆུ་བོའི་བར་ཆོད་ཅིང་ཕན་ཚུན་ཁ་གཏད་དུ་གནས་ཡོད། པའོ་ཏི་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1450ཡོད་པ་དང་། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ65དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ24ཡོད། ཤར་གྱི་གཞུང་ཐིག 117°8'-117°40' དང་། བྱང་གི་འཕྲེད་ཐིག 39°21'-39°50' ཡི་བར་དུ་གནས་ཡོད།

རིགས་དབྱེ།  

ཉིང་ཧུ་ཆུས།

ཉིང་ཧུ་ཆུས་ནི་ཐེན་ཅིན་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དང་། པོ་ཧའེ་རྒྱ་མཚོའི་མཐའ་འཁོར་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ས་ཁོངས། ཅིང་ཅིན་ཐང་དང་ཚའོ་ཧྥེ་ཏེན་བཟོ་ལས་ཁུལ་གྱི་ལྟེ་བའི་ས་ཁུལ་དུ་གནས་ཡོད། ཉིང་ཧུ་ནི་ཐེན་ཅིན་གྱི་ཤར་སྒོ་ཆེན་པོ་ཞིག་ཡིན་པ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་གྲོང་ཁྱེར་ཁྱུ་ཚོགས་ཀྱི་འདྲེས་མདོའི་ལྟེ་བར་གནས་ཤིང་། ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1296ཡོད་པ་དང་། ཁོངས་གཏོགས་སུ་གྲོང་རྡལ14དང་། སྲིད་འཛིན་གྲོང་ཚོ270གྲོང་ལྷན33བཅས་ཡོད། མི་འབོར་ཁྲི42ཡོད་པ་དང་། གྲོང་ཁུལ་ལུའུ་ཐའེ་གྲོང་རྡལ་དུ་བཙུགས་ཡོད། སྤྱི་ལོ2018ལོར་ཉིང་ཧུ་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར420ཟིན་པ་དང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར21.26ཟིན་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར117.4བཏང་བ་དང་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26492ཟིན་ཡོད།

རིགས་དབྱེ།  

ཅི་ཀྲོའུ་ཆུས།

ཅི་ཀྲོའུ་ཆུས་ནི་ཐེན་ཅིན་གྲོང་ཁྱེར་གྱི་ཆེས་བྱང་རྒྱུད་དུ་གནས་ཡོད་པ་དང་། ལྷོ་ཕྱོགས་ནས་ཐེན་ཅིན་གྲོང་ཁུལ་དང་བར་ཐག་སྤྱི་ལེ115ཡོད་པ་དང་། ནུབ་ནས་པེ་ཅིང་གྲོང་ཁུལ་དང་བར་ཐག་སྤྱི་ལེ88ཡོད། པེ་ཅིང་རྒྱལ་སའི་རྒྱལ་སྤྱིའི་གནམ་གྲུ་ཐང་དང་བར་ཐག་སྤྱི་ལེ68ཡོད། ཤར་ནས་ཐང་ཧྲན་དང་བར་ཐག་སྤྱི་ལེ90ཡོད། བྱང་ནས་ཁྲེང་ཏུ་དང་བར་ཐག་སྤྱི་ལེ220ཡོད། པེ་ཅིང་དང་། ཐེན་ཅིན། ཐང་། ཁྲེང་སི་གྲོང་ཁྱེར་བཞིའི་ལྟེ་བར་གནས་ཡོད། འཕྲེད་ཐིག་བྱང་མ 39°45'-40°15'བར་དང་། གཞུང་ཐིག་ཤར་མ117°05'-117°47'ཡི་བར་དུ་གནས་ཡོད་པ་དང་། ཆུས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1590ཡོད། སྤྱི་ལོ2018ལོར་ཅི་ཀྲོའུ་ཆུས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར380ཟིན་ནས་བསྡུར་གཞི་ཡོད་པའི་སྒོ་ནས4%འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར27.8ཡིན་པས་བསྡུར་གཞི་ཡོད་པའི་ཚད་ལྟར་བརྒྱ་ཆའི10འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར122བཏང་ནས། གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26488ཟིན་ནས6%འཕར་ཡོད།

རིགས་དབྱེ།  

ཅིང་ཧའེ་ཆུས།

ཅིང་ཧའེ་ནི་ཧྭ་པེ་བདེ་ཐང་གི་ཤར་རྒྱུད་དང་། ཐེན་ཅིན་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད། ཧའེ་ཧོ་ཆུ་བོའི་སྨད་རྒྱུད་དུ་གནས་ཡོད། དེའི་བྱང་ཤར་དང་ཤར་ལྷོའི་ས་ཁུལ་ཁག་སོ་སོར་ཐེན་ཅིན་གྲོང་ཁྱེར་གྱི་ཞི་ཆིང་ཆུས་དང་པིན་ཧའེ་ཆུས་གསར་གཉིས་དང་ས་མཚམས་འབྲེལ་ཡོད། ནུབ་རྒྱུད་དང་ལྷོ་ནུབ་ས་ཁུལ་ཧོ་པེ་ཞིང་ཆེན་གྱི་ཝུན་ཨན་དང་ཏཱ་ཁྲེང་རྫོང་དང་འབྲེལ་ཡོད། ལྷོ་རྒྱུད་ཕྱོགས་སུ་ཧོ་པེ་ཞིང་ཆེན་གྱི་ཆིང་རྫོང་དང་ཧོང་ཅི་གྲོང་ཁྱེར་ཡོད་ལ། ཅིང་ཧའེ་ཡི་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ54ཡོད་པ་དང་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ40ཡོད་པ་དེ་ཤར་གྱི་གཞུང་ཐིག116°42′-117°12′30〞དང་། བྱང་གི་འཕྲེད་ཐིག38°35′-39°4′45〞ཡི་བར་དུ་གནས་ཡོད། སྤྱི་ལོ2016ལོར་ཅིང་ཧའེ་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར680ཟིན་པ་དང་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར64.8ཟིན་ཡོད།

རིགས་དབྱེ།  

ཝན་ཀྲོའུ་ཆུས།

ཝན་ཀྲོའུ་ཆུས་ནི་ཁྲུང་ཆིང་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཤིག་ཡིན། འབྲི་ཆུའི་སྟོད་རྒྱུད་ས་ཁུལ་དང་ཁྲུང་ཆིང་བྱང་ཤར་རྒྱུད་དང་། འབྲི་ཆུའི་འགག་གསུམ་ཆུ་མཛོད་ཁུལ་གྱི་དཀྱིལ་སྙིང་དུ་གནས་ཡོད། དེ་ནི་ཁྲུང་ཆིང་བྱང་ཤར་དང་། སི་ཁྲོན་ཤར་རྒྱུད། ཧུའུ་པེའི་ནུབ་རྒྱུད། ཧྲའན་ཞིའི་ལྷོ་རྒྱུད། ཆན་ཏུང་། ཧུའུ་ནན་ནུབ་རྒྱུད་བཅས་ཀྱི་དངོས་རྫས་བསྡུ་འགྲེམས་ལྟེ་གནས་ཡིན། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་ཁྱུ་ཚོགས་ཀྱི་འབྲི་ཆུའི་རྒྱུད་ཀྱི་གྲོང་ཁྱེར་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཡིན། ཧན་རྒྱལ་རབས་ཤར་མའི་དུས་མཇུག་ནས་བཟུང་རྫོང་སྐྱོང་བཙུགས་པ་དང་། ཐང་རྒྱལ་རབས་ཀྱི་སྐབས་སུ་ཝན་ཀྲོའུ་ཡི་མིང་བཀོལ། མིན་གོའི་དུས་སྐབས་སུ་ཁྲེང་ཏུའུ་དང་ཁྲུང་ཆིང་ལ“ཁྲེང་ཡུའུ་ཝན”ཞེས་འབོད། ཝན་ཀྲོའུ་ཆུས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ་དང་། ཤང་། ཁྲོམ་གཞུང་བཅས52ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་མ3457ཡོད། གྲོང་ཁྱེར་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ100(ཆུ་ཁོངས་ཚུད་པ)ཡོད་པ། སྤྱི་ལེ25ཡི་པིན་ཅང་གཙང་པོའི་མཐའ་འཁོར་དང་། སྤྱི་ལེ57གྱི་གྲོང་ཁྱེར་གྱི་ཕྱི་སྐོར། “འཁོར་གཅིག་གཤོག་གཉིས”ཀྱི་གྲོང་ཁྱེར་གྱི་བར་མཐོངས་རྣམ་པ་བཅས་བསྐྲུན་ཡོད་པ་རེད། སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཝན་ཀྲོའུ་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི163.58ཡོད། ཝན་ཀྲོའུ་ཆུས་ནི“རྒྱལ་ཡོངས་ཀྱི་ས་མིང་སྤྱི་པའི་ཞབས་ཞུའི་དཔེ་སྟོན་ཁུལ”ཡིན་པས“ཁྲུང་ཆིང་གྲོང་ཁྱེར་གྱི་ཤེས་དཔལ་གྲོང་ཁྱེར”དང་། “དུས་བདེའི་འཛུགས་སྐྲུན་སྔོན་ཐོན་ཁུལ(རྫོང)”“བདེ་འཇགས་ཤར་གཏོང་ཐུབ་པའི་རྫོང་དང་ཆུས”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

རིགས་དབྱེ།  

ཏ་ཏུའུ་ཁོའུ་ཆུས།

ཏ་ཏུའུ་ཁོའུ་ཆུས་ནི་ཁྲུང་ཆིང་གི་གྲོང་ཁུལ་གཙོ་བོ་དང་། ཁྲུང་ཆིང་གི་ཏ་ཏུའུ་གྲོང་ཁུལ་ཡིན། ཁྲུང་ཆིང་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་ཡོད་ལ། ཁྲུང་ཆིང་གྲོང་ཁྱེར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཁྲུང་ཆིང་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་ཚོགས་པ་བཅུ་གཉིས་ཀྱི་གྲས་ཤིག་ཀྱང་ཡིན། སྤྱི་ལོ1965ལོར་ཆུས་བསྐྲུན་པ་རེད། ཏ་ཏུའུ་ཁོའུ་ཆུས་ཀྱི་ཤར་དུ་པ་ནན་ཆུས་དང་། ལྷོ་ནི་ཅང་ཅིན་ཆུས། ནུབ་དང་བྱང་ནི་ཅིའུ་ལུང་ཕོ་ཆུས་བཅས་དང་ས་མཚམས་འབྲེལ་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར། ཏ་ཏུའུ་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང5དང་གྲོང་རྡལ3ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ102.83ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི34ཡོད། ཏ་ཏུའུ་ཁོའུ་ཆུས་ཀྱི་ཡུལ་སྐོར་ཐོན་ཁུངས་ནི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་གཙོ་བོ་ཡིན་པ་དང་། གཙོ་བོ་ཅིན་ཧའོ་ཧྲན་རི་བོ་དང་། ཅན་ཧྲི་རི་བོ། ཏ་ཏུའུ་ཁོའུ་ནགས་ཚལ་སྤྱི་གླིང་། ཏ་ཏུའུ་ཁོའུ་དབྱི་ཏུའུ་སྤྱི་གླིང་། མ་སང་ཤིས་གནའ་གྲོང་སོགས་ཡོད། ཏ་ཏུའུ་ཁོའུ་ཆུས་ལ་རྒྱལ་ཡོངས་ཀྱི་སྔོ་འགྱུར་དཔེ་བཟང་གྲོང་ཁུལ་དང་། གྲོང་ཁྱེར་རིམ་པའི་ཤེས་དཔལ་གྲོང་ཁུལ། གྲོང་ཁྱེར་རིམ་པའི་འཕྲོད་བསྟེན་གྲོང་ཁུལ། གྲོང་ཁྱེར་རིམ་པའི་ཁོར་ཡུག་སྲུང་སྐྱོང་དཔེ་བཟང་ཁུལ། གྲོང་ཁྱེར་རིམ་པའི་རི་ཆུ་སྐྱེད་ཚལ་གྲོང་ཁུལ། རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར(ཆུས)སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

རིགས་དབྱེ།  

ཅིའུ་ལུང་ཕོ་ཆུས།

ཅིའུ་ལུང་ཕོ་ཆུས་ནི་ཁྲུང་ཆིང་གི་གྲོང་ཁུལ་གཙོ་བོ་དང་ཁྲུང་ཆིང་གི་ཏ་ཏུའུ་ཧྲི་ཆུས་ཀྱི་གྲས་ཤིག་ཡིན། ཁྲུང་ཆིང་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་ཤིང་། འབྲི་ཆུ་དང་ཅ་ལིན་ཅང་གཙང་པོས་བསྐོར་བའི་ཁྲུང་ཆིང་དབུས་ཕྱེད་གླིང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཅིའུ་ལུང་ཕོ་ཡི་མངའ་ཁོངས་སུ་ཁྲོམ་གཞུང8དང་གྲོང་རྡལ11ཡོད་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ431.86ཡོད། སྤྱི་ལོ2017ལོའི་བར་ཅིའུ་ལུང་ཕོ་ཆུས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི121.51ཡོད་པ་དང་། སྤྱི་ལོ2017ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1130.44ཡིན། ཅིའུ་ལུང་ཕོ་ཆུས་ཀྱི་ཡུལ་སྐོར་ཐོན་ཁུངས་ནི་རང་བྱུང་མཛེས་ལྗོངས་དང་དེ་བཞིན་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་གཙོ་བོ་ཡིན་པ་དང་། གཙོ་བོ་ལུང་མོན་གྲམ་གྱི་མཛེས་ལྗོངས་ཁུལ་དང་། ཧའེ་ལན་ཡུན་ཐེན། ཁྲུང་ཆིང་སྲོག་ཆགས་གླིང་། པ་གོ་ཁྲེང་། པའེ་ཧྲི་དབྱི་ནགས་ཚལ་སྤྱི་གླིང་སོགས་ཡིན་པ་རེད། ཅིའུ་ལུང་ཕོ་ཆུས་ལ“ཀྲུང་གོའི་སྤྲོ་གསེང་གི་གནས་མཆོག་མཛེས་ཤོས”དང“ཁེ་ལས་འབྲིང་ཆུང་གི་ཤེས་བྱའི་ཐོན་དབང་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་འདུ་འགོད་ཚོད་ལྟའི་གྲོང་ཁྱེར”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

རིགས་དབྱེ།  

ཧྲ་ཕིང་པཱ་ཆུས།

ཧྲ་ཕིང་པཱ་ཆུས་ནི་ཁྲུང་ཆིང་གྲོང་ཁྱེར་དུ་གཏོགས་ལ། ཁྲུང་ཆིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་ཡིན། ཁྲུང་ཆིང་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་ཡོད། ཧྲ་ཕིང་པཱ་ཆུས་ནི་ཀྲོའུ་རྒྱལ་རབས་ཀྱི་པ་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པ་ནས་བཟུང་། ལོ་ངོ3000ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཅིང་། པ་ཡུས་རིག་གནས་དང་། ཧྲ་ཚི་རིག་གནས། འཇར་འགོག་དམག་འཁྲུག་གི་རིག་གནས། ཧུང་ཡན་གྱི་རིག་གནས་བཅས་གཅིག་ཏུ་འདྲེས་ཡོད། དེ་ནི་ཧུང་ཡན་སྙིང་སྟོབས་འབྱུང་ས་གལ་ཆེན་ཞིག་ཡིན་ལ། ཁྲུང་ཆིང་གྲོང་ཁྱེར་གྱི་ཚན་སློབ་རིག་གནས་ཁུལ་ཡང་ཡིན། ཁྲུང་ཆིང་སློབ་ཆེན་ནི་ཧྲ་ཕིང་པཱ་ཆུས་ཀྱི་ནུབ་རྒྱུད་དུ་གནས་ཡོད། སྤྱི་ལོ2019ལོའི་ཟླ8པའི་བར་ཧྲ་ཕིང་པཱ་ཆུས་སུ་ཁྲོམ་གཞུང20དང་གྲོང་རྡལ6ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ396.2ཡོད། སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཐེམ་ཐོའི་མི་གྲངས་ཁྲི83.2ཡོད་པ་དང་། སྤྱི་ལོ2017ལོར་ཧྲ་ཕིང་པཱ་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར860.2ལེགས་འགྲུབ་བྱུང་ཡོད། ཧྲ་ཕིང་པཱ་ཆུས་ལ་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར“རྒྱལ་ཡོངས་རིག་དངོས་ལས་དོན་གྱི་སྔོན་ཐོན་རྫོང”དང“གྲོང་ཁྱེར་གྱི་འབྲུབ་འགོག་གེགས་སེལ་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ““ཁག་དང་པོའི་རྒྱལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི་གནས་མཆོག”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་པ་རེད།

རིགས་དབྱེ།  

ཅང་པའེ་ཆུས།

ཅང་པའེ་ཆུས་ནི་ཁྲུང་ཆིང་གྲོང་ཁྱེར་གྱི་ཁུངས་སུ་གཏོགས་པ་དང་། ཁྲུང་ཆིང་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་གྱི་གྲས་ཤིག་ཡིན། དེ་ནི་འབྲི་ཆུ་དང་ཅ་ལིན་གཙང་པོ་གཉིས་ཀྱི་བྱང་རྒྱུད་དུ་གནས་པ་དང་ནུབ་ནས་ཤར་དུ་ནར་དབྱིབས་ཀྱི་རྣམ་པ་ཞིག་ཆགས་ཡོད། སྤྱི་ལོ1955ལོར་ཁྲུང་ཆིང་གྲོང་ཁྱེར་གྱི་ས་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱས་པ་དང་། མིང་ལ་ཅང་པེ་ཆུས་ཞེས་བཏགས། ཅང་པེ་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང9དང་གྲོང་རྡལ3ཡོད་པ་རེད། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ220.77ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི88.51(སྤྱི་ལོ2018ལོར)ཡོད། སྤྱི་ལོ2018ལོར་ཅང་པེ་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1027.9ཡོད་པ་དང་ལོ་གོང་མ་ལས9.0%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་སོ་སོར་འཕར་ཐང་སྒོར་དུང་ཕྱུར1.1དང་། སྒོར་དུང་ཕྱུར258.8 སྒོར་དུང་ཕྱུར768བཅས་མངོན་འགྱུར་བྱུང་ཡོད། ཅང་པེ་ཆུས་ལ“རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར”དང་། “ཀྲུང་གོའི་གྲོང་ཁྱེར་མི་དམངས་ཀྱི་ཐོབ་ཚོར་དཔེ་མཚོན་བྱ་དགའ”རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར། ཁག་བཞི་པའི་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་དཔེ་སྟོན་གྲོང་ཁྱེར་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

རིགས་དབྱེ།  

ཆི་ཆང་ཆུས།

ཆི་ཆང་ཆུས་ནི་ཁྲུང་ཆིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཁྲུང་ཆིང་གྲོང་ཁྱེར་གྱི་ལྷོ་རྒྱུད་དང་སི་ཁྲོན་གཤོང་ས་དང་ཡུན་ཀུའེ་ས་མཐོའི་འབྲེལ་མཚམས་སུ་གནས་ཡོད། ཆི་ཅང་ཆུས་ཀྱི་ཤར་ངོས་ནན་ཁྲོན་ཆུས་དང་འབྲེལ་ཡོད་ལ། ལྷོ་ངོས་ཀུའེ་ཀྲོའུ་ཞིང་ཆེན་ཙུན་དབྱི་གྲོང་ཁྱེར་ཞི་ཧྲུའེ་རྫོང་དང་ཐུང་ཙི་རྫོང་ལ་འབྲེལ་ཡོད། ནུབ་ངོས་ཅང་ཅིན་ཆུས་དང་འབྲེལ་ཡོད་པ་དང་། བྱང་ངོས་པ་ནན་ཆུས་དང་འབྲེལ་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2747.8ཡོད། སྤྱི་ལོ2017ལོའི་བར་ཆི་ཅང་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི82.55ཡོད་པ་དང་། ཁོངས་གཏོགས་སུ་ཁྲོམ་གཞུང7དང་གྲོང་རྡལ24ཡོད།

རིགས་དབྱེ།  

ཁྲུང་ཆིང་།

ཁྲུང་ཆིང་། བསྡུས་མིང་ལ“渝”ཟེར། མིང་གཞན་ལ་ཧྲན་ཁྲེང་ཟེར་ཞིང་། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་དང་། དབུས་ནུབ་རྒྱུད་ཀྱི་ཐད་གཏོགས་གྲོང་ཁྱེར་ཉག་གཅིག རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར། ཆེས་ཆེ་བའི་གྲོང་ཁྱེར་བཅས་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཀྲུང་གོའི་ལྟེ་བའི་གྲོང་ཁྱེར་གལ་ཆེན་གྱི་གྲས་ཤིག་དང་། འབྲི་ཆུའི་སྟོད་རྒྱུད་ས་ཁུལ་གྱི་དཔལ་འབྱོར་ལྟེ་གནས། རྒྱལ་ཁབ་ཀྱི་དེང་རབས་བཟོ་སྐྲུན་ལས་རིགས་ཀྱི་རྟེན་གཞི་གལ་ཆེན། ལྷོ་ནུབ་ས་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་བཅས་ཡིན། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི8.24ཡོད་པ་དང་། དེའི་ཁོངས་སུ་ཆུས26དང་། རྫོང8རང་སྐྱོང་རྫོང4བཅས་ཡོད། རྒྱུན་སྡོད་མི་འབོར་ཁྲི3124.32ཡོད་ལ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི2086.99ཡོད། ཁྲུང་ཆིང་ནི་ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། འབྲི་ཆུའི་སྟོད་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་། དངུལ་རྩ། ཚན་རིག་གསར་གཏོད། མཚོ་ཐོག་སྐྱེལ་འདྲེན། ཚོང་དོན་ཟོག་འགྲེམས་ལྟེ་གནས་བཅས་དང་། རྒྱལ་ཁབ་ཀྱི་ཟོག་འགྲེམས་ལྟེ་གནས། ནུབ་རྒྱུད་གསར་སྤེལ་ཆེ་མོའི་འཐབ་ཇུས་ཀྱི་རྟེན་གཞི་གལ་ཆེན་དང་། “རྒྱུད་གཅིག་ལམ་གཅིག”འབྲི་ཆུའི་དཔལ་འབྱོར་ཁུལ་བཅས་ཀྱི་འབྲེལ་མཚམས་གལ་ཆེན། དེ་བཞིན་སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེའི་མཐོ་ས་དང་རི་སྔོ་ཆུ་དྭངས་ཀྱི་མཛེས་སྡུག་ལྡན་པའི་ས་ཆ་བཅས་ཡིན། གཙང་གྲོང་དང་། སྨུག་གྲོང་། ཟམ་གྲོང་ཞེས་སྐད་གྲགས་ཆོད་པ་མ་ཟད། རི་གྲོང་ཞེས་ཡང་སྐད་གྲགས་ཆོད་ཡོད། ཁྲུང་ཆིང་ནི་རྒྱ་རིགས་གཙོ་བོ་ཡིན་པ་དང་། གྲངས་ཉུང་མི་རིགས་ལ་ཐུའུ་ཅ་རིགས་དང་མིའོ་རིགས་སོགས་ཡོད། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། འབྲི་ཆུའི་འགག་གསུམ་དང་། འཛམ་གླིང་གི་རིག་གནས་ཤུལ་བཞག་རྡོ་བརྐོས། འཛམ་གླིང་གི་རང་བྱུང་ཤུལ་བཞག་ཝུའུ་ལུང་ཁ་སི་ཐེ། ནན་ཁྲོན་ཅིན་ཧྥོ་རི་བོ་སོགས་བརྗིད་ཆགས་ཡིད་དུ་འོང་བའི་མཛེས་ལྗོངས་ཡོད། ཁྲུང་ཆིང་ནི་ལྷོ་ནུབ་ས་ཁུལ་གྱི་ཆེས་ཆེ་བའི་བཟོ་ཚོང་ལས་རིགས་ཀྱི་གྲོང་ཁྱེར་ཡིན་པ་དང་། རྒྱལ་ཁབ་ཀྱི་དེང་རབས་བཟོ་སྐྲུན་ལས་རིགས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན། རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཁང10དང་། རྒྱལ་ཁབ་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས10 མཐོ་སློབ67བཅས་ཡོད་པ་དང་། ཀྲུང་གོའི(ཁྲུང་ཆིང)རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་། ཀྲུང་གོ(ཁྲུང་ཆིང)འཐབ་ཇུས་རང་བཞིན་གྱི་ཕན་ཚུན་སྦྲེལ་མཐུད་ཀྱི་དཔེ་སྟོན་རྣམ་གྲངས། གཙང་པོ་གཉིས་དང་ཁུལ་གསར། ཁྲུང་ཆིང་དང་། ཤིན་ཅང་། ཡོ་རོབ་བཅས་ཀྱི་རྒྱལ་སྤྱིའི་ལྕགས་ལམ་སོགས་འཐབ་ཇུས་རྣམ་གྲངས་ཡོད་པ་རེད།

རིགས་དབྱེ།  

པེ་པེ་ཆུས།

པེ་པེ་ཆུས་ནི་ཁྲུང་ཆིང་གྲོང་ཁྱེར་གྱི་ཐད་གཏོགས་ཆུས་ཤིག་ཡིན། དེ་ནི་ཁྲུང་ཆིང་གྲོང་ཁྱེར་གཙོ་བོའི་ནུབ་བྱང་ཕྱོགས་སུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ755ཡོད་པ་དེའི་ཁོངས་སུ་ཁྲོམ་གཞུང9དང་གྲོང་རྡལ8ཡོད། ཁྲུང་ཆིང་ལིང་ཅང་ཁུལ་གསར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། སི་ཁྲོན་གཤོངས་སའི་ཤར་རྒྱུད་ཀྱི་ཕིན་ཞིན་ལིན་ཀུའུ་ཆུས་སུ་གནས་པ་དང་ཨེ་ཤེ་ཡ་ཤར་ལྷོའི་དུས་རླུང་འཁོར་རྒྱུག་ཚོད་འཛིན་གྱི་ཚ་ཁུལ་ཕལ་བའི་བརླན་གཤེར་ཆེ་བའི་གནམ་གཤིས་སུ་གཏོགས། སྤྱི་ལོ2018ལོར་རྒྱུན་སྡོད་མི་འབོར་ཁྲི81.10ཡོད།

རིགས་དབྱེ།