ཡོངས་འཛིན་རིག་མཛོད། >ས་ཁམས། >ས་ཁོངས། >རང་སྐྱོང་ལྗོངས།

ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས།

ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་མིང་བསྡུས་ན་ཉིང་ཞེས་འབོད་པ་ཡིན་ལ། དེ་ནི་ཀྲུང་གོའི་རང་སྐྱོང་ལྗོངས་ལྔའི་གྲས་ཀྱི་གཅིག་ཡིན་ཞིང་། ཀྲུང་གོའི་ནུབ་རྒྱུད་ཀྱི་རྨ་ཆུའི་སྟོད་རྒྱུད་ས་ཁུལ་དུ་ཡོད་དེ། ཤར་ཕྱོགས་ནས་ཧྲའན་ཞི་ཞིང་ཆེན་ལ་ཐག་ཉེ་བ་དང་། ནུབ་རྒྱུད་དང་བྱང་རྒྱུད་དུ་ནང་སོག་རང་སྐྱོང་ལྗོངས་དང་འབྲེལ་ནས་ཡོད། ཡང་ལྷོ་ཕྱོགས་ནས་ཀན་སུའུ་ཞིང་ཆེན་དང་འབྲེལ་ནས་ཡོད་ལ། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ456 ཡོད་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ250 ཡོད་ཅིང་། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི66000 ཡོད། གཞན་ཞིང་ཆེན་གྱི་ལྟེ་གནས་ནི་དབྱིན་ཁྲོན་གྲོང་ཁྱེར་ཡིན། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ནི་ཀྲུང་ཧྭའི་ཤེས་རིག་གི་འབྱུང་གནས་ཡིན་ལ། ཟ་འོག་དར་ལམ་དུ་འབོད་པ་ནི་དེ་རུ་ཡོད་པ་དང་། ལོ་རྒྱུས་ཐོག་ཤར་ནུབ་རྒྱུད་ཀྱི་འགྲིམ་འགྲུལ་ཚོང་དོན་གྱི་རྒྱུ་ལམ་གཙོ་བོ་ཡིན་པར་མ་ཟད། རྨ་ཆུ་བཞུར་སའི་ས་ཆ་ཡིན་པའི་ཆ་ནས། དེ་རུ་ལོ་རྒྱུས་ཀྱི་རྒྱུན་རིང་བའི་རྨ་ཆུའི་རིག་གནས་ཡོད་པ་ཡིན། ལོ་ངོ་སུམ་ཁྲིའི་ཡར་སྔོན་དུ་ཉིང་ཞ་རུ་མིའི་རིགས་འཚོ་སྡོད་ཀྱི་རྗེས་ཤུལ་ཡོད་པ་ཡིན་ལ། སྤྱི་ལོ1038 ལོར། ཏང་ཞང་རིགས་ཀྱི་འགོ་གཙོ་ལི་ཡོན་ཧའོ་ཡིས་དེ་རུ་མི་ཉག་རྒྱལ་རབས་བཙུགས་པ་དང་། མི་ཉག་རིག་གནས་བྱུང་བ་ཡིན།

རིགས་དབྱེ།  

ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས།

ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནི་ཀྲུང་གོའི་མི་རིགས་གྲངས་ཉུང་གི་རང་སྐྱོང་ལྗོངས་ལྔའི་གྲས་ཀྱི་གཅིག་ཡིན་ཞིང་། ཀུའེ་ཅང་གཙང་བོ་ཡོད་པའི་རྐྱེན་གྱིས་མིང་བསྡུས་ན་ཀུའེ་ཞེས་འབོད་པ་དང་། ཞིང་ཆེན་གྱི་ལྟེ་གནས་ནི་ནན་ཉིང་གྲོང་ཁྱེར་ཡིན་ལ། ས་ཁུལ་རིམ་པའི་གྲོང་ཁྱེར14དང་རྫོང་རིམ་པའི་གྲོང་ཁྱེར7ཡོད་དེ། ཀྲུང་གོའི་མཚོ་འགྲམ་གྱི་རང་སྐྱོང་ས་ཁུལ་གཅིག་པུ་དེ་ཡིན། དེ་ཡང་ཀོང་ཞི་ནི་ཀྲུང་གོའི་ཧྭ་ལྷོ་ས་ཁུལ་གྱི་ནུབ་རྒྱུད་དུ་ཡོད་ཅིང་། བྱང་ཕྱོགས་ནས་ནུབ་ཕྱོགས་སུ་སོ་སོར་ཀོང་ཏུང་དང་ཧུའུ་ནན། ཀུའེ་ཀྲོའུ། ཡུན་ནན་བཅས་ཞིང་ཆེན4ལ་འབྲེལ་ཡོད་པ་དང་། ལྷོ་ཕྱོགས་ནི་པེ་པུའུ་ཝན་དང་འབྲེལ་ནས་ཏུང་ནན་ཡ་དང་ཁ་གཏད་དུ་ཡོད། ཡང་ལྷོ་ནུབ་ཕྱོགས་ནས་ཡོ་ནན་དང་ཐག་ཉེ་བ་ཡིན་ལ། ཀྲུང་གོའི་ལྷོ་རྒྱུད་མཚོ་འགྲམ་གྱི་དར་རྒྱས་ཆེ་བའི་ཞིང་ཆེན་ཞིག་ཡིན།

རིགས་དབྱེ།  

ཉིང་ཁྲི།

ཉིང་ཁྲི་ནི་ཧི་མ་ལ་ཡའི་རི་རྒྱུད་དང་གདང་ལའི་རི་རྒྱུད་ནུབ་ནས་ཤར་དུ་བརྐྱངས་པ་དང་། ཤར་ཕྱོགས་ཀྱི་རི་རྒྱུད་འཕྲེད་དུ་བརྐྱངས་པའི་བར་དུ་ཆགས་པ་དང་། ས་བབ་དམའ་ཞིང་གནམ་གཤིས་ལེགས་པས། བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཡིན།

རིགས་དབྱེ།  

ནག་ཆུ།

ནག་ཆུ་ས་ཁུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་ཕྱོགས་སུ་ཡོད་པ་དང་། ཤར་ཕྱོགས་ཆབ་མདོ་དང་འབྲེལ་ཞིང་ནུབ་ཕྱོགས་མངའ་རིས་དང་འབྲེལ་ནས་ཡོད། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་བཞི་བཅུ་ལྷག་ཡོད་པ་དང་། ནག་ཆུའི་ཡུལ་ཕྱོགས་དེར་བྱང་ཐང་ཞེས་འབོད་པ་ཡིན། ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་ནི་སྨི་སུམ་སྟོང་ལྔ་བརྒྱ་ནས་བཞི་སྟོང་ལྔ་བརྒྱའི་བར་ཡིན་ནོ། །

རིགས་དབྱེ།  

ལྷ་ས་ཞེས་པའི་མིང་གི་བྱུང་ཚུལ།

སྤྱི་ལོའི་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡར་ཀླུང་གཙང་པོའི་རྒྱུད་(ད་ལྟའི་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་གྱི་ཉེ་འགྲམ)ནས་རྒྱལ་བློན་འཁོར་དང་བཅས་པ་ལྷ་སར་གནས་སྤོས་ཏེ། ལྷ་སའི་གཙུག་ལག་ཁང་ཐོག་མར་བཞེངས་དུས་འོ་ཐང་མཚོའི་དཀྱིལ་དུ་རྡོ་རིང་ཞིག་བརྩིགས་ཤིང་། དེའི་སྟེང་གི་ཕྱོགས་བཞི་མཚམས་བརྒྱད་དུ་གདུང་མ་བསྣོལ་མར་བཏང་བ་ལྟ་བུའི་ཐོག་ར་ཞིག་ལ་ས་རྡོ་བཀལ་ཏེ་མཚོ་བསུབས་པའི་རྟེན་འབྲེལ་གྱིས་ས་དེར་ར་ས་ཞེས་མིང་ཐོགས་པ་དང་། རྗེས་སུ་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནེ་གཙོར་བྱས་པའི་སྐུ་གསུང་ཐུགས་རྟེན་གྱི་རྟེན་མང་པོ་མཛད་པར། མང་ཚོགས་ཀྱིས་ར་ས་ལ་རིམ་བཞིན་ལྷ་ས་ཞེས་པའི་མཚན་གསོལ་བ་དང་། ད་ལྟའི་གྲོང་ཁྱེར་ལྷ་ས་ཞེས་པའི་མིང་ཡང་དེ་ལྟར་ཆགས་པ་རེད།

རིགས་དབྱེ།  

ཕག་རི་གྲོང་རྡལ།

ཕག་རི་གྲོང་རྡལ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ངོས་སུ་ཆགས་ཡོད་ཅིང་། གྲོ་མོ་རྫོང་མཁར་གྱི་ནུབ་ནས་བར་ཐག་ལེ་དབར50ཙམ་གྱི་མཚམས་སུ་ཡོད། དེ་དང་གཞིས་ཀ་རྩེ་གྲོང་ཁུལ་བར་ལེ་དབར250ཙམ་ཡོད། ཕག་རི་གྲོང་རྡལ་གྱི་ཤར་འབྲུག་ཡུལ་དང་འབྲེལ་ཡོད་པ་དང་། གཞིས་ཀ་རྩེ་ས་ཁུལ་གྱི་མཐའ་མཚམས་གྲོང་རྡལ་ནང་གི་གཅིག་ཡིན། དེ་ལ་འཛམ་གླིང་གི་ས་མཐོའི་གྲོང་རྡལ་དང་པོ་ཞེས་འབོད་སྲོལ་ཡོད།

རིགས་དབྱེ།  

བྲག་མར།

ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་སྟེ། དེ་ནི་ས་ཆའི་མིང་ཡིན་ལ་བཙན་པོའི་དགུན་བཞུགས་ཕོ་བྲང་གི་མིང་ཡང་ཡིན། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཕོ་བྲང་གནས་ཡུལ་འོམ་བུ་ཚལ་དེང་གི་གྲ་ནང་རྫོང་ཁོངས་བསམ་ཡས་སུ་ཡོད།

རིགས་དབྱེ།  

གྲང་མོ་གནམ་བསེའ།

ཏུན་ཧོང་ཡིག་རྙིང་དུ་བྱུང་བའི་ས་མིང་ཞིག་སྟེ། དེ་ནི་ས་ཆའི་མིང་དང་སྤུ་དེ་གུང་རྒྱལ་གྱི་བང་སོའི་མིང་།

རིགས་དབྱེ།  

ལ་མོ་ཆག་པ་པྲུམ།

ཏུན་ཧོང་ཡིག་རྙིང་དུ་བྱུང་བའི་ས་མིང་ཞིག་སྟེ། དེང་སང་གི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་འཕན་པོའི་རྒྱུད་ཀྱི་ས་མིང་ཞིག་ཡིན།

རིགས་དབྱེ།  

བཤོ་མ་ར།

ཏུན་ཧོང་ཡིག་རྙིང་དུ་བྱུང་བའི་ས་མིང་ཞིག་སྟེ། དེང་སང་གི་ལྷ་ས་ལྷུན་གྲུབ་རྫོང་འཕན་པོའི་དབུ་རུ་ལུང་ཡུལ་ཚོའི་ཁོངས་སུ་ཡོད།

རིགས་དབྱེ།  

ན་མར།

ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་ཞིག་སྟེ། དེ་ནི་ས་ཆའམ་བཙན་པོའི་བཞུགས་གནས་ཕོ་བྲང་གི་མིང་།

རིགས་དབྱེ།  

དགས་པོ།

ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་ཞིག་སྟེ། གནའ་བོའི་བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་ཀྱི་གྲས་ཤིག་ཡིན།

རིགས་དབྱེ།  

ཀླུམ་ཡ་གསུམ།

ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་ཞིག་སྟེ། དེ་ནི་གནའ་བོའི་བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་ཀྱི་གྲས་ཤིག་ཡིན་པར་བསྟན་ཡོད།

རིགས་དབྱེ།  

སུམ་རུ།

ཏུན་ཧོང་ཡིག་རྙིང་དུ་བྱུང་བའི་ས་མིང་ཞིག་གོ།

རིགས་དབྱེ།  

མོང་པུ་སྲལ་མཛོང་།

ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་ཞིག་གི་མིང་།

རིགས་དབྱེ།  

རྐྱང་བུ་ཚལ།

ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་ཞིག་གོ།

རིགས་དབྱེ།  

ཕོ་དམ་མདོ།

ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་ཞིག་ཡིན།

རིགས་དབྱེ།  

མྱང་པོ།

ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་ཞིག་གོ།

རིགས་དབྱེ།  

རྩང་ཆུ།

ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་ཞིག་གོ།

རིགས་དབྱེ།  

རྩང་།

ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་ཞིག་སྟེ། ཡུལ་གཙང་གི་གནའ་བོའི་འབྲི་སྲོལ་ཞིག

རིགས་དབྱེ།  

མྱང་རོ་ཤམ་པོ།

ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་ཞིག་ཡིན།

རིགས་དབྱེ།  

རྒྱལ་རྩེ་རྫོང་།

བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་གྱི་མངའ་ཁོངས་སུ་གཏོགས་པའི་རྫོང་ཞིག་གི་མིང་།

རིགས་དབྱེ།  

ཁང་དམར་རྫོང་།

བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་མངའ་ཁོངས་སུ་གཏོགས་པའི་རྫོང་ཞིག་གི་མིང་།

རིགས་དབྱེ།  

གྲོ་མོ་རྫོང་།

བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་མངའ་ཁོངས་སུ་གཏོགས་པའི་རྫོང་ཞིག་སྟེ། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ4276དང་ས་ཞིང་རྒྱ་ཁྱོན་མུའུ་ཁྲི1.3 ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི24 མི་འབོར11681དང་། རྫོང་ཡོངས་སུ་ཡུལ་ཚོ5དང་། གྲོང་བརྡལ་གཉིས་གྲོང་ཚོ་ཨུ་ཡོན་ལྷ་ཁང25 རྫོང་དེའི་ས་བབ་ནི་ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ3400ཙམ་གྱིས་མཐོ་བའི་རོང་མ་འབྲོག་གི་རྫོང་ཞིག་ཡིན་པ་བཅས་རེད།

རིགས་དབྱེ།  

གམ་པ་རྫོང་།

བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་མངའ་ཁོངས་སུ་གཏོགས་པའི་རྫོང་ཞིག་སྟེ། རྫོང་དེའི་སྤྱིའི་རྒྱན་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ4198དང་། ས་ཞིང་རྒྱ་ཁྱོན་མུའུ21338 རྩྭ་ས་མུའུ་ཁྲི555 རྫོང་ཡོངས་ལ་ཐད་གཏོགས་ཡུལ་ཚོ4དང་། གྲོང་རྡལ1 གྲོང་ཚོ་ཨུ་ཡོན་ལྷན་ཁང30 ཐེམ་དུད2076དང་། མི་འབོར 9568 ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ4700ཙམ་གྱིས་སར་གནས་པའི་རྫོང་ཞིག་ཡིན་པ་རེད།

རིགས་དབྱེ།  

གཏིང་སྐྱེས་རྫོང་།

བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་མངའ་ཁོངས་སུ་གཏོགས་པའི་རྫོང་ཞིག་སྟེ། རྫོང་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ7600ཙམ་དང་། རྨོ་ཞིང་མུའུ་ཁྲི4 རྩྭ་ས་མུའུ་ཁྲི2.3 ནགས་ཚལ་མུའུ་ཁྲི1.6 ཡུལ་ཚོ11 གྲོང་ཚོ་ལྷན་ཁང81 ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ4500ཙམ་གྱིས་མཐོ་བའི་རོང་མ་འབྲོག་གི་རྫོང་ཞིག་ཡིན་པ་རེད།

རིགས་དབྱེ།  

དིང་རི་རྫོང་།

བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་མངའ་ཁོངས་སུ་གཏོགས་པའི་རྫོང་ཞིག་གི་མིང་། སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ13970དང་། ས་ཞིང་རྒྱ་ཁྱོན་མུའུ་ཁྲི8.9 རྩྭ་ས་རྒྱ་ཁྱོན་མུའུ་ཁྲི1132 ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི80 མི་འབོར་ཁྲི4.2 གྲོང་བརྡལ1དང་། ཡུལ་ཚོ20 བཅས་ཡོད།

རིགས་དབྱེ།  

གཉའ་ལམ་རྫོང་།

བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་རྫོང་ཞིག་སྟེ། སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ7699དང་། ས་ཞིང་རྒྱ་ཁྱོན་མུའུ་ཁྲི1.7 རྩྭ་ས་རྒྱ་ཁྱོན་མུའུ་ཁྲི733 ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི12.7 གྲོང་བརྡལ2དང་ཡུལ་ཚོ5 གྲོང་ཚོ་ཨུ་ཡོན་ལྷན་ཁང45བཅས་དང་མི་འབོར14000ལྷག་ཙམ་ཡོད།

རིགས་དབྱེ།  

སྐྱིད་རོང་རྫོང་།

བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་རྫོང་ཞིག་སྟེ། སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ9126ཙམ་དང་། ས་ཞིང་མུའུ་ཁྲི1.3 རྩྭ་ས་མུའུ་ཁྲི130 ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི42 མི་འབོར་ཁྲི1 གྲོང་བརྡལ་1དང་། ཡུལ་ཚོ6 གྲོང་ཚོ་ཨུ་ཡོན་ལྷན་ཁང40 ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ4800ཙམ་གྱི་ས་བབ་ཅན་གྱི་རོང་མ་འབྲོག་གི་ས་ཆ་ཞིག་གོ། །

རིགས་དབྱེ།  

ས་དགའ་རྫོང་།

བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་རྫོང་ཞིག་སྟེ། སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ12442ཙམ་དང་། ས་ཞིང་རྒྱན་ཁྱོན་མུའུ་ཁྲི0.64 རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི970ལྷག་ཙམ་ཡོད་པ། མི་འབོར་ཁྲི1.3 ཡུལ་ཚོ་8དང་གྲོང་ཚོ་ཨུ་ཡོན་ལྷན་ཁང38 ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ4600ལྷག་ཙམ་གྱིས་མཐོ་བའི་ས་བབ་དུ་གནས་པའི་འབྲོག་ལས་ས་ཁུལ་ཞིག་ཡིན།

རིགས་དབྱེ།