ཁང་དམར་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁང་དམར་རྫོང་།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་མངའ་ཁོངས་སུ་གཏོགས་པའི་རྫོང་ཞིག་གི་མིང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
康马县
ཕྱི་ཡིག་གི་མིང་།
Kangmar County
སྲིད་འཛིན་རིགས་དབྱེ།
རྫོང་།
སྲིད་འཛིན་ཁོངས་གཏོགས།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ།
མངའ་ཁོངས།
གྲོང་རྡལ1དང་ཡུལ་ཚོ8ཡོད།
སྲིད་གཞུང་གནས་ཡུལ།
ཁང་དམར་གྲོང་རྡལ།
རྒྱ་ཁྱོན།
སྤྱི་ལེ་ངོས་སྙོམས་གྲུབ་བཞི་མ6176ཡོད།
མི་གྲངས།
སུམ་ཁྲི་བཞི་སྟོང་།(2013ལོའི་བསྡོམས་རྩིས)
སྐད་རིགས།
བོད་སྐད།
གནམ་གཤིས།
མཐོ་སྒང་གི་ཐན་པ་ཕྱེད་ཙམ་གྱི་དུས་རླུང་ནམ་ཟླའི་རིགས་སུ་གཏོགས།
ས་ཁོངས་ཁ་པར་ཨང་རྟགས།
0892
གནམ་གྲུ་ཐང་།
གཞིས་ཀ་རྩེ་ཞི་བདེ་གནམ་གྲུ་ཐང་།
རླངས་འཁོར་ཨང་རྟགས།
藏D
སྦྲག་སྲིད་ཨང་རྟགས།
857500
1 ངོ་སྤྲོད་མདོར་བསྡུས།

ཁང་དམར་ཞེས་པ་ནི་བསྟན་པ་སྔ་དར་གྱི་དུས་སུ་ད་ལྟའི་ཁང་དམར་གྲོང་ཚོ་ཆགས་ཡུལ་དེར་ངག་འཇམ་དཔལ་རྒྱལ་མཚན་གྱིས་བཏབ་པའི་ལྷ་ཁང་དམར་པོ་ཞིག་ཡོད་སྐད་ལ། མཁར་མིང་ཡུལ་ལ་ཐོགས་ཏེ་ཁང་དམར་ཞེས་པ་དེ་ལྟར་བྱུང་ཞེས་ཟེར། ད་ལྟའི་ཁང་དམར་རྫོང་ཆགས་ཡུལ་ཡང་གནས་དེར་ཡིན་པ་དང་རྫོང་གི་མིང་ཡང་སྔར་མིང་རང་སོར་བཞག་པ་ཞིག་ཡིན། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུབ་བཞི་མ6176དང་། ས་ཞིང་གི་རྒྱ་ཁྱོན་མུའུ་ཁྲི4.3 རྩྭ་སའི་རྒྱ་ཁྱོན་མུའུ་ཁྲི230 མི་འབོར་ཁྲི1.8 ཡུལ་ཚོ9དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང45 རྒྱ་མཚོའི་ངོས་ལས་སྤྱི་ཁྲེ4300ཙམ་གྱིས་མཐོ་བའི་ས་བབ་བཅས་ཀྱི་རོང་མ་འབྲོག་གི་རྫོང་ཞིག་ཡིན་པ་རེད།

2 མི་སྣ་གྲགས་ཅན།

ཡུལ་དེར་གྲགས་ཅན་མི་སྣ་སྐུ་བལྟམས་པ་ནི་དགའ་ལྡན་ཁྲི་ཐོག26པ་དམ་ཆོས་དཔལ་འབར་ཁང་དམར་དུ་སྐུ་འཁྲུངས། རྒྱུད་ཆེན་ཀུན་དགའ་དོན་གྲུབ་སྤྱི་ལོ1419ལོར་གནས་རྙིང་དུ་སྐུ་འཁྲུངས་པ་བཅས་ཡིན།

3 དགོན་སྡེ་སྐོར།

གནས་དེར་ཡོད་པའི་དགོན་སྡེ་ལ། མངའ་བདག་ཁྲི་རལ་གྱི་རྩ་བའི་བླ་མ་རྒྱ་འཇམ་དཔལ་གསང་བ་ཞུ་བས་ཕྱག་བཏབ་པའི་གནས་རྙིང་དགོན་དང་། རྗེ་ཙོང་ཁ་པའི་དངོས་སློབ་ངག་དབང་དོན་གྲུབ་ཀྱིས་ཕྱག་བཏབ་གནང་མཛད་པའི་གཙང་སྦྲ་དགོན། དཔལ་ལྡན་བླ་མས་ཕྱག་བཏབ་གནང་མཛད་པའི་བྲག་དམར་དགོན། སྤྱི་ལོ1428ལོར་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་ཕྱག་བཏབ་གནང་མཛད་པའི་དགའ་ལྡན་ཆོས་གླིང་། ཁ་ཆེ་མཆོད་འཆང་གིས་ཕྱག་བཏབ་གནང་མཛད་པའི་གཡེ་དམར་དགོན་སོགས་ཡོད།

4 གནམ་གཤིས།

ཁང་དམར་རྫོང་གི་ཉི་འོད་ཕོག་ཚད་མཐོ་ཡང་དྲོད་ཚད་དམའ་ལ། ལོའི་དྲོད་ཚད་ཀྱི་འགྱུར་བག་ཆུང་ཡང་ཉིན་རེའི་དྲོད་ཚད་ཀྱི་འགྱུར་བག་ཆེ་ཞིང་། མཐོ་སྒང་དྲོད་ཁུལ་གྱི་ཐན་པ་ཕྱེད་ཙམ་གྱི་དུས་རླུང་གནམ་གཤིས།

5 ཁང་དམར་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

.jpg


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-07

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།