ཉིང་ཁྲི། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཉིང་ཁྲི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ས་ཁམས། )

ཉིང་ཁྲི།
ཉིང་ཁྲི་ནི་ཧི་མ་ལ་ཡའི་རི་རྒྱུད་དང་གདང་ལའི་རི་རྒྱུད་ནུབ་ནས་ཤར་དུ་བརྐྱངས་པ་དང་། ཤར་ཕྱོགས་ཀྱི་རི་རྒྱུད་འཕྲེད་དུ་བརྐྱངས་པའི་བར་དུ་ཆགས་པ་དང་། ས་བབ་དམའ་ཞིང་གནམ་གཤིས་ལེགས་པས། བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
林芝
ཕྱི་ཡིག་གི་མིང་།
Nyingchi City
མིང་གཞན།
ཀོང་པོ།
སྲིད་འཛིན་ས་ཁུལ་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་བོད་རང་སྐྱོང་ལྗོངས།
མངའ་ཁོངས།
བྲག་ཡིབ་ས་ཁུལ་སོགས་རྫོང་དྲུག་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0894
སྦྲག་སྲིད་ཨང་རྟགས།
860000
གནས་ཡུལ།
ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཤར་ལྷོའི་ཁུལ།
རྒྱ་ཁྱོན།
སྨི་གྲུ་བཞི་མ་ཁྲི11.7(དོན་དངོས་ཚོད་འཛིན་ས་ཁུལ་སྟོང་སྨི་གྲུ་བཞི་མ7.6)
མི་གྲངས།
ཁྲི20.3 (སྤྱི་ལོ2014ལོར)
སྐད་རིགས།
བོད་སྐད།
གནམ་གཤིས།
མཐོ་སྒང་ནམ་ཟླ།
མཛེས་ལྗོངས་གྲགས་ཆེན།
བོན་རིའི་གནས་རི། གནའ་བོའི་ཞི་དགོན་པ། ཡར་ཀླུང་གཙང་བོ་གྲོག་རོང་ཆེན་པོ་སོགས།
གནམ་ཐང་།
ཉིང་ཁྲི་སྨན་གླིང་གནམ་ཐང་།
མེ་འཁོར་ས་ཚིགས།
ཉིང་ཁྲི་ས་ཚིགས།
རླངས་འཁོར་ཨང་རྟགས།
藏G
དད་མོས་གཙོ་བོ།
གནས་བོའི་ཞང་ཞུང་ཆོས་ལུགས་གཡང་དྲུང་བོན་ཆོས།
སྲོལ་རྒྱུན་དུས་ཆེན།
ཁྱུང་མཆོད་དུས་ཆེན།
གནའ་བོའི་རིག་གནས།
གནའ་བོའི་ཞང་ཞུང་རིག་གནས།
སྲིད་འཛིན་ཁུལ་ཨང་།
540400
1 ངོ་སྤྲོད།

ཉིང་ཁྲི་ནི་ཧི་མ་ལ་ཡའི་རི་རྒྱུད་དང་གདང་ལའི་རི་རྒྱུད་ནུབ་ནས་ཤར་དུ་བརྐྱངས་པ་དང་། ཤར་ཕྱོགས་ཀྱི་རི་རྒྱུད་འཕྲེད་དུ་བརྐྱངས་པའི་བར་དུ་ཆགས་པ་དང་། ས་བབ་དམའ་ཞིང་གནམ་གཤིས་ལེགས་པས། བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཡིན། ཉིང་ཁྲི་ས་ཁུལ་གྱི་མངའ་ཁོངས་སུ་ཉིང་ཁྲི་རྫོང་དང་། སྨིན་གླིང་རྫོང་། ཀོང་པོ་རྒྱ་མདའ་རྫོང་། མེ་ཏོག་རྫོང་། སྤོ་བོ་རྫོང་། སྣང་རྫོང་། རྒྱ་ཆ་རྫོང་བཅས་རྫོང་ཁག་དུ་མ་ཡོད་པ་དང་། མི་གྲངས་ཁྲི་བཅུ་བདུན་དང་ཚག་གསུམ་ཡོད་ལ། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་བཅུ་གཅིག་ཚག་བདུན་ཡོད། ཉིང་ཁྲིའི་ཤར་བྱང་ནི་ཆབ་མདོ་ས་ཁུལ་ཡུན་ནན་ཞིང་ཆེན་དང་འབྲེལ་ཞིང་། བྱང་ཕྱོགས་ས་ཁུལ་ནི་ནག་ཆུ་དང་འབྲེལ་ཡོད། ལྷོ་ནུབ་ས་ཁུལ་ནི་ལྷ་ས་དང་ལྷོ་ཁ། རྒྱ་གར་དང་འབར་མ་སོགས་དང་འབྲེལ་ནས་ཡོད། ཉིང་ཁྲི་ནི་ཡར་ཀླུང་གཙང་བོའི་སྨད་རྒྱུད་དུ་ཆགས་ཡོད་པ་དང་། ཉིང་ཁྲིའི་ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་སྨི་སུམ་སྟོང་ཡིན་པ་དང་། ཆེས་དམའ་སའི་མཚོ་ངོས་ཀྱི་མཐོ་ཚད་ལ་སྨི་དགུ་བརྒྱ་ལས་མེད་པ་ཡིན། 

2 མཛེས་ལྗོངས།

ཉིང་ཁྲིའི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་གནམ་གཤིས་ལེགས་པ་དང་། རི་ཀླུང་མང་པོར་ནགས་ཚལ་གྱིས་གཡོགས་ཡོད་པ་དང་། ཉིང་ཁྲི་ས་ཁུལ་གྱི་ནགས་ཚལ་གྱིས་ཁེབས་ཚད་ནི་བརྒྱ་ཆའི་ཞེ་དྲུག་ཡིན་པ་དང་། ནགས་ཚལ་གྱི་ཁེབས་རྒྱ་ཆེ་བར་མ་ཟད་ཁྱབ་རྒྱ་ཡང་ཆེ་ལ། རྩི་ཤིང་གི་རིགས་ཤིན་ཏུ་མང་བས་རང་བྱུང་གི་གཏེར་མཛོད་དང་རང་བྱུང་སྔོ་ལྗང་གི་རྒྱུད་རྒྱུའི་གཏེར་མཛོད་ཅེས་པའི་བཤད་ཚུལ་ཡོད་དོ། །ཉིང་ཁྲི་ནི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པས། གནས་སྐོར་པ་མང་པོའི་ཡིད་དབང་འཕྲོག་པའི་གནས་མཆོག་ཅིག་ཡིན་པར་མ་ཟད། བོན་གྱི་རིག་གནས་ཀྱི་ཤུལ་བཞག་དང་ལོ་རྒྱུས་ཀྱི་གནའ་ཤུལ་མང་བའི་ས་ཆ་ཞིག་ཀྱང་ཡིན་པས། ཉིང་ཁྲི་ཡིས་རིག་གནས་ལ་དུངས་པའི་མི་མང་པོ་ཞིག་གི་ཡིད་སེམས་ཀྱང་དབང་མེད་དུ་འདྲེན་བཞིན་ཡོད། ཉིང་ཁྲིའི་ཡུལ་དུ་ཀོང་པོ་དེ་མོའི་རྡོ་བརྐོས་ཡི་གེ་སོགས་ལོ་རྒྱུས་དང་རིག་གནས་ཀྱི་གནའ་ཤུལ་དང་། ཡར་ཀླུང་གཙང་བོའི་གྲོག་རོང་དང་། ཉིང་ཁྲིའི་གདོད་མའི་ནགས་ཚལ་སོགས་རང་བྱུང་གི་མཛེས་ལྗོངས་ལྟ་ན་སྡུག་པའི་གནས་སྐོར་བྱེད་ས་མང་པོ་ཡོད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-19

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།