ནག་ཆུ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ནག་ཆུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ས་ཁོངས།)

ནག་ཆུ།
ནག་ཆུ་ས་ཁུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་ཕྱོགས་སུ་ཡོད་པ་དང་། ཤར་ཕྱོགས་ཆབ་མདོ་དང་འབྲེལ་ཞིང་ནུབ་ཕྱོགས་མངའ་རིས་དང་འབྲེལ་ནས་ཡོད། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་བཞི་བཅུ་ལྷག་ཡོད་པ་དང་། ནག་ཆུའི་ཡུལ་ཕྱོགས་དེར་བྱང་ཐང་ཞེས་འབོད་པ་ཡིན། ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་ནི་སྨི་སུམ་སྟོང་ལྔ་བརྒྱ་ནས་བཞི་སྟོང་ལྔ་བརྒྱའི་བར་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
那曲地区
ཕྱི་ཡིག་གི་མིང་།
Nagqu Prefecture
སྲིད་འཛིན་ས་ཁུལ་རིགས་དབྱེ།
ས་ཁུལ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ།
མངའ་ཁོངས།
རྫོང11
སྲིད་གཞུང་གནས་ཡུལ།
ནག་ཆུ་རྫོང་།
ས་ཁོངས་ཁ་པར་ཨང་རྟགས།
0896
སྦྲག་སྲིད་ཨང་རྟགས།
852000
གནས་ཡུལ།
བོད་རང་སྐྱོང་ལྗོངས་ཀྱི་བྱང་ཕྱོགས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ450537
མི་གྲངས།
462338(ཐེངས་དྲུག་པའི་མི་འབོར་ཞིབ་བཤེར་གཞི་གྲངས)
སྐད་རིགས།
བོད་སྐད།
གནམ་གཤིས།
གྲང་ཁུལ་ཕལ་བའི་མཐོ་སྒང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
གདང་ལ་ཉག་ག སེར་གླིང་མཚོ། དྭངས་ར་གཡུ་མཚོ།
གནམ་ཐང་།
ནག་ཆུ་གནམ་ཐང་།
མེ་འཁོར་ས་ཚིགས།
ནག་ཆུ་ས་ཚིགས།
རླངས་འཁོར་ཨང་རྟགས།
藏E
སྲིད་ཁུལ་ཚབ་ཨང་།
542400
1 ངོ་སྤྲོད།

ནག་ཆུ་ས་ཁུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་ཕྱོགས་སུ་ཡོད་པ་དང་།  ཤར་ཕྱོགས་ཆབ་མདོ་དང་འབྲེལ་ཞིང་ནུབ་ཕྱོགས་མངའ་རིས་དང་འབྲེལ་ནས་ཡོད་དོ། ལྷོ་ཕྱོགས་ལྷ་ས་དང་ཉང་ཁྲི་གཉིས་ལ་འབྲེལ་ཡོད་པ་དང་བྱང་ཕྱོགས་ནི་མཚོ་སྔོན་ཞིང་ཆེན་དང་ཞིན་ཅིང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་འབྲེལ་ནས་ཡོད། ནག་ཆུ་ས་ཁུལ་ནི་གདང་ལ་རི་རྒྱུད་དང་ཁུ་ནི་རྒྱུད། གངས་ཏི་སེའི་རི་རྒྱུད་བཅས་ཀྱི་བར་དུ་ཆགས་པའི་འབྲོག་ཐང་ཆེན་པོ་ཞིག་ཡིན། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་བཞི་བཅུ་ལྷག་ཡོད་པ་དང་།  ནག་ཆུའི་ཡུལ་ཕྱོགས་དེར་བྱང་ཐང་ཞེས་འབོད་པ་ཡིན། ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་ནི་སྨི་སུམ་སྟོང་ལྔ་བརྒྱ་ནས་བཞི་སྟོང་ལྔ་བརྒྱའི་བར་ཡིན་ནོ། །

2 གནམ་གཤིས།

ནག་ཆུ་ནི་གྲང་བའི་ས་ཁུལ་གྱི་གནམ་གཤིས་ལ་གཏོགས་པ་ཡིན་པས་གནམ་གཤིས་སྐམ་ཤོས་ཆེ་བ་དང་དབྱང་དབུགས་ཉུང་བ།  རྒྱུན་དུ་རླུང་ཆེན་གཡུགས་པ་ཡིན་ནོ། ། ཡུལ་དེའི་ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཏུའུ་ཐིག་ཚག་དགུ་ནས་གོར་ཐིག་མན་གྱི་ཏུའུ་གསུམ་ཚག་གསུམ་གྱི་བར་ཡིན། ནག་ཆུ་ནི་རྫོང་གི་མིང་དང་ས་ཁུལ་གྱི་མིང་། འབབ་ཆུ་ཞིག་གི་མིང་བཅས་གསུམ་ལ་འཇུག་པ་དང་། ནག་ཆུའི་ཆུ་མགོ་ནི་གདང་ལའི་ལྷོ་ངོས་ནས་བྱུང་བ་དང་། འབྲི་རུ་རྫོང་དུ་ཤག་ཆུ་དང་འདྲེས་ཤིང་། སོག་རྫོང་དུ་སོག་ཆུ་དང་འདྲེས་རྗེས་རྒྱལ་མོ་རྔུལ་ཆུ་ཞེས་ཟེར་བ་ཡིན། 

3 མཛེས་ལྗོངས།

ནག་ཆུ་ས་ཁུལ་གྱི་ཁོངས་སུ་ནག་ཆུ་རྫོང་དང་ཨ་མདོ་རྫོང་། སྙན་རོང་རྫོང་། སྦྲ་ཆེན་རྫོང་། སོག་རྫོང་། འབྲི་རུ་རྫོང་། དཔལ་མགོན་རྫོང་། ལྷ་རི་རྫོང་། ཤན་རྩ་རྫོང་སོགས་རྫོང་ཆེན་དག་ཡོད་པ་དང་།  ནག་ཆུ་ནི་ཕྱུགས་ལས་གཙོ་བོར་གཉེར་བའི་ས་ཁུལ་ཞིག་ཡིན་པ་དང་། རྩྭ་སའི་རྒྱ་ཁྱོན་ལ་མུའུ་དུང་ཕྱུར་ལྔ་ཚག་བཞི་ཡོད་པ་དང་། བེད་སྤྱོད་བྱས་ཆོག་པའི་རྩྭ་སའི་རྒྱ་ཁྱོན་ལ་མུའུ་དུང་ཕྱུར་གསུམ་ལྷག་ཡོད་ཅིང་།  ཕྱུགས་ལས་དཔལ་འབྱོར་དང་ཕྱུགས་ལས་ཐོན་སྐྱེད་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་སྡོམ་འབོར་གྱི་སུམ་ཆའི་གཅིག་ཟིན་ཡོད། ནག་ཆུ་ས་ཁུལ་དུ་གཙོད་དང་འབྲོང་། རྐྱང་། ཁྲུང་ཁྲུང་སྐེ་ནག གླ་བ། ཤ་བ།   གསའ། གཉན་སོགས་རི་སྐྱེས་སྲོག་ཆགས་དང་རྩྭ་སྨན་གྱི་རིགས་ཀྱང་མང་པོ་ཡོད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-28

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།