ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས།
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནི་ཀྲུང་གོའི་མི་རིགས་གྲངས་ཉུང་གི་རང་སྐྱོང་ལྗོངས་ལྔའི་གྲས་ཀྱི་གཅིག་ཡིན་ཞིང་། ཀུའེ་ཅང་གཙང་བོ་ཡོད་པའི་རྐྱེན་གྱིས་མིང་བསྡུས་ན་ཀུའེ་ཞེས་འབོད་པ་དང་། ཞིང་ཆེན་གྱི་ལྟེ་གནས་ནི་ནན་ཉིང་གྲོང་ཁྱེར་ཡིན་ལ། ས་ཁུལ་རིམ་པའི་གྲོང་ཁྱེར14དང་རྫོང་རིམ་པའི་གྲོང་ཁྱེར7ཡོད་དེ། ཀྲུང་གོའི་མཚོ་འགྲམ་གྱི་རང་སྐྱོང་ས་ཁུལ་གཅིག་པུ་དེ་ཡིན། དེ་ཡང་ཀོང་ཞི་ནི་ཀྲུང་གོའི་ཧྭ་ལྷོ་ས་ཁུལ་གྱི་ནུབ་རྒྱུད་དུ་ཡོད་ཅིང་། བྱང་ཕྱོགས་ནས་ནུབ་ཕྱོགས་སུ་སོ་སོར་ཀོང་ཏུང་དང་ཧུའུ་ནན། ཀུའེ་ཀྲོའུ། ཡུན་ནན་བཅས་ཞིང་ཆེན4ལ་འབྲེལ་ཡོད་པ་དང་། ལྷོ་ཕྱོགས་ནི་པེ་པུའུ་ཝན་དང་འབྲེལ་ནས་ཏུང་ནན་ཡ་དང་ཁ་གཏད་དུ་ཡོད། ཡང་ལྷོ་ནུབ་ཕྱོགས་ནས་ཡོ་ནན་དང་ཐག་ཉེ་བ་ཡིན་ལ། ཀྲུང་གོའི་ལྷོ་རྒྱུད་མཚོ་འགྲམ་གྱི་དར་རྒྱས་ཆེ་བའི་ཞིང་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广西壮族自治区
ཕྱི་ཡིག་གི་མིང་།
Guangxi Zhuang Autonomous Region
མིང་གཞན།
ཀུའེ། པ་ཀུའེ། ཀོང་ཞི།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རང་སྐྱོང་ལྗོངས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ལྷོ་ས་ཁུལ།
མངའ་ཁོངས།
ས་ཁུལ་རིམ་པའི་གྲོང་ཁྱེར་བཅུ་བཞི་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0770-0779
སྦྲག་སྲིད་ཨང་རྟགས།
530000
གནས་ཡུལ།
ཀྲུང་གོའི་ཧྭ་ལྷོ་ས་ཁུལ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ཉིས་འབུམ་སུམ་ཁྲི་དྲུག་སྟོང་བདུན་བརྒྱ་ཡོད།
མི་གྲངས།
བྱེ་བ་བཞི་དང་ས་ཡ་བདུན། ལྔ་འབུམ་བཞི་ཁྲི་ཡོད། (སྤྱི་ལོ2014ལོར)
གནམ་གཤིས།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཀུའེ་ལིན་རི་ཆུ།
1 གནས་ཡུལ།

ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནི་ཀྲུང་གོའི་ཧྭ་ལྷོ་མཚོ་འགྲམ་དུ་ཡོད་པ་དང་། ཤར་གྱི་གཞུང་ཐིག104°2 6'-112°04' དང་བྱང་གི་འཕྲེད་ཐིག20°54'-26°24 ཡི་བར་དུ་གནས་ཤིང་། ཀོང་ཏུང་དང་ཧུའུ་ནན། ཀུའེ་ཀྲོའུ། ཡུན་ནན་བཅས་ཞིང་ཆེན་བཅས་དང་འབྲེལ་བ་དང་། ཧའེ་ནན་ཞིང་ཆེན་གྱི་བར་དུ་རྒྱ་མཚོ་ཡིས་བཅད་ནས་ཕན་ཚུན་ཁ་གཏད་དུ་ཡོད། ཡང་ཡོ་ནན་གྱི་རྒྱལ་ཁབ་དང་འབྲེལ་ཡོད་དེ། རྒྱལ་མཚམས་ཀྱི་ས་ཐིག་གི་རིང་ཚད་ལ་སྤྱི་ལེ800ལྷག་ཡོད་པ་དང་། མཚོ་འགྲམ་གྱི་ས་ཐིག་གི་རིང་ཚད་ལ་ཧ་ལམ་སྤྱི་ལེ1500ཡོད་ཅིང་། སྐམ་སའི་སྤྱིའི་གཞི་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ236700ཉིས་འབུམ་སུམ་ཁྲི་དང་གྲངས་ཆུང་དྲུག་བདུན་ཡོད་ལ། ཀྲུང་གོའི་སྤྱིའི་རྒྱ་ཁྱོན་གྱི་བསྡུར་ཚད་ནི་བརྒྱ་ཆའི་གཉིས་དང་གྲངས་ཆུང་ལྔ་ཡིན་པར་མ་ཟད། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱ་ཁྱོན་ཁྲོད་ཨང་དགུ་བར་བགྲངས་པ་ཡིན།

2 གནམ་གཤིས།

ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་ཡིན་ལ། ལྷོ་བྱང་ནི་ཧོ་ཀྲོའུ་ནས་ཏུང་ལན་གྱི་རྒྱུད་ཡིན་ཏེ། དེའི་བྱང་ཕྱོགས་ནི་ཚ་ཁུལ་ཕལ་བ་དབུས་མའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དེའི་ལྷོ་ཕྱོགས་ནི་ཚ་ཁུལ་ཕལ་བ་ལྷོ་མའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་ཡིན་ལ།  ལྗོངས་ཡོངས་ཀྱི་དྲོད་ཚད་ཆེས་མཐོ་བ་ནི33.7-42.5℃བར་ཡིན་པ་དང་། དྲོད་ཚད་ཆེས་དམའ་བ་ནི-8.4-2.9℃བར་ཡིན་ཞིང་། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་དྲོད་ཚད་ནི 16.5-23.1℃བར་ཡིན། གཞན་ས་ཁུལ་མང་ཆེ་བའི་གནམ་གཤིས་དྲོ་བ་དང་ཚ་ནུས་འཛོམས་པོ་ཡིན་པ། ཆར་ཆུ་ཧ་ཅང་མོད་པ། སྐེམ་རློན་མངོན་གསལ་ཡིན་པ། དུས་ཚིགས་ཀྱི་དབྱེ་མཚམས་དེ་འདྲའི་མངོན་གསལ་མིན་པ་བཅས་ཡིན།

ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནི་ཀྲུང་གོའི་ཆར་ཆུ་ཆེས་མོད་པའི་ས་ཁུལ་གྲས་ཀྱི་གཅིག་ཡིན་ལ། ས་ཁུལ་སོ་སོའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧོ་སྨི1070ཡན་ལ་སོན་པ་དང་། ས་ཁུལ་མང་ཆེ་བར་ཧོ་སྨི1500-2000བར་ཡིན་ཞིང་། དེ་ལས་ས་ཁུལ་གཞན་དག་ཏུ་ཤར་ཕྱོགས་སུ་མང་བ་དང་ནུབ་ཕྱོགས་སུ་ཉུང་བ། དེའུ་འབུར་དང་རི་ཁུལ་དུ་མང་བ་དང་། རོང་ས་དང་བདེ་ཐང་དུ་ཉུང་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་ཡིན།

3 མི་རིགས།

ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནི་མི་རིགས་མང་བོ་འདུས་སྡོད་ཀྱི་རང་སྐྱོང་ལྗོངས་ཤིག་ཡིན་ལ། གཞིས་ཆགས་ཀྱི་མི་རིགས་ནི་ཀྲོང་རིགས་དང་རྒྱ་རིགས། ཡའོ་རིགས། ཏུང་རིགས། མུའུ་ལའོ་རིགས། མའོ་ནན་རིགས། ཧུའེ་རིགས། ཅིང་རིགས། དབྱིས་རིགས། ཧྲུའེ་རིགས། ཀེ་ལའོ་རིགས་སོགས་མི་རིགས12ཡོད་པ་དང་། དེ་ལས་གཞན་ད་དུང་མན་ཇུ་རིགས་དང་སོག་རིགས། ཁྲའོ་ཞན་རིགས། པའེ་རིགས། བོད་རིགས། ལི་རིགས་བཅས་ཀྱི་གྲུབ་ཆའང་ཡོད་པ་ཡིན། དེ་ཡང་རྒྱུན་སྡོད་ཀྱི་མི་གྲངས་ཁྲོད་དུ་མི་རིགས་གྲངས་ཉུང་གི་མི་གྲངས་ཀྱིས་ལྗོངས་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི37.18%ཟིན་པ་དང་། མི་རིགས་གྲངས་ཉུང་གི་སྤྱིའི་མི་གྲངས་ནི་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་ཞིང་། ཀྲོང་རིགས་ཀྱི་མི་གྲངས་ཀྱིས་ལྗོངས་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི31.39% ཟིན་ཡོད་དེ། ཀྲོང་རིགས་ནི་ཀྲུང་གོའི་མི་རིགས་ལས་མི་གྲངས་ཆེས་ཉུང་བའི་མི་རིགས་གྲངས་ཉུང་དེ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-17

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།