དགས་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དགས་པོ།
ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་ཞིག་སྟེ། གནའ་བོའི་བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་ཀྱི་གྲས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
达布
གནས་ཡུལ།
གཡོ་རུའི་མངའ་ཁོངས།
མིང་གི་འབྲི་སྟངས།
དྭགས་པོ། དགས་པོ།
1 ངོ་སྤྲོད་མདོར་བསྡུས།

ཏུན་ཧོང་བོད་ཀྱི་ཡིག་རྙིང་ནང་དགས་པོ་ཞེས་པ་ལས་ད་ལ་ཝ་ཟུར་བརྒྱབ་པ་མ་མཐོང་། 《ཏུན་ཧོང་བོད་ཀྱི་ཡིག་ཆ》ལས་བྱུང་བའི་རྒྱལ་ཕྲན་དང་རྒྱལ་རབས་རིམ་བྱུང་གི་མིང་ཞེས་པའི་ནང་། “ཡུལ་དགས་ཀྱི་གྲུ་བཞི་ན། རྗེ་དགས་རྒྱལ་གྱི་སྤྲོག་ཟིན། བློན་པོ་ཕོ་གུ་དང་པོག་རོལ་གཉིས”ཞེས་གསལ་བ་ལྟར་གནའ་བོའི་བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་ཀྱི་གྲས་ཤིག་ཡིན། 《ལྡེའུ་ཆོས་འབྱུང》ནང“ཡུལ་དྭགས་ཡུལ་སེ་མོ་གྲུ་བཞི་ན། རྒྱལ་པོ་དྭགས་རྗེ་ལྕི་མང་བཞུགས། བློན་པོ་བླ་དང་ཀམ་མོ”ཞེས་རྒྱལ་བློན་མཚན་འདྲ་མིན་ཙམ་ལས་རྩ་དོན་ཏུན་ཧོང་ཡིག་རྙིང་དང་གཅིག་མཚུངས་བྱུང་། བཙན་པོ་སྟག་བུ་སྙ་གཟིགས་ཀྱི་སྐབས་སྤུ་རྒྱལ་བཙན་པོས་མཆིམས་དྭགས་པོའི་ཡུལ་དང་བན་པ་རྗེ་སོགས་ཉེ་འདབས་ཀྱི་རྒྱལ་ཕྲན་འགའ་ཞིག་དབང་དུ་བསྡུས་པར་གྲགས་ཤིང་། བཙན་པོ་གནམ་རི་སྲོང་བཙན་གྱི་སྐུ་རིང་ལ“དགས་པོ་འབངས་སུ་མངའ་བ་ལས་ལོག”ནའང་། འཕྲལ་དུ་རྒྱལ་བློན་རྣམས་བཀའ་གྲོས་ཀྱིས་སེང་གོ་མི་ཆེན་བྱ་བ་དྭགས་པོ་ཚུར་ལེན་པའི་དམག་དཔོན་དུ་བསྐོ་བཞག་བསྩལ་བ་དང་། སེང་གོ་མི་ཆེན་གྱིས་ཀྱང་དྭགས་པོ་ལྷ་དེ་ལ་བརྒལ་ཏེ་དྭགས་པོ་ཡོངས་རྫོགས་སླར་ཡང་བཙན་པོའི་མངའ་འབངས་སུ་བཀུག་པར་མཛད། “སེང་གོ་མི་ཆེན་གྱི་མིང་དང་ལོ་རྒྱུས་ཙམ་ད་དུང་ཡང་དྭགས་པོ་རྣམས་ལ་གླེང་རྒྱུ་ཡོད་འདུག”སྐབས་དེ་ཙམ་ན་བཙན་པོའི་ཕྱི་ནང་གང་སར་སྲིད་དབང་བརྟན་ལྷིང་ཞིག་ད་དུང་བྱུང་མེད་པར་བརྟེན། བཙན་པོ་སྲོང་བཙན་སྒམ་པོ་སྐུ་ཆུང་ངུའི་དུས་སུ“ཡབ་འབངས་ནྀ་འཁུས། ཡུམ་འབངས་ནྀ་ལོག......ཉག་ཉྀ་དགས་པོ། རྐོང་པོ། མྱང་པོ་ཀུན་ཀྱང་ལོག”འདུག བཙན་པོ་སྲོང་བཙན་སྒམ་པོ་སྐུ་ཆུང་ངུ་ལས་ཆེར་བཞེངས་རྗེས་ཡབ་མེས་དུས་ཀྱི་ཆབ་འབངས་ངོ་ལོག་པ་མཐའ་དག་རིམ་བཞིན་སླར་ཡང་བཙན་པོའི་མངའ་འོག་ཏུ་བཀུག་པར་མཛད་པ་མ་ཟད། དྭགས་པོའི་ས་ཁུལ་རྣམས་དབུས་གཙང་རུ་བཞིར་ཕྱེ་བའི་གཡོ་རུའི་མངའ་ཁོངས་ཀྱི་ས་ཁུལ་ཞིག་ཏུ་གཏན་འཁེལ་གནང་ཐོག དེར་སྟོང་སྡེ་ཡང་གསར་དུ་བཙུགས་པར་མཛད་འདུག བར་སྐབས་སུ“རྒྱ་ཚ་དང་། སྣང་། ལྷ་རྒྱ་རི། སྐུ་རབས་རྣམ་རྒྱལ། སྐྱེམས་སྡོང་བཅས་རྫོང་ཁག་ལྔར་བསྒྱུར”ད་ལྟ་ལྷོ་ཁ་ས་ཁུལ་རྒྱ་ཚ་རྫོང་དང་སྣང་རྫོང་གི་མངའ་ཁུལ་རྣམས་ཡིན་པར་མཁས་པ་མང་པོས་ངོས་འཛིན་གནང་གིན་ཡོད། 

བརྡ་འགྲེལ་གདོང་འཛར།

ས་མིང་། དགས་པོ། དྭགས་པོ། རྒྱལ་ཕྲན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-18

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།