ཨའོ་མོན།

ཨའོ་མོན་གྱི་མིང་ཧྲིལ་བོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་ཞེས་པ་དེ་ཡིན་ལ།དེའི་བྱང་ཕྱོགས་ནི་ཀོང་ཏུང་ཞིང་ཆེན་གྱི་ཀྲུའུ་ཧའེ་གྲོང་ཁྱེར་ལ་ཐག་ཉེ་བ་དང་། ནུབ་ཕྱོགས་ནི་ཀྲུའུ་ཧའེ་གྲོང་ཁྱེར་གྱི་ཝན་ཙེའེ་དང་ཧིན་ཆིན་གཉིས་དང་ཁ་གཏད་དུ་ཡོད་ཅིང་།ཤར་ཕྱོགས་སུ་ཞང་ཀང་ལ་ཁ་གཏད་ནས་ཡོད་པ་དང་བར་ཐག་གི་རིང་ཚད་ལ་སྤྱི་ལེ60ཡོད།ཡང་ལྷོ་ཕྱོགས་སུ་ཀྲུང་གོ་ཧའེ་ལྷོ་མ་དང་འབྲེལ་ཡོད། ཨའོ་མོན་ནི་རྒྱལ་སྤྱིའི་རང་དབང་གྲུ་ཁ་ཞིག་ཡིན་ལ། འཛམ་གླིང་དུ་མི་གྲངས་ཆེས་མང་བའི་ས་ཁུལ་གྲས་ཀྱི་གཅིག་ཡིན་པ་དང་། འཛམ་གླིང་གི་རྒྱན་རྩེད་ཀྱི་གྲོང་ཁྱེར་ཆེན་པོ་བཞིའི་གྲས་ཀྱི་གཅིག་ཀྱང་ཡིན། དེ་ཡང་མིང་དུ་གྲགས་པའི་ཡང་བའི་བཟོ་ལས་དང་ཡུལ་སྐོར་ལྗོངས་རྒྱུའི་ལས་རིགས། གསོལ་མགྲོན་ཁང་གི་ལས་རིགས། རོལ་རྩེད་ཁང་སོགས་ཀྱིས་ཨའོ་མོན་གྱི་སྤྱི་ཚོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ། གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཆེས་ཆེ་བ་དང་ཆེས་ཕྱུག་པའི་ས་ཁུལ་དུ་གྱུར་ཡོད།

རིགས་དབྱེ།  

དམིགས་བསལ་སྲིད་འཛིན་ཁུལ།

ཞང་ཀང་དང་ཨའོ་མོན་ནི་རང་རྒྱལ་གྱི་དམིགས་བསལ་སྲིད་འཛིན་ཁུལ་ཡིན་པ་དང་། རང་རྒྱལ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། མེས་རྒྱལ་ནང་སའི་ཁུལ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱེད་པ་དང་། ཞང་ཀང་དང་ཨའོ་མོན་ལ་མ་རྩ་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱེད་པ།

རིགས་དབྱེ།  

ཅ་མོ་ཐང་ཆུས།

ཨའོ་མོན་གྱིས“ཐང་ཆུས”ནི་སྲིད་འཛིན་ས་ཁུལ་དབྱེ་མཚམས་ཀྱི་གཞི་འཛིན་ས་རུ་བྱས་ནས། ཐང་ཆུས་རེ་རེས་རང་གི་འཐུས་ཚབ་རང་བཞིན་ལྡན་པའི་ཆོས་ཁང་དེ་ཐང་ཆུས་ཀྱི་མིང་དུ་བྱས་ཡོད། འོན་ཀྱང་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ནི་གཞུང་སྲིད་ལས་ཁུངས་ཀྱིས་དངོས་སུ་བཙུགས་པ་ཞིག་མ་ཡིན་པར་ཁྲིམས་མིའི་གོ་གནས་མེད་ཅིང་སྲིད་དབང་རང་བཞིན་ཡང་མེད་པའི་ས་ཁུལ་ཞིག་ཡིན།

རིགས་དབྱེ།  

ཨའོ་མོན་ཕྱེད་གླིང་།

ཨའོ་མོན་ཕྱེད་གླིང་སྟེ། ཕུའུ་ཐའོ་ཡའི་སྐད་དུ PennsuladeMacauཟེར་ཞིང་དབྱིན་ཇིའི་སྐད་དུPeninsulaofMacaoཟེར་ལ་དེ་ནི་ཀྲུང་གོའི་ཨའོ་མོན་གྱི་གྲུབ་ཆ་གསུམ་གྱི་གྲས་ཤིག་ཡིན། ཨའོ་མོན་གྱི་སྡོད་དམངས་འདུས་སྡོད་བྱེད་ས་གཙོ་བོའང་ཡིན། ཨའོ་མིན་གྱིས་ཆེས་ཐོག་མར་གསར་སྤེལ་བྱས་པའི་ས་ཁུལ་དུ་ལོ་ངོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ཅིང་། ཨའོ་མོན་ཕྱེད་གླིང་ནི་ཨའོ་མོན་གྲོང་ཁུལ་སྤྱི་ལོ2005ལོར་འཛམ་གླིང་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་ནང་དངོས་སུ་བཅུག་ཅིང་། ཨའོ་མོན་ཕྱེད་གླིང་ནི་སྔོན་ཆད་མཚོ་གླིང་ཡིན་ལ། ཕྱིས་སུ་ཞི་ཅང་གཙང་པོའི་སྟོད་རྒྱུད་ནས་བཞུར་ཡོང་བའི་བྱེ་འདམ་དེ་ལྷོ་བྱང་གི་ཕྱོགས་སུ་སྤུངས་པའི་བྱེ་རགས་སུ་གྱུར་པས། གླིང་ཕྲན་དེ་སྐམ་ས་ཆེན་པོ་དང་གཞི་གཅིག་ཏུ་འབྲེལ་བས་ཕྱེད་གླིང་དུ་གྱུར་བ་ཡིན།

རིགས་དབྱེ།  

ཏཱ་ཐང་ཆུས།

ཏཱ་ཐང་ཆུས་ནི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཨའོ་མོན་ཕྱེད་གླིང་གི་ཤར་ལྷོའི་རྒྱུད་དུ་ཆགས་ཡོད་ཅིང་རྒྱ་ཁྱོན་ཧྭ་ཏི་མཱ་ཐང་ཆུས་དང་ཧ་ལམ་མཚུངས་ཤིང་སྤྱི་ལེ་གྲུ་བཞི་མ3.4ཟིན་ཡོད། མི་གྲངས་ཆུས་སོ་སོའི་ནང་གི་ཆེས་ཉུང་བའི་མི་གྲངས46849ཡིན། དེའི་ཕྱིར་མི་གྲངས་སྟུག་ཚད་ཀྱང་ཆུས8ཀྱི་ཁྲོད་ཆེས་ཆུང་བ་ཡིན་པ་དང་སྤྱི་ལེ་གྲུ་བཞི་མ་རེར་མི13779ལས་མེད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར་གྱི་ལྟེ་གནས་ཡིན།

རིགས་དབྱེ།  

ཧྭ་ཏི་མ་ཐང་ཆུས།

ཧྭ་ཏི་མ་ཐང་ཆུས་ཏེ་ཕོར་ཐིའུ་ཡའི་སྐད་དུ FreguesiadeNosaSenhoradeFtimaཟེར་ཞིང་དབྱིན་སྐད་དུOurLadyFatimaParishཟེར། ཨའོ་མོན་ཕྱེད་གླིང་གི་ཆེས་བྱང་ཕྱོགས་སུ་ཡོད་ལ། ཨའོ་མོན་ཕྱེད་གླིང་གི་ཐང་ཆུས་ལྔའི་ནང་གི་རྒྱ་ཁྱོན་ཆེས་ཆེ་བའི་ཐང་ཆུས་ཞིག་ཡིན། ས་ཁུལ་དེ་དག་གི་ས་ཆ་མང་ཆེ་བ་རྒྱ་མཚོ་བསྣུབས་ནས་བྱུང་བ་ཡིན། ཧྭ་ཏི་མ་ཐང་ཆུས་སུ་ཆིང་ཀྲོའུ་དང་། ཐའེ་ཧྲན། མཱ་ཁྲང་། ཧེ་ཧྲ་ཧོན། ཝང་ཞ། ཁའེ་ཙི་སོགས་ཀྱི་རྨང་གཞི་ཡོད་ཅིང་། ས་ཆ་མང་ཆེ་བ་ནི་མཚོ་བསྣུབས་ནས་བྱུང་བ་ཡིན་པ་དང་། གཞི་ཁྱོན་ཆེ་བའི་མཚོ་བསྣུབས་ས་སློག་ལས་གྲྭ་བཙུགས་ཀྱང་ཡོད། ལྷོ་ཕྱོགས་སུ་མེ་ཧྥུའུ་ཅང་ལམ་ཆེན་དང་ཧྲིན་ཨན་ཏོ་ཉི་ཐང་ཆུས། ཝང་ཏེ་ཐང་ཆུས་དང་འབྲེལ་ཡོད་ལ། མི་སེར་གྱི་ཁང་པ་ཡང་དེར་འདུས་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པ་དང་བདུན་ཅུ་པའི་རྗེས་སུ་ཨའོ་མོན་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་འགོ་ཚུགས། ཧྭ་ཏི་མ་ཐང་ཆུས་ཀྱང་མགྱོགས་མྱུར་འཕེལ་རྒྱས་བྱུང་ནས་གསར་དར་བཟོ་ལས་ཁུལ་དུ་གྱུར་པ་དང་། ལས་རིགས་གཙོ་བོར་འཁལ་འཐག་དང་། གོས་བཟོ། སྤོས་འགྱིག རྩེད་ཆས། ཀོ་བ། གློག་རྡུལ། གློག་ཤུགས་སོགས་ཡོད། སྤྱི་ལོ1989ལོར་རྩོམ་སྒྲིག་བྱས་པ་ལྟར་ན། ཨོ་སི་ཁྲུ་ལི་ཡའི་བཟོ་ལས་སྤེལ་གནས41%ཚང་མ་ཧྭ་ཏི་མ་ཐང་ཆུས་སུ་འདུས་ཡོད།

རིགས་དབྱེ།  

ཧྲིན་ཨན་ཏོ་ནེ་ཐང་ཆུས།

ཧྲིན་ཨན་ཏོ་ནེ་ཐང་ཆུས་ལ་ཧྭ་ཝང་ཐང་ཆུས་ཀྱང་ཟེར། ཨའོ་མོན་ཕྱེད་གླིང་གི་ནུབ་རྒྱུད་དང་ཨའོ་མོན་ཕྱེད་གླིང་གི་ཆུས་ལྔའི་གྲས་ཤིག་ཡིན། བྱང་རྒྱུད་དང་ཤར་རྒྱུད། ལྷོ་རྒྱུད་བཅས་ཕྱོགས་གསུམ་མེ་ཧྥུའུ་ཅང་གཞུང་ལམ་ཆེན་མོ་དང་ཅ་པོ་ལེ་ཐི་ཏུའུ་སྲང་ལམ། ཚའོ་ཏེ་སྲམ་ལམ་བཅས་སོ་སོར་ཧྭ་ཏི་མ་ཐང་ཆུས། ཝང་ཏེ་ཐང་ཆུས། ཏ་ཐང་ཆུས་བཅས་དང་འབྲེལ་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1.14ཡོད་ལ་དེས་ཨའོ་མོན་ཕྱེད་གླིང་གི16.4%བཟུང་ཡོད། མི་གྲངས་ཧྭ་ཏི་མཱ་ཐང་ཆུས་ལས་ཉུང་ཞིང་མི་གྲངས་འདུས་ཚད་ཨོ་སི་ཁྲུ་ལི་ཡའི་ཨང་དང་པོ་ཡིན་ཞིང་། ཧྲ་ལི་ཐོའུ་སོགས་ཡུལ་སྐོར་གནས་མཆོག་དང་སྤྱི་གླིང་བཅས་ཆུས་དེར་ཡོད།

རིགས་དབྱེ།  

ཧྲིན་ཧྥང་ཅི་ཀུ་ཐང་ཆུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་མངའ་ཁོངས་སུ་ཧྭ་ཏི་མ་ཐང་ཆུས་དང་། ཧྭ་ཝང་ཐང་ཆུས། ཝང་ཏེ་ཐང་ཆུས། ཧྥེང་ཧྲུན་ཐང་ཆུས། ཏཱ་ཐང་ཆུས་བཅས་ཆུས8ཡོད། ཧྲིན་ཧྥང་ཅི་ཀུ་ཐང་ཆུས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཆུས8ཀྱི་གྲས་ཤིག་ཡིན། སྲིད་འཛིན་ལས་ཁུངས་མིན་པའི་སྒྲིག་གཞི་ཞིག་ཡིན་པའི་ཆ་ནས་བཅའ་ཁྲིམས་ཀྱི་གོ་གནས་མི་ལྡན།

རིགས་དབྱེ།  

ཧྲིན་ཧྥང་ཅི་ཀུ་ཐང་ཆུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་མངའ་ཁོངས་སུ་ཧྭ་ཏི་མ་ཐང་ཆུས་དང་། ཧྭ་ཝང་ཐང་ཆུས། ཝང་ཏེ་ཐང་ཆུས། ཧྥེང་ཧྲུན་ཐང་ཆུས། ཏཱ་ཐང་ཆུས་བཅས་ཆུས8ཡོད། ཧྲིན་ཧྥང་ཅི་ཀུ་ཐང་ཆུས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཆུས8ཀྱི་གྲས་ཤིག་ཡིན། སྲིད་འཛིན་ལས་ཁུངས་མིན་པའི་སྒྲིག་གཞི་ཞིག་ཡིན་པའི་ཆ་ནས་བཅའ་ཁྲིམས་ཀྱི་གོ་གནས་མི་ལྡན།

རིགས་དབྱེ།  

ཞང་ཀང་གླིང་ཕྲན།

ཞང་ཀང་གླིང་ཕྲན་ཏེ། བསྡུས་མིང་ལ་ཀང་ཏའོ་ཟེར་ཞིང་། ཀྲུང་གོའི་ཞང་ཀང་གི་དར་རྒྱས་ཆེ་ཤོས་ཀྱི་ས་ཆ་ཞིག་ཡིན། ཞང་ཀང་གླིང་ཕྲན་སྟེང་གི་རི་ཁུལ་རྒྱ་ཁྱོན་གྱིས་སྤྱིའི་རྒྱ་ཁྱོན་གྱི་ཕྱེད་ཀ་ཟིན་ཡོད། མཐོ་ཚད་སྨི300ནས་སྨི400བར་དང་རི་བོ་མཐོ་ཤོས་ཏེ་ཐའེ་ཕིང་རི་བོའི་ས་བབ་མཐོ་ཚད་སྨི554ལྷག་ཙམ་ཡོད།ཞང་ཀང་གླིང་ཕྲན་ནི་ཞང་ཀང་གི་གླིང་ཕྲན་གཙོ་བོ་ཡིན། ཀྲུང་གོའི་ཞང་ཀང་གི་གླིང་ཕྲན་ཆེན་པོ་ཨང་གཉིས་པ་ཡིན། རྒྱ་ཁྱོན་ནི་སྟོང་སྨི་གྲུ་བཞི་མ80.25ཡོད། ཀང་གླིང་ཕྲན་གྱི་ཁོངས་སུ་ཡ་ཙི་ཀྲོའུ་དང་། ཆིང་ཀྲོའུ་ཆེ་ཆུང་། དབུར་པོ་གླིང་ཀྲོའུ། དབྱིན་ཀྲོའུ་སོགས་ཟུར་གཏོགས་གླིང་ཕྲན་ཚུད་ཡོད། ཞང་ཀང་གླིང་ཕྲན་ནི་ཀྲུང་གོའི་ཞང་ཀང་གི་འཕེལ་རྒྱས་ཆེས་སྔ་བའི་ས་ཁུལ་ཡིན་པ་དང་། གླིང་ཕྲན་སྟེང་དུ་ཞང་ཀང་གི་ཚོང་ལས་དང་ཆབ་སྲིད་ལྟེ་གནས་ཡོད། དབྱིན་ཇིའི་མི་སེར་སྤེལ་བའི་ཐོག་མའི་སྡོད་གནས་ཝེ་ཏོ་ལི་ཡ་གྲོང་ཁྱེར་ནི་ཞང་ཀང་གླིང་ཕྲན་སྲིད་གཞུང་གི་རི་རྒྱུད་དུ་ཡོད། ཞང་ཀང་གླིང་ཕྲན་དང་ཅིའུ་ལུང་ཕྱེད་གླིང་བར་གྱི་མཚོ་ཁ་ནིVictoria(ཝེ་ཏོ་ལི་ཡ་རྒྱལ་མོ)ཡི་མིང་བླངས་ནས་ཝེ་ཏོ་ལི་ཡ་གྲུ་ཁ་ཟེར། སྔོན་ཆད་ཞང་ཀང་ལ་ཉོ་ཚོང་དང་འགྲོ་འོང་བྱེད་སའི་གྲུ་ཁ་ཡིན།

རིགས་དབྱེ།  

ཀྲུང་ཞི་ཆུས།

ཀྲུང་ཞི་ཆུས་ནི་ཞང་ཀང་གི་ཆུས་བཅོ་བརྒྱད་ཀྱི་གྲས་ཤིག་ཡིན། ཞང་ཀང་གི་ཆེས་ཐོག་མར་འཕེལ་རྒྱས་བྱུང་བའི་ས་ཁུལ་ཡིན་ལ། ཞང་ཀང་གི་སྤྱི་ཡོངས་ཀྱི་ཕྱུག་པོ་དག་འདུས་སྡོད་པའི་གནས་ཀྱང་ཡིན། བསྟུད་མར་ལོ་བཞི་ལ་ཞང་ཀང་གི“འབྱོར་ལྡན་ས་ཁུལ”དུ་གྱུར། ཀྲུང་ཞི་ཆུས་ཀྱིས་ཚོང་ལས་ཐོག་ཁང་ཆེན་མོ་དང་། དངུལ་ཁང་། སྲིད་གཞུང་གི་སྒྲིག་གཞི་བཅས་གཙོ་བོར་བཟུང་ཡོད་པ་དང་། ཞང་ཀང་ས་ཁུལ་གྱི་ཚོང་ལས་ལྟེ་གནས་དང་། དངུལ་རྩའི་ལྟེ་གནས། སྲིད་འཛིན་ཧྲུའུ་གནས་ས་བཅས་ཡིན་ལ། ཞང་ཀང་ས་ཁུལ་གྱི་ཆེས་འདུ་འཛི་ཆེ་བའི་ས་གནས་ཀྱང་ཡིན། ཞང་ཀང་གི་གྲོང་ཁུལ་གཙོ་བོ་འདི་རུ་འདུས་ཡོད། ཀྲུང་ཞི་ཆུས་དེ་ཀྲུང་ཆུས་དང་ཞི་ཆུས། པན་ཧྲན་ཆུས་བཅས་ཁག་གསུམ་དུ་དབྱེ་ཆོག ཀྲུང་ཆུས་སུ་གསེར་གྱི་ཆུ་ཚོད་འཁོར་ལོ་དང་ཀྲུང་ཧོན། ཧྲང་ཧོན་སོགས་ཡོད། ཞི་ཆུས་སུ་ཞི་ཧོན་དང་མོ་ཞིང་ལིང་སོགས་ཡོད། པན་ཧྲན་ཆུས་སུ་ཐའེ་ཕིང་རི་བོ་དང་པོ་ཧྥུའུ་ལིང་བྱང་རྒྱུད་སོགས་འདུ།

རིགས་དབྱེ།  

ཝན་ཙེ་ཆུས།

ཝན་ཙེ་ཆུས་ནི་ཞང་ཀང་གླིང་ཕྲན་བྱང་ངོགས་ཀྱི་དཀྱིལ་དབུས་སུ་གནས་ཡོད། གསར་རྙིང་མཉམ་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་གཞིས་ཁུལ་ཞིག་ཡིན། སྲོལ་རྒྱུན་རྙིང་པ་དང་འཕེལ་རྒྱས་གསར་པ་བྱུང་བའི་སྙིང་བཅུད་བསྲེ་རྒྱུ་ནི་ཞང་ཀང་གི་ལོ་རྒྱུས་རིང་ཤོས་དང་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ཆེ་ཤོས་ལྡན་པའི་ས་ཁུལ་གྱི་གྲས་ཤིག་ཡིན། ཝན་ཙེ་ཆུས་ནི་སྔོན་ཆད་མཚོ་འགྲམ་གྱི་གྲོང་ཚོ་ཆུང་ཆུང་ཞིག་ཡིན། མི་གྲངས་ཧ་ཅང་ཉུང་། མི་མང་ཆེ་བ་ཉ་པ་ཡིན་ཞིང་། ཁོང་ཚོས་གནའ་བོའི་ཧུང་ཧྲེང་ལྷ་ཁང་གི་རྒྱུད་དུ་འཚོ་བ་རོལ་བཞིན་ཡོད།

རིགས་དབྱེ།  

ཏུང་ཆུས།

ཏུང་ཆུས་ནི་ཤང་ཀང་གླིང་ཕྲན་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་ཤང་ཀང་གི་མི་ཤུགས་ཐོན་ཁུངས་གཅིག་སྡུད་བྱ་ཡུལ་གཙོ་བོ་ཞིག་ཀྱང་རེད། གྲོང་ཁྱེར་མ་ཆགས་པའི་སྔོན་ནས་བཟུང་ཉ་པ་རྣམས་ཆུ་ཁུག་ཏུ་འཚོ་བ་རོལ་ནས་བསྡད་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ18.9ཙམ་ཡོད། སྤྱི་ལོ2001ལོར་མི་གྲངས616199ཙམ་ཡོད་ཅིང་། དེ་ནི་ཞང་ཀང་ཡོངས་ཀྱི་མི་གྲངས་ཨང་གཉིས་པ་ཡིན། ཏུང་ཆུས་ཀྱི་ཁྱིམ་ཚང་གི་ཁྱིམ་དུད་ཀྱི་ཟླ་རེའི་ཡོང་འབབ་ཁྲོད་ཤང་ཀང་གི་ཆུས18ནང་གི་ཀྲུང་ཞི་ཆུས་དང་ཝན་ཙེ་ཆུས་ལས་ཞང་ཀང་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད། དེའི་ཕྱིར་ཏུང་ཆུས་ཀྱིས་ཞང་ཀང་གི་དཔལ་འབྱོར་སྤྱི་འབོར་ཁྲོད་གཙོ་བོ་བཟུང་ཡོད།

རིགས་དབྱེ།  

ནན་ཆུས།

ནན་ཆུས་ནི་ཞང་ཀང་གླིང་ཕྲན་གྱི་ལྷོ་ཕྱོགས་སུ་ཆགས་ཤིང་ཤར་དུ་ཏ་ལང་མཚོ་ཁུག་དང་འབྲེལ་ཞིང་ནུབ་ངོས་པོ་ཧྥུའུ་ཞིན་དང་འབྲེལ།

རིགས་དབྱེ།  

ཅིའུ་ལུང་ཕྱེད་གླིང་།

ཅིའུ་ལུང་སྟེ། ས་ཁམས་ཀྱི་ཆ་ནས་མིང་ལ་ཅིའུ་ལུང་ཕྱེད་གླིང་ཞེས་ཟེར་བ་དང་། དེ་ནི་ཀྲུང་གོའི་ཞང་ཀང་གི་ས་ཁོངས་ཆེན་པོ་གསུམ་གྱི་ཡ་གྱལ(ཞང་ཀང་གླིང་ཕྲན་དང་། ཅིའུ་ལུང་། ཞིན་ཅེ)ཡིན་པ་དང་། ཞང་ཀང་གླིང་ཕྲན་ཕུད་པའི་གྲོང་ཁྱེར་ནང་ཁུལ་གྱི་གྲུབ་ཆ་གཙོ་བོ་ཡིན། ཅིའུ་ལུང་ཕྱེད་གླིང་གི་ཤར་ལྷོའི་ཕྱོགས་སུ་ཝེ་ཏོ་ལི་ཡ་གྲུ་ཁས་བསྐོར། སྔོན་ཆད་དབྱིན་ཇི་དང་ཀྲུང་གོའི་བོགས་མའི་གན་རྒྱའི་གནད་དོན་གྱི་དབང་གིས། སྐབས་ཤིག་རིང་ལ་ཅིའུ་ལུང(ཅེ་ཅེ་སྲང་ལམ་གྱི་ལྷོ་ངོས་་ཀྱི་མཚམས་བྱས)དང“ཅིའུ་ལུང་གསར་པ”(ཅེ་ཞན་ཁྲོམ་གཞུང་གི་བྱང་ངོས་དང་། སེང་གེ་རི་བོའི་ལྷོ་ངོས)ཁག་གཉིས་སུ་ཕྱེ་ཡོད། ཀྲུང་དབྱིན་བར་གྲོས་མོལ་བྱས་པས་ཞང་ཀང་གི་མདུན་ལམ་གསལ་གསལ་ཐིང་ཐིང་དུ་གྱུར་པ་ནས་བཟུང་། ཅིའུ་ལུང་གསར་པ་ཞེས་པའི་དབྱེ་བ་དེར་དོན་སྙིང་གང་ཡང་མེད། དེར་བརྟེན་ད་ཆ་ས་ཆ་དེ་གཉིས་ལ་ཅིའུ་ལུང་ཞེས་འབོད་ཀྱིན་ཡོད།

རིགས་དབྱེ།  

ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་ཁྲིམས་སྲིད་སི།

དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་མངའ་འོག་གི་སྡེ་ཁག་གསར་ཤོས་ཤིག་ཡིན་ཞིང་། ཁྲིམས་སྲིད་སིའི་སི་ཀྲང་གིས་གཙོ་སྐྱོང་བྱས་ཏེ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་བཅའ་ཁྲིམས་ལས་དོན་ལ་ཆེད་དུ་འགན་འཁྲི་འཁུར་དགོས། དེའི་ནང་ཉེས་དོན་ཞིབ་བཤེར་ཚོད་འཛིན་བྱེད་པ་དང་། སྲིད་གཞུང་གིས་བཏོན་པའི་བཅའ་ཁྲིམས་འཆར་ཟིན་ཡོད་ཚད་ཀྱི་མ་ཟིན་འགོད་པ། དེ་བཞིན་ཞང་ཀང་སྲིད་གཞུང་ལ་བཅའ་ཁྲིམས་ཀྱི་བསམ་འཆར་འདོན་པ་བཅས་ཚུད་ཡོད།

རིགས་དབྱེ།  

ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས།

དེའི་བསྡུས་མིང་ལ་ཞང་ཀང་ཁྲིམས་འཛུགས་ལྷན་ཚོགས་ཞེས་ཀྱང་འབོད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལས་ཁུངས་ཡིན།

རིགས་དབྱེ།  

ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་།

དེ་ནི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་སྡེ་ཁག་གི་སྤྱི་མིང་ཡིན་ཞིང་། ཞང་ཀང་སྲིད་གཞུང་བཅས་ཞེས་ཀྱང་འབོད་ཆོག སྤྱི་ལོ1997ལོའི་ཟླ7པའི་ཚེས1ཉིན་ཞང་ཀང་ཀྲུང་གོའི་པང་དུ་ཕྱིར་ལོག་སྐབས་དབུ་བརྙེས་པ་དང་། དབྱིན་ཇིའི་མི་སེར་སྤེལ་ཡུལ་སྐབས་ཀྱི་ཞང་ཀང་གི་དབྱིན་ཇིའི་སྲིད་གཞུང་གི་ཚབ་བྱས།

རིགས་དབྱེ།