ཨའོ་མོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨའོ་མོན།
ཨའོ་མོན་གྱི་མིང་ཧྲིལ་བོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་ཞེས་པ་དེ་ཡིན་ལ།དེའི་བྱང་ཕྱོགས་ནི་ཀོང་ཏུང་ཞིང་ཆེན་གྱི་ཀྲུའུ་ཧའེ་གྲོང་ཁྱེར་ལ་ཐག་ཉེ་བ་དང་། ནུབ་ཕྱོགས་ནི་ཀྲུའུ་ཧའེ་གྲོང་ཁྱེར་གྱི་ཝན་ཙེའེ་དང་ཧིན་ཆིན་གཉིས་དང་ཁ་གཏད་དུ་ཡོད་ཅིང་།ཤར་ཕྱོགས་སུ་ཞང་ཀང་ལ་ཁ་གཏད་ནས་ཡོད་པ་དང་བར་ཐག་གི་རིང་ཚད་ལ་སྤྱི་ལེ60ཡོད།ཡང་ལྷོ་ཕྱོགས་སུ་ཀྲུང་གོ་ཧའེ་ལྷོ་མ་དང་འབྲེལ་ཡོད། ཨའོ་མོན་ནི་རྒྱལ་སྤྱིའི་རང་དབང་གྲུ་ཁ་ཞིག་ཡིན་ལ། འཛམ་གླིང་དུ་མི་གྲངས་ཆེས་མང་བའི་ས་ཁུལ་གྲས་ཀྱི་གཅིག་ཡིན་པ་དང་། འཛམ་གླིང་གི་རྒྱན་རྩེད་ཀྱི་གྲོང་ཁྱེར་ཆེན་པོ་བཞིའི་གྲས་ཀྱི་གཅིག་ཀྱང་ཡིན། དེ་ཡང་མིང་དུ་གྲགས་པའི་ཡང་བའི་བཟོ་ལས་དང་ཡུལ་སྐོར་ལྗོངས་རྒྱུའི་ལས་རིགས། གསོལ་མགྲོན་ཁང་གི་ལས་རིགས། རོལ་རྩེད་ཁང་སོགས་ཀྱིས་ཨའོ་མོན་གྱི་སྤྱི་ཚོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ། གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཆེས་ཆེ་བ་དང་ཆེས་ཕྱུག་པའི་ས་ཁུལ་དུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
澳门特别行政区
ཕྱི་ཡིག་གི་མིང་།
Macao Macau
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
དམིགས་བསལ་སྲིད་འཛིན་ས་ཁུལ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ལྷོ་ས་ཁུལ་དུ་གཏོགས།
མངའ་ཁོངས།
གྲོང་ཁྱེར་བཞི་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
+853
སྦྲག་སྲིད་ཨང་རྟགས།
999078
གནས་ཡུལ།
ཀྲུའུ་ཅང་སན་ཅོ་ཀྲོའུ་ཡི་ལྷོ་ནུབ་ཕྱོགས་སུ་ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་སུམ་འབུམ་ཉིས་ཁྲི་དང་གྲངས་ཆུང་བརྒྱད་ཡོད།
མི་གྲངས།
དྲུག་འབུམ་སུམ་ཁྲི་དང་གྲངས་ཆུང་དྲུག་གཉིས་ཡོད།(སྤྱི་ལོ2014ལོར། )
སྐད་རིགས།
ཧོའོ་མོན་སྐད། ཨའོ་མོན་ཡུལ་སྐད།
གནམ་གཤིས།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཨའོ་མོན་ལོ་རྒྱུས་མཁར་ཁུལ།ཀོན་ཀོང་མཆོད་རྟེན།
གནམ་གྲུ་ཐང་།
ཨའོ་མོན་རྒྱལ་སྤྱིའི་གནམ་གྲུ་ཐང་།
རླངས་འཁོར་ཨང་རྟགས།
粤Z(进入内地)
1 གནས་ཡུལ།

ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་ནི་བྱང་གི་འཕྲེད་ཐིག22°11'དང་ཤར་གྱི་གཞུང་ཐིག113°33'མན་གྱི་བར་དུ་ཡོད་ཅིང་། ཀྲུང་གོའི་སྐམ་ས་ཆེན་མོའི་ཤར་ལྷོའི་མཚོ་ཁ་ན་ཆགས་ལ། ཀྲུའུ་ཅང་སན་ཅོ་ཀྲོའུ་ཡི་ནུབ་ཕྱོགས་དང་། མཚོའི་ཕ་རོལ་དུ་ཤར་དུ་རྒྱང་ལྟ་བྱས་ན་ཤང་ཀང་མཐོང་ཐུབ། བྱང་ཕྱོགས་ཀྱི་ཨའོ་མོན་གླིང་ཕྱེད་ནི་ཀོང་ཏུང་ཀྲུའུ་ཧེ་དང་འབྲེལ་ནས་ཡོད། ལྷོ་ཕྱོགས་ནི་ཏིང་ཙེའེ་དང་ལུའུ་ཧོན་གླིང་ཕྲན། ལུའུ་ཏིང་མཁར་བཅས་ཀྱིས་གྲུབ་པའི་གླིང་ཆེན་པོ་ཞིག་ཡིན་ཏེ། ཧེའེ་ཏོའོ་གྲོང་ཁྱེར་དུ་གཏོགས་ཤིང་གནས་སྐབས་སུ་མིང་ངོ་མ་ཞིག་མེད།

2 གནམ་གཤིས།

ཨའོ་མོན་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། དུས་མཚུངས་སུ་ཚ་ཁུལ་ནམ་ཟླའི་རང་བཞིན་ཡང་ཡོད་པ་རེད་ལ། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧ་ལམ℃22.3ཡིན་པ་དང་། ལོ་ཧྲིལ་བོའི་དྲོད་ཚད་ཀྱི་བར་ཁྱད་ནི℃11-℃14 བར་ཡིན། དེ་ཡང་སྤྱི་ལོ2007ལོའི་ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་དྲོད་ཚད་ནི℃23.2ཡིན་ལ། དཔྱིད་དང་དབྱར་གྱི་དུས་སུ་ཆར་ཆུ་མོད་ཅིང་རླན་བཤེར་ཆེ་བ་དང་། སྟོན་དང་དགུན་གྱི་དུས་སུ་ལྟོས་བཅས་ཀྱིས་རློན་ཚད་ཅུང་དམའ་ལ་ཆར་ཆུའང་ཉུང་བ་ཡིན། གཞན་རྒྱ་མཚོའི་རླུང་འཚུབ་ཀྱི་དུས་ཚིགས་ནི་ཟླ་བ5ནས10བར་ཡིན་ལ། ཟླ་བ7དང9ནི་ཆེས་མང་བའི་དུས་སྐབས་ཡིན།

སྤྱི་ལོ2007ལོར་བསྡོམས་པས་ཆར་ཆུའི་ཉིན་མོ117བྱུང་ཡོད་ལ། སྤྱིའི་ཆར་ཆུ་འབབ་ཚད་ནི་ཧོ་སྨི1464ཡིན་ཏེ། འདས་པའི་ལོ་ངོ30ཡི་ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་དང་བསྡུར་ན་ཧོ་སྨི565ཇེ་ཉུང་དུ་སོང་ཡོད།

3 མི་གྲངས།

ཨའོ་མོན་གྱི་སྤྱིའི་མི་གྲངས་ནི5520000.5 ཡིན་ལ། (སྤྱི་ལོ2011ལོའི་ཟླ4བར། ཨའོ་མོན་མི་གྲངས་ཞིབ་བཤེར་གྱི་གྲངས་ཀ)མི་གྲངས་ཀྱི་མང་ཉུང་ནི། སྤྱི་ལེ་གྲུ་བཞི་མ་རེར་མི18000 ལྷག་ཡོད།(སྤྱི་ལོ2007ལོར། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་གྱི་ཨང་དང་པོ་ཟིན་ཡོད་ཅིང་། སྤྱི་ལོ2011ལོར་ཨའོ་མོན་མི་གྲངས་ཞིབ་བཤེར་གྱི་ཡིག་ཆ་ལྟར་ན། སྤྱི་ལེ་གྲུ་བཞི་མ་རེར་མི18000ལྷག་ཡོད།)  དེ་ཡང་ས་ཁུལ་ཡོངས་ཀྱི་མི་གྲངས་འཕར་ཚད་ནི2% པ་དང་། ཕྲུ་གུ་སྐྱེ་ཚད་ནི8.69% ཡིན་ལ། ཤི་ཚད་ནི3.43% ཡིན་ཞིང་། ཕོ་མོའི་མི་གྲངས་ཀྱི་སྡུར་ཚད0.92:1ཡིན། གཞན་སྡོད་དམངས་ཀྱི་ཆ་སྙོམ་གྱི་ཚེ་ཚད་ནི་ལོ84.33(སྤྱི་ལོ2008ལོར། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་གྱི་ཨང་གཉིས་པ་ཟིན་ཡོད།)

རྒྱ་རིགས་སྡོད་དམངས་ཀྱིས་ས་ཁུལ་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི97%ཟིན་ཡོད་པ་དང་། ཕུའུ་ཐའོ་ཡའི་རྒྱལ་དམངས་འཛིན་པ་དང་ཧྥི་ལི་ཕིན་གྱི་རྒྱལ་དམངས་འཛིན་པའི་སྡོད་དམངས་ཀྱིས3%ཟིན་ཡོད་ཅིང་། ཨའོ་མོན་དུ་སྡོད་པའི་ཀྲུང་གོ་བ་མང་ཆེ་བ་ནི་ཀོང་ཏུང་ཀྲུའུ་ཅང་སན་ཅོ་ཀྲོའུ་ཡི་མི་ཡིན།

1

བརྡ་འགྲེལ་གདོང་འཛར།

ས་ཁོངས། དམིགས་བསལ་ས་ཁུལ། ཨའོ་མོན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-10

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།