དམིགས་བསལ་སྲིད་འཛིན་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དམིགས་བསལ་སྲིད་འཛིན་ཁུལ།
ཞང་ཀང་དང་ཨའོ་མོན་ནི་རང་རྒྱལ་གྱི་དམིགས་བསལ་སྲིད་འཛིན་ཁུལ་ཡིན་པ་དང་། རང་རྒྱལ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། མེས་རྒྱལ་ནང་སའི་ཁུལ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱེད་པ་དང་། ཞང་ཀང་དང་ཨའོ་མོན་ལ་མ་རྩ་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱེད་པ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
特别行政区
ཕྱི་ཡིག་གི་མིང་།
Special administrative region
ཁྱད་ཆོས།
ཆབ་སྲིད་ལམ་ལུགས་མི་གཅིག་པ་ལག་ཏུ་བསྟར་པ།
ངོ་བོ།
རྒྱལ་ཁབ་ནང་ཁུལ་གྱི་སྲིད་འཛིན་ལས་ཁུངས་ཤིག་ཡིན།
1 དམིགས་བསལ་སྲིད་འཛིན།

ཞང་ཀང་དང་ཨའོ་མོན་ནི་རང་རྒྱལ་གྱི་དམིགས་བསལ་སྲིད་འཛིན་ཁུལ་ཡིན་པ་དང་། རང་རྒྱལ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། མེས་རྒྱལ་ནང་སའི་ཁུལ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱེད་པ་དང་། ཞང་ཀང་དང་ཨའོ་མོན་ལ་མ་རྩ་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད།

2 ཤང་ཀང་དང་ཨའོ་མོན།

ཞང་ཀང་དང་ཨའོ་མོན་ནི་རང་རྒྱལ་སྐམ་ས་ཆེན་མོའི་ཤར་ལྷོའི་མཚམས་སྣེར་གནས་ཤིང་། ཀྲུའུ་ཅང་གཙང་པོའི་ཆུ་ཁའི་ཤར་དང་ནུབ་སོ་སོར་གནས་ཡོད་པ་མ་ཟད་ཀོང་ཏུང་ཞིང་ཆེན་དང་འབྲེལ་ཡོད། ཞང་ཀང་དང་ཨའོ་མོན་ནི་འཛམ་གླིང་ཐོག་མི་ཚོགས་སྟུག་ཚད་ཆེ་ཤོས་གྲས་ཀྱི་ས་ཁུལ་ཞིག་ཡིན།

3 ཤང་ཀང་།

ཞང་ཀང་ནི་ཤང་ཀང་གླིང་ཕྲན་དང་། ཇུའུ་ལུང་། ཤིན་ཀྱེད་བཅས་གསུམ་དང་ཉེ་འཁོར་གྱི་གླིང་ཆུང200ལྷག་ཙམ་ལས་གྲུབ་ཅིང་། རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་དང་། འགྲིམ་འགྲུལ་ལྟེ་གནས། དངུལ་རྩའི་ལྟེ་གནས། ཆ་འཕྲིན་ཞབས་ཞུའི་ལྟེ་གནས། ཡུལ་སྐོར་ལྟེ་གནས་བཅས་ཡིན། སྐམ་སའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1098ཡོད་པ་དང་། 2000ལོར། མི་འབོར་ཁྲི666.5ཡོད།

4 ཨའོ་མོན།

ཨའོ་མོན་ནི་ཨའོ་མོན་ཕྱེད་གླིང་དང་། ཏང་ཙེ་གླིང་ཕྲན། ལུའུ་ཧོང་གླིང་ཕྲན་བཅས་ལས་གྲུབ་ཅིང་སྐམ་སའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ25.4ཡོད་པ་དང་། 2000ལོར། མི་འབོར་ཁྲི43.8ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-04

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།