ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས།
ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་མིང་བསྡུས་ན་ཉིང་ཞེས་འབོད་པ་ཡིན་ལ། དེ་ནི་ཀྲུང་གོའི་རང་སྐྱོང་ལྗོངས་ལྔའི་གྲས་ཀྱི་གཅིག་ཡིན་ཞིང་། ཀྲུང་གོའི་ནུབ་རྒྱུད་ཀྱི་རྨ་ཆུའི་སྟོད་རྒྱུད་ས་ཁུལ་དུ་ཡོད་དེ། ཤར་ཕྱོགས་ནས་ཧྲའན་ཞི་ཞིང་ཆེན་ལ་ཐག་ཉེ་བ་དང་། ནུབ་རྒྱུད་དང་བྱང་རྒྱུད་དུ་ནང་སོག་རང་སྐྱོང་ལྗོངས་དང་འབྲེལ་ནས་ཡོད། ཡང་ལྷོ་ཕྱོགས་ནས་ཀན་སུའུ་ཞིང་ཆེན་དང་འབྲེལ་ནས་ཡོད་ལ། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ456 ཡོད་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ250 ཡོད་ཅིང་། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི66000 ཡོད། གཞན་ཞིང་ཆེན་གྱི་ལྟེ་གནས་ནི་དབྱིན་ཁྲོན་གྲོང་ཁྱེར་ཡིན། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ནི་ཀྲུང་ཧྭའི་ཤེས་རིག་གི་འབྱུང་གནས་ཡིན་ལ། ཟ་འོག་དར་ལམ་དུ་འབོད་པ་ནི་དེ་རུ་ཡོད་པ་དང་། ལོ་རྒྱུས་ཐོག་ཤར་ནུབ་རྒྱུད་ཀྱི་འགྲིམ་འགྲུལ་ཚོང་དོན་གྱི་རྒྱུ་ལམ་གཙོ་བོ་ཡིན་པར་མ་ཟད། རྨ་ཆུ་བཞུར་སའི་ས་ཆ་ཡིན་པའི་ཆ་ནས། དེ་རུ་ལོ་རྒྱུས་ཀྱི་རྒྱུན་རིང་བའི་རྨ་ཆུའི་རིག་གནས་ཡོད་པ་ཡིན། ལོ་ངོ་སུམ་ཁྲིའི་ཡར་སྔོན་དུ་ཉིང་ཞ་རུ་མིའི་རིགས་འཚོ་སྡོད་ཀྱི་རྗེས་ཤུལ་ཡོད་པ་ཡིན་ལ། སྤྱི་ལོ1038 ལོར། ཏང་ཞང་རིགས་ཀྱི་འགོ་གཙོ་ལི་ཡོན་ཧའོ་ཡིས་དེ་རུ་མི་ཉག་རྒྱལ་རབས་བཙུགས་པ་དང་། མི་ཉག་རིག་གནས་བྱུང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宁夏回族自治区
ཕྱི་ཡིག་གི་མིང་།
Ningxia Hui Autonomous Region
མིང་གཞན།
ཉིང་ཞ།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རང་སྐྱོང་ལྗོངས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ནུབ་བྱང་ས་ཁུལ།
མངའ་ཁོངས།
གྲོང་ཁྱེར་ལྔ་ཡོད།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
(+86)0951—0955
སྦྲག་སྲིད་ཨང་རྟགས།
750000—756400
གནས་ཡུལ།
ཀྲུང་གོའི་ནུབ་བྱང་ས་ཁུལ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་དྲུག་ཁྲི་དང་གྲངས་ཆུང་དྲུག་བཞི་ཡོད།
མི་གྲངས།
ས་ཡ་དྲུག་དང་དྲུག་འབུམ་ཆིག་ཁྲི་ཡོད། (སྤྱི་ལོ2014ལོ)
སྐད་རིགས།
ལན་ཡུན་སྤྱི་སྐད།
གནམ་གཤིས།
དྲོད་ཁུལ་སྐམ་ས་ཆེན་པོའི་རང་བཞིན་གྱི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
མི་ཉག་རྒྱལ་བོའི་བང་སོ། ཧྲ་ཧུའུ། རི་བོ་ལོའུ་ཕན།
གནམ་གྲུ་ཐང་།
དབྱིན་ཁྲོན་ཧོ་ཏུང་རྒྱལ་སྤྱིའི་གནམ་གྲུ་ཐང་། ཀྲུང་ཝེ་ཞང་ཧྲན་གནམ་གྲུ་ཐང་། ཀུའུ་ཡོན་ལིའུ་ཧྲན་གནམ་གྲུ་ཐང་།
རླངས་འཁོར་ཨང་རྟགས།
宁A&B&C&D&E
1 གནས་ཡུལ།

ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ནི་བྱང་གི་འཕྲེད་ཐིག35°14—39°23དང་ཤར་གྱི་གཞུང་ཐིག104°17—107°39 ཡི་བར་དུ་གནས་ཤིང་། ས་བབ་ནི་སྤྱིའི་ཆ་ནས་ལྷོ་བྱང་གི་ཕྱོགས་རིང་བ་དང་། ཤར་ནུབ་ཀྱི་ཕྱོགས་ཐུང་བ་ཡིན། དེ་ཡང་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ456 ཡོད་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ250 ཡོད་པ་ཡིན་ཞིང་། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་དྲུག་ཁྲི་དང་གྲངས་ཆུང་དྲུག་ཡོད།

2 གནམ་གཤིས།

ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ནི་ནུབ་བྱང་གི་རྒྱ་མཚོ་དང་བར་ཐག་རིང་བའི་སྐམ་སའི་མཐོ་སྒང་དུ་ཡོད་ཅིང་། དཔེ་མཚོན་ཅན་གྱི་སྐམ་ས་ཆེན་པོའི་རང་བཞིན་གྱི་བཞའ་ཚན་ཕྱེད་དང་ཐན་པ་ཕྱེད་ཀྱི་ནམ་ཟླའི་ཁོངས་སུ་གཏོགས་པ་ཡིན་ལ། ཟླ་བ་དྲུག་པ་ནས་དགུ་བའི་བར་ནི་ཆར་དུས་ཡིན་པར་མ་ཟད། དགུན་དུས་ནི་གྲང་ངར་ཆེ་ཞིང་ཡུན་རིང་བ་དང་དབྱར་དུས་ནི་ཚ་བ་ཆེ་ལ་ཡུན་ཐུང་བ། ཆར་ཆུ་མང་བོ་མེད་པ། ནམ་ཟླ་ཧ་ཅང་སྐམ་ཤས་ཆེ་བ། རླུང་གཡུགས་པ། བྱེ་མ་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་ཡིན། 

ཉིང་ཞ་ཧུའེ་རིགས་རང་སྐྱོང་རྫོང་གི་ཆ་སྙོམས་ཀྱི་མཚོ་འཕགས་ནི་སྨི1000 ཡན་ལ་སོན་པའི་རྐྱེན་གྱིས། དབྱར་དུས་སུའང་ཚ་བ་ཧ་ཅང་ཆེ་བའི་དུས་མེད་ལ། ཟླ་བ་དང་པོའི་ཆ་སྙོམས་ཀྱི་དྲོད་ཚད་ནི8℃ མན་ཡིན་པ་དང་། དྲོད་ཚད་ཧ་ཅང་དམའ་བའི་སྐབས་སུ་གོར་ཐིག་མན་གྱི་དྲོད་ཚད22℃ གཉིས་ཡིན། དེ་ཡང་ཉིན་ཧྲིལ་བོའི་དྲོད་ཚད་ལ་ཧེ་བག་ཆེ་བ་དང་ཉི་མའི་འགྱེད་འཕྲོ་དྲག་པོ་ཡིན་པ་རེད། ས་ཁུལ་མང་ཆེ་བར་ཉིན་མཚན་གྱི་དྲོད་ཚད་ཀྱི་ཧེ་བག་ནི་དྲོད་ཚད12℃ནས15℃ བར་ཡིན་ཞིང་། ལོ་ཧྲིལ་བོའི་ཆ་སྙོམ་གྱི་དྲོད་ཚད་ནི་5℃ནས9℃ བར་ཡིན། དབྱིན་ཧོང་ཀོན་ས་ཁུལ་དང་ཀུའུ་ཡོན་ས་ཁུལ་གཉིས་སོ་སོ་ནི་ལྗོངས་ཡོངས་ཀྱི་དྲོད་ཚད་ཆེས་མཐོ་བ་དང་དྲོད་ཚད་ཆེས་དམའ་བའི་ས་ཁུལ་གཉིས་ཡིན། ཡང་ཉིང་ཞ་ཡི་ཆར་ཆུ་འབབ་ཚད་ནི་ལྷོ་ཕྱོགས་སུ་མང་བ་དང་བྱང་ཕྱོགས་སུ་ཉུང་བ་ཡིན་ལ། དབྱར་དུས་སུ་ཆར་ཆུ་འབབ་པ་ཧ་ཅང་མང་བ་ཡིན་ཞིང་། ཐན་པ་ཆེ་བའི་རི་ཁུལ་གྱི་ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧོ་སྨི400 ཡིན་པ་དང་།  དབྱིན་ཧོང་ཀོན་ས་ཁུལ་གྱི་ལོ་ཧྲིལ་བོའི་ཆ་སྙོམ་གྱི་ཆར་ཆུ་འབབ་ཚད་ནི་ཧོ་སྨི157 ཡིན། གཞན་སྤྱི་ལོ1995ལོར། དབྱིན་ཧོང་ཀོན་ས་ཁུལ་གྱི་ལོ་ཧྲིལ་བོའི་ཆ་སྙོམ་གྱི་ཆར་ཆུ་འབབ་ཚད་ནི་ཧོ་སྨི་ཉིས་བརྒྱ་ལྷག་ཡིན་པ་དང་། ཐན་པ་ཆེ་བའི་རི་ཁུལ་གྱི་ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧོ་སྨི317 ལྷག་ཡིན།

ཞི་ཧའེ་ཀུའུ་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་དུ་ཡོད་ཅིང་། དེ ནི་ཞི་ཅི་དང་ཧའེ་ཡོན། ཀུའུ་ཡོན། ཕེང་དབྱང་། ཐུང་ཞིན་སོགས་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་བདུན་གྱི་སྤྱི་མིང་ཡིན་ལ། ས་ཆ་དེ་དག་ཏུ་དུས་ཡུན་རིང་བོར་ཐན་པ་ཆེ་བར་མ་ཟད། ལོ་ཧྲིལ་བོའི་ཆར་ཆུ་འབབ་ཚད་ནི་ཧོ་སྨི300 ཡས་མས་ཡིན། 


བརྡ་འགྲེལ་གདོང་འཛར།

ས་ཁོངས། རང་སྐྱོང་ལྗོངས། ཉིང་ཞ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-10

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།