པེ་ཅིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པེ་ཅིང་།
པེ་ཅིང་གྲོང་ཁྱེར་ནི་ཧྭ་པེ་བདེ་ཐང་གི་བྱང་མཐའ་ན་ཆགས་ཡོད་པ་དང་། ལྷོ་ཕྱོགས་དང་ནུབ་ཕྱོགས། བྱང་ཕྱོགས་གསུམ་ནི་ཧོ་པེ་ཞིང་ཆེན་དང་འབྲེལ་ཞིང་ཤར་ལྷོ་ནི་ཐེན་ཅིན་གྲོང་ཁྱེར་དང་འབྲེལ་ཡོད། པེ་ཅིང་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.68ཡོད་པ་དང་། པེ་ཅིང་གྲོང་ཁྱེར་ནི་རང་རྒྱལ་གྱི་རྒྱལ་སའང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
北京
ཕྱི་ཡིག་གི་མིང་།
Beijing
མིང་གཞན།
ཡན་ཅིང་དང་ཅི་ཁྲེང་སོགས།
སྲིད་འཛིན་ས་ཁུལ་རིགས་དབྱེ།
ཐད་གཏོགས་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་པེ།
མངའ་ཁོངས།
མངའ་ཁུལ་གྲོང་ཁྱེར16
སྲིད་གཞུང་གནས་ཡུལ།
མཁར་ཤར་ས་ཁུལ་ཀྲེང་དབྱི་ལམ་ཨང་རྟགས2
ས་ཁོངས་ཁ་པར་ཨང་རྟགས།
(+86)010
སྦྲག་སྲིད་ཨང་རྟགས།
100000
གནས་ཡུལ།
ཧྭ་པེ་བདེ་ཐང་ནུབ་བྱང་མཐའ་འགྲམ།
གནས་ཡུལ།
ཧྭ་པེ་བདེ་ཐང་ནུབ་བྱང་མཐའ་འགྲམ།
མི་གྲངས།
ཁྲི2170.5(སྤྱི་ལོ2015ལོར)
སྐད་རིགས།
པེ་ཅིང་སྐད།
གནམ་གཤིས།
བྱང་དྲོད་ཁུལ་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཆེན།
གནམ་བདེ་སྒོ་མོ་ཆེ། གནའ་བོའི་ཕོ་བྲང་སོགས།
གནམ་གྲུ་ཐང་།
པེ་ཅིང་རྒྱལ་ས་རྒྱལ་སྤྱིའི་གནམ་གྲུ་ཐང་དང་པེ་ཅིང་ནན་ཡོན་གནམ་གྲུ་ཐང་།
མེ་འཁོར་ས་ཚིགས།
པེ་ཅིང་ས་ཚིགས་དང་པེ་ཅིང་ས་ཚིགས་བྱང་མ་སོགས།
རླངས་འཁོར་ཨང་རྟགས།
京A-Q
ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་།
དམངས་སྒོར་དུང་ཕྱུར22968.6(སྤྱི་ལོ2015ལོར)
མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་།
དམངས་སྒོར106284(སྤྱི་ལོ2015ལོར)
མཐོ་རིམ་སློབ་ཆེན།
པེ་ཅིང་སློབ་ཆེན། ཆིང་ཧྭ་སློབ་ཆེན། མི་དམབས་སློབ་ཆེན་སོགས།
གྲོང་ཁྱེར་གྱི་ལྗོན་པ་དང་མེ་ཏོག
ཚོས་སེར་སྡོང་བོ་དང་རྒྱ་སེའི་མེ་ཏོག
ལས་ཐོག་འགོ་ཁྲིད།
ཀུའོ་ཅིན་ལུང་དང་ཝང་ཨན་ཧྲུན་སོགས།
ཆེས་མཐོའི་འཛུགས་སྐྲུན།
ཀྲུང་དབྱང་བརྙན་འཕྲིན་མཐོ་ལྕོག (སྨི405)
ས་འོག་ལྕགས་ལམ་གཉེར་སྐྱོང་ལམ་ཚད།
སྟོང་སྨི554
1 ངོ་སྤྲོད།

པེ་ཅིང་གྲོང་ཁྱེར་ནི་ཧྭ་པེ་བདེ་ཐང་གི་བྱང་མཐའ་ན་ཆགས་ཡོད་པ་དང་། ལྷོ་ཕྱོགས་དང་ནུབ་ཕྱོགས། བྱང་ཕྱོགས་གསུམ་ནི་ཧོ་པེ་ཞིང་ཆེན་དང་འབྲེལ་ཞིང་ཤར་ལྷོ་ནི་ཐེན་ཅིན་གྲོང་ཁྱེར་དང་འབྲེལ་ཡོད། པེ་ཅིང་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.68ཡོད་པ་དང་། པེ་ཅིང་གྲོང་ཁྱེར་ནི་རང་རྒྱལ་གྱི་རྒྱལ་ས་དང་། རྒྱལ་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱི་ལྟེ་བ་ཡིན་པ་དང་། ལའོ་དབྱང། ཁའེ་ཧྥིན། ནན་ཅིང་། ཧང་ཀྲོའུ་བཅས་དྲུག་ལ་ཀྲུང་གོའི་གནའ་བོའི་རྒྱལ་ས་དྲུག་ཀྱང་ཟེར་རོ། །

2 མཛེས་ལྗོངས།

རྒྱལ་རབས་རྙིང་བ་རེ་རེ་བཞིན་འཇིག་ཅིང་གསར་བ་རེ་རེ་བཞིན་བཙུགས་པར་བསྟུན་ནས་འདུ་འཛི་ཆེ་ཞིང་དར་རྒྱས་ཆེ་བའི་རྒྱལ་ས་མང་པོ་ཞིག་ཀྱང་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་དུ་འཇའ་ཡལ་བ་བཞིན་འཇིག་པར་འགྱུར་བཞིན་ཡོད་ལ། ཕྱི་རབས་པས་རྗེས་ཤུལ་ཙམ་ཡང་ངོས་འཛིན་བྱེད་མི་ཐུབ་པའི་རྒྱལ་ས་ཡང་ཡོད། པེ་ཅིང་དུ་གནའ་མཁར་མང་ཞིང་། ལྟ་ན་སྡུག་པའི་སྐྱེད་ཚལ་ཡང་མང་པོ་ཡོད་པས།   པེ་ཅིང་གྲོང་ཁྱེར་གྱི་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་ཡོད། པེ་ཅིང་དུ་མིང་དུ་གྲགས་པའི་གནས་མཆོག་ཙི་ཅིང་མཁར་དང་དགའ་ལྡན་བྱིན་ཆགས་གླིང་། དབྱི་ཧོ་ཡོན་སྐྱེད་ཚལ།  ཐེན་ཐན་སྤྱི་གླིང་། ཡོན་མིང་ཡོན། སངས་རྒྱས་ཀྱི་ཚེམས་གདུང་མཆོད་རྟེན། ལྕགས་རི་རིང་བོ་སོགས་ཡོད་པ་དང་། ལྟ་ན་སྡུག་པའི་པེ་ཅིང་གྲོང་ཁྱེར་ནི་ལོ་རྒྱུས་དང་དངོས་ཡོད། འདས་པ་དང་ད་ལྟ། གནའ་ཉམས་དང་དེང་ཉམས་སྤེལ་མར་ཡོད་པའི་མཛེས་སྡུག་གི་ས་ཆ་ཞིག་ཡིན་པར་མ་ཟད། གྲོང་ཁྱེར་འདིའི་གནའ་མཁར་གྱི་གཟི་དཔལ་གྱིས་ཡུལ་འདི་ལ་སྐྱེས་སྟོབས་ཀྱི་དཔལ་གསར་བ་ཞིག་བསྣན་ཡོད། 

3 ཆབ་སྲིད་དང་རིག་གནས་ཀྱི་ལྟེ་གནས།

རྒྱལ་ཡོངས་ཀྱི་ཆབ་སྲིད་དང་རིག་གནས་ཀྱི་ལྟེ་གནས་ཤིག་ཡིན་པ་མ་ཟད་རྒྱལ་སྤྱིའི་འགྲོ་འོང་འབྲེལ་ལམ་གྱི་ལྟེ་གནས་ཤིག་ཀྱང་ཡིན། མི་དམངས་ཚོགས་ཁང་ཆེན་མོ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གནས་ཡུལ་ཡིན་པ་དང་། ཀྲུན་ནན་ཧའེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གནས་ཡུལ་ཡིན། པེ་ཅིང་དུ་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོའི་ལས་ཁུངས་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་དོན་གཅོད་ལས་ཁུངས། དེ་བཞིན་ཕྱི་རྒྱལ་ཁེ་ལས་ཀྱི་དོན་གཅོད་ལས་ཁུངས་དང་ཕྱི་རྒྱལ་གསར་འགྱུར་ལས་ཁུངས་ཀྱི་ཅིང་སྡོད་གསར་འགྱུར་འགོད་མཁན་ས་ཚིགས་སོགས་ངམ་པོ་ཡོད། འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་རྒྱལ་གྲོལ་ཀུང་སི་མང་པོ་ཞིག་པེ་ཅིང་དུ་གནས་བཅའ་བ་དང་། རྒྱལ་སྤྱིའི་ཚོགས་འདུ་སྣ་ཚོགས་གནས་འདིར་མང་པོ་ཚོགས་པར་བརྟེན། པེ་ཅིང་དང་འཛམ་གླིང་ས་གནས་ཁག་བར་གྱི་འབྲེལ་བ་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།

4 པེ་ཅིང་གྲོང་ཁྱེར་གྱི་ས་བཀྲ་མདོར་བསྡུས།

1.png.png


གནམ་སྡེ་སྒོ་མོ་ནི་པེ་ཅིང་གྲོང་ཁྱེར་གྱི་དབུས་སུ་གནས་པ་དང་རྒྱ་ཁྱོན་སྤྱི་ཆན44ཡོད་ཅིང་མི་ཁྲི་བརྒྱ་ཕྲག་འདུ་འཛོམས་བྱེད་ཆོག་པས་འཛམ་གླིང་གི་གྲགས་ཅན་གྲོང་ཁྱེར་ཁྲོད་ཀྱི་ཐང་ཆེན་རྒྱ་ཆེ་ཤོས་དེ་ཡིན།

མི་དམངས་ཚོགས་ཁང་ཆེན་མོ་ནི་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་ནུབ་ངོས་སུ་ཡོད་པ་དང1959ལོར་གསར་རྒྱག་བྱས་ཤིང་། བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི17ཡོད། དེའི་ནང་གི་ཚོགས་ཁང་ཁག་གི་མིང་ནི་ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁུལ་སོ་སོའི་མིང་ཐོག་ནས་བཏགས་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-07

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།