ཁྲུང་ཆིང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲུང་ཆིང་གྲོང་ཁྱེར།
ཁྲུང་ཆིང་གྲོང་ཁྱེར་གྱི་མིང་བསྡུས་ན་པ་དང་ཡུས་ཞེས་འབོད་པ་དང་། མིང་གཞན་ལ་ཧྲན་ཁྲེང་དང་ཡུས་ཏུའུ། ཆའོ་ཏུའུ། ཝུའུ་ཏུའུ་བཅས་ཟེར་ཞིང་། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐད་གཏོགས་གྲོང་ཁྱེར་དང་ཀྲུང་གོའི་རྒྱལ་ཁབ་ལྟེ་གནས་གྲོང་ཁྱེར། རྒྱལ་ཁབ་གྲོང་ཁྱེར་ཆེན་པོ། འབྲི་ཆུའི་སྟོད་རྒྱུད་ཀྱི་དཔལ་འབྱོར་ལྟེ་གནས་བཅས་ཡིན། དེ་ཡང་ཅ་ལིང་ཅང་ལ་གནའ་དུས་སུ་ཡུས་ཧྲུའེ་ཞེས་འབོད་པ་ཡིན་པས། ཁྲུང་ཆིང་གྲོང་ཁྱེར་གྱི་བསྡུས་མིང་ལ་ཡུས་ཞེས་འབོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
重庆市
ཕྱི་ཡིག་གི་མིང་།
Chungking Chongqing
མིང་གཞན།
ཧྲན་ཁྲེང་དང་པ་ཡུས། ཡུས་ཏུའུ། ཆའོ་ཏུའུ། ཝུའུ་ཏུའུ། ཁྲུང་ཆིང་།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐད་གཏོགས་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ལྷོ་ནུབ་ས་ཁུལ།
མངའ་ཁོངས།
ཐད་གཏོགས་ས་ཁུལ་ཉེར་གསུམ་དང་རྫོང་བཅུ་གཅིག རང་སྐྱོང་རྫོང་བཞི།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
(+86)023
སྦྲག་སྲིད་ཨང་རྟགས།
400000—409912
གནས་ཡུལ།
འབྲི་ཆུའི་སྟོད་རྒྱུད་ས་ཁུལ་དང་ལྷོ་ནུབ་ས་ཁུལ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་བརྒྱད་ཁྲི་ཉིས་སྟོང་། བཞི་བརྒྱ་ཐིག་གཉིས་དང་གྲངས་ཆུང་དགུ་ལྔ་ཡོད།
མི་གྲངས།
བྱེ་བ་གཉིས་དང་ས་ཡ་དགུ། དགུ་འབུམ་ཆིག་ཁྲི་དང་གྲངས་ཆུང་བཞི། (སྤྱི་ལོ2014ལོ)
སྐད་རིགས།
ནུབ་བྱང་སྤྱི་སྐད་དམ་ཁྲུང་ཆིང་གི་ཡུལ་སྐད།
གནམ་གཤིས།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བཞའ་ཚན་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
འབྲི་ཆུའི་འགག་གསུམ། ཐའོ་ཧྭ་ཡོན། ཧུང་ཡ་ཏུང་། རི་བོ་ཝུའུ་ལིན་གྱི་གྲོག་རོང་། རི་བོ་ཅིན་ཧྥོ་སོགས།
གནམ་གྲུ་ཐང་།
ཁྲུང་ཆིང་འབབ་ཚིགས། ཁྲུང་བྱང་འབབ་ཚིགས། ཁྲུང་ནུབ་འབབ་ཚིགས།
རླངས་འཁོར་ཨང་རྟགས།
渝A、B、C、F、G、H
1 གནས་ཡུལ།

ཁྲུང་ཆིང་གྲོང་ཁྱེར་ནི་ཀྲུང་གོའི་ནང་ལོགས་ས་ཁུལ་གྱི་ལྷོ་ནུབ་རྒྱུད་དང་འབྲི་ཆུའི་སྟོད་རྒྱུད་ས་ཁུལ་དུ་ཡོད་ཅིང་། ཤར་གྱི་གཞུང་ཐིག105°11'—110°11' དང་བྱང་གི་འཕྲེད་ཐིག28°10'—32°13' བར་གྱི་མདོ་དབུས་མཐོ་སྒང་དང་འབྲི་ཆུའི་དབུས་སྨད་རྒྱུད་ཀྱི་བདེ་ཐང་གི་བར་བརྒལ་ས་ཁུལ་དུ་ཡོད་པ་ཡིན། ཁྲུང་ཆིང་གྲོང་ཁྱེར་གྱི་ཤར་ཕྱོགས་ནི་ཧུའུ་པེ་དང་ཧུའུ་ནན་ཞིང་ཆེན་གཉིས་ལ་ཐག་ཉེ་ཞིང་། ལྷོ་ཕྱོགས་ནི་ཀུའེ་ཀྲོའུ་ཞིང་ཆེན་དང་འབྲེལ་ཡོད་པ་དང་། ནུབ་ཕྱོགས་ནི་སི་ཁྲོན་ཞིང་ཆེན་དང་འབྲེལ་ཡོད་ལ།  བྱང་ཕྱོགས་ནི་ཧྲའན་ཞི་དང་ཧུའུ་པེ་ཞིང་ཆེན་གཉིས་དང་འབྲེལ་ནས་ཡོད། གཞན་ཁྲུང་ཆིང་གྲོང་ཁྱེར་གྱི་ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི470 ཡོད་པ་དང་། ལྷོ་བྱང་གི་ཞེང་ལ་སྟོང་སྨི་བཞི་450ཡོད་དེ། པེ་ཅིང་དང་ཧྲང་ཧའེ། ཐེན་ཅིན་བཅས་གྲོང་ཁྱེར་གསུམ་གྱི་སྤྱིའི་རྒྱ་ཁྱོན་གྱི་ལྡབ2.39 ཡིན།

2 ས་དབྱིབས།

ཁྲུང་ཆིང་གྲོང་ཁྱེར་ནི་ཀྲུང་གོའི་ལྷོ་ནུབ་རྒྱུད་དང་འབྲི་ཆུའི་སྟོད་རྒྱུད་ས་ཁུལ་དུ་ཡོད་ཅིང་། བྱང་ཕྱོགས་དང་ཤར་ཕྱོགས། ལྷོ་ཕྱོགས་བཅས་སོ་སོར་རི་བོ་ཏ་པ་ཧྲན་དང་རི་བོ་ཝུའུ་ཧྲན། རི་བོ་ཝུའུ་ལིང་ཧྲན། རི་བོ་ཏ་ལོའུ་ཧྲན་བཅས་ཀྱིས་བསྐོར་ནས་ཡོད་ལ། ས་དབྱིབས་ནི་གཙོ་བོ་དེའུ་འབུར་དང་རི་ཁུལ་ཡིན་པ་དང་། ཧྲན་ཁྲེང་ཞེས་གྲགས་པ་ཡིན། དེ་ཡང་ཁྲུང་ཆིང་གི་ས་བབ་ནི་སྤྱིའི་ཆ་ནས་ལྷོ་བྱང་ནས་འབྲི་ཆུའི་རོང་སར་རིམ་བཞིན་ཇེ་དམའ་རུ་འགྲོ་བ་ཡིན། ཡང་ནུབ་བྱང་གི་རྒྱུད་དང་དབུས་རྒྱུད་ནི་དེའུ་འབུར་གཙོ་བོ་ཡིན།

3 གནམ་གཤིས།

ཁྲུང་ཆིང་གྲོང་ཁྱེར་གྱི་ལོ་ཧྲིལ་བའི་ཆ་སྙོམ་གྱི་དྲོད་ཚད་ནི6℃ ནས18℃ བར་ཡིན་ལ། འབྲི་ཆུའི་རོང་ས་ཡི་པ་ནན་དང་ཡུན་དབྱང་སོགས་ས་ཁུལ་ཁ་ཤས་སུ་དྲོད་ཚད18.5℃ ཡི་ཡན་ལ་སོན་པ་དང་། ཤར་ལྷོའི་རྒྱུད་ཀྱི་ཆན་ཅང་དང་ཡིའུ་དབྱང་སོགས་ས་ཁུལ་ཁ་ཤས་སུ་ དྲོད་ཚད14℃ནས16℃ བར་ཡིན། ཡང་བྱང་ཤར་རྒྱུད་ཀྱིའཕགས་ཅུང་མཐོ་བའི་ཁྲེང་ཁོའུ་རུ་དྲོད་ཚད13℃ མ་གཏོགས་མེད། དེ་ཡང་ཆེས་དྲོ་བའི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་དྲོད་ཚད26℃ ནས 29℃ བར་ཡིན་པ་དང་། ཆེས་འཁྱག་པའི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི4℃ ནས 8℃ ཀྱི་བར་ཡིན་ཞིང་། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧ་ཅང་ཕུན་སུམ་ཚོགས་པ་ཡིན་ཏེ། ས་ཁུལ་མང་ཆེ་བར་ཧོ་སྨི1000 ནས1350 བར་ཡིན་པ་དང་། ཆར་ཆུ་ཆེས་མང་བ་ནི་ཟླ་བ་ལྔ་བ་ནས་ཟླ་བ་དགུ་བའི་བར་ཡིན་པར་མ་ཟད། ལོ་ཧྲིལ་བོའི་སྤྱིའི་ཆར་ཆུ་འབབ་ཚད་ཀྱི་བརྒྱ་ཆའི70% ཡས་མས་ཟིན་ཡོད།

4 མི་རིགས།

ཁྲུང་ཆིང་གྲོང་ཁྱེར་ནི་ཀྲུང་གོའི་མི་རིགས་རང་སྐྱོང་ས་ཁུལ་ཡོད་པའི་ཐད་གཏོགས་གྲོང་ཁྱེར་གཅུག་པུ་དེ་ཡིན་ལ། རང་སྐྱོང་རྫོང་བཞི་དང་མི་རིགས་རང་སྐྱོང་ས་ཁུལ་གྱི་དམིགས་བསལ་སྲིད་ཇུས་ལག་བསྟར་བྱེད་པའི་ས་ཁུལ་གཅིག  མི་རིགས་ཤང་བཅུ་བཞི་བཅས་ཡོད། ཀྲུང་གོའི་མི་གྲངས་ཞིབ་བཤེར་ཐེངས་དྲུག་པ་ལྟར་ན། ཁྲུང་ཆིང་གྲོང་ཁྱེར་གྱི་གྲངས་ཉུང་མི་རིགས་གི་སྤྱིའི་མི་གྲངས་ནི193710 ཡོད་དེ། ཡུས་ཏུང་ནན་མི་རིགས་ས་ཁུལ་གྱི་ཁུལ་གཅིག་རྫོང་བཞི་ནི་ཁྲུང་ཆིང་གྲོང་ཁྱེར་གྱི་མི་གྲངས་ཉུང་རིགས་འདུས་སྡོད་ཀྱི་ས་ཁུལ་ཡིན་ཞིང་། དེ་ནི་གཙོ་བོ་ཐུའུ་ཅ་རིགས་དང་མིའོ་རིགས་ཡིན་པ་དང་། ས་ཁུལ་དེ་ཡི་ གྲངས་ཉུང་མི་རིགས་ཀྱི་མི་གྲངས་ནི176620 ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-11

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།