ལའེ་ཝུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལའེ་ཝུའུ།
ལའེ་ཝུའུ་ཡི་གནའ་བོའི་མིང་ལ“དབྱི་དང་ནེད”ཅེས་ཟེར་ཞིང་། མིང་གཞན་ལ་ཀོང་ཁྲེང་ཟེར། ཧྲན་ཏུང་ཞིང་ཆེན་གྱི་དེ་སྔའི་ས་ཁུལ་རིམ་པའི་གྲོང་ཁྱེར(སྤྱི་ལོ2019ལོའི་ཟླ1པོར་དངོས་སུ་ཕྱིར་འཐེན་བྱས)ཡིན། ཧྲན་ཏུང་ཞིང་ཆེན་གྱི་དབུས་རྒྱུད་དང་། ཐའེ་ཧྲན་གྱི་ཤར་ངོས། བྱང་རྒྱུད་ཅི་ནན་གྲོང་ཁྱེར་ཀྲང་ཆིའུ་ཆུས། ཤར་ངོས་ཙི་པོ་གྲོང་ཁྱེར་གྱི་པོ་ཧྲན་རི་ཁུལ། དབྱི་ཡོན་རྫོང་། ལྷོ་ངོས་ཐའེ་ཨན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་ཞིན་ཐའེ་གྲོང་ཁྱེར། ནུབ་རྒྱུད་ཐའེ་ཨན་གྲོང་ཁྱེར་གྱི་ཏའེ་ཡུའེ་ཆུས་བཅས་དང་ས་མཚམས་འབྲེལ་ཡོད། ས་དབྱིབས་ནི་ལྷོ་ཕྱོགས་བདེ་ལ་བྱང་ཕྱོགས་གཟར་མོ་དང་བྱང་ཕྱོགས་སུ་འབུར་དུ་ཐོན་པའི་ཕྱེད་སྒོར་དབྱིབས་ཀྱི་གཞོང་ས་ཡོད། དྲོ་ཁུལ་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་དུས་བཞིའི་དབྱེ་བ་གསལ་པོ་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2246.21ཡོད་པ་དང་། དེའི་མངའ་ཁོངས་སུ་གྲོང་ཁྱེར་ཁོངས་གཏོགས2ཡོད་པ་དང་། སྤྱི་ལོ2017ལོར་གཏན་སྡོད་མི་འབོར་ཁྲི137.6ཡོད། ལའེ་ཝུའུ་གྲོང་ཁྱེར་ནི་སྔར་ནས་བཟུང་དམག་མིས་འཕྲོག་རྩོད་བྱེད་པའི་ས་ཆ་ཞིག་ཡིན་པ་དང་། ཁྲུན་ཆིའུ་དུས་སྐབས་སུ་དེ་གར“ཁྲང་ཧྲོ་དམག་འཐབ”བརྒྱབ་མྱོང་བ་དང་། བཅིངས་འགྲོལ་དམག་འཁྲུག་གི་དུས་སྐབས་སུ་ཧྭ་ཤར་བྱེས་འཐབ་དམག་སྡེས་དེ་གར“ལའེ་ཝུའུ་གཡུལ་འགྱེད”བསླངས། ལའེ་ཝུའུ་གྲོང་ཁྱེར་ལ“རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར”དང་། “རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར”“རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར”“ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར”བཅས་ཀྱི་མཚན་སྙན་ཐོབ་ཡོད་ལ། ཐེངས་ལྔ་ལ“རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར”གྱི་མཚན་སྙན་ཐོབ་ཡོད། སྤྱི་ལོ2017ལོར་ལའེ་ཝུའུ་གྲོང་ཁྱེར་གྱི་སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་དུ་བདམས་པ་རེད། སྤྱི་ལོ2017ལོར་ལའེ་ཝུའུ་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར896.02ཟིན་ཡོད་ལ། སྤྱི་ལོ2016ལོ་དང་བསྡུར་ན7.2%འཕར་ཡོད། སྤྱི་ལོ2019ལོའི་ཟླ་དང་པོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཁུལ་རིམ་པའི་ལའེ་ཝུའུ་གྲོང་ཁྱེར་ཕྱིར་འཐེན་བྱ་རྒྱུར་མཆན་བཀོད་བཀའ་ལན་གནང་ནས་དེའི་ཁོངས་གཏོགས་ས་ཁོངས་ཅི་ནན་གྲོང་ཁྱེར་གྱི་དོ་དམ་བྱེད་ཁོངས་སུ་བསྡུས། ཅི་ནན་གྲོང་ཁྱེར་ལའེ་ཝུའུ་ཆུས་བཙུགས་ནས་ལའེ་ཝུའུ་གྲོང་ཁྱེར་ལའེ་ཁྲེང་ཆུས་ཀྱི་སྲིད་འཛིན་ས་ཁོངས་ནི་ལའེ་ཝུའུ་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་། ཅི་ནན་གྲོང་ཁྱེར་གྱི་ཀང་ཁྲེང་ཆུས་བཙུགས་ནས་དེ་སྔའི་ལའེ་ཝུའུ་གྲོང་ཁྱེར་གྱི་ཀང་ཁྲེང་ཆུས་ཀྱི་སྲིད་འཛིན་ས་ཁོངས་དེ་ཀང་ཁྲེང་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
莱芜
མིང་གཞན།
ཀོང་ཁྲེང་།
ཕྱི་ཡིག་གི་མིང་།
Laiwu
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
ལོ་རྒྱུས་སྲིད་ཁུལ། (དེ་སྔའི་ས་ཁུལ་རིམ་པའི་གྲོང་ཁྱེར)
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ཞིང་ཆེན།
མངའ་ཁོངས།
གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས2ཡོད།
སྲིད་གཞུང་གནས་ཡུལ།
ལའེ་ཁྲེང་ཆུས། (ད་ལྟ་ཅི་ནན་གྲོང་ཁྱེར་ལའེ་ཝུའུ་ཆུས)
ས་ཁོངས་ཁ་པར་ཨང་རྟགས།
0634
སྦྲག་ཨང་།
271100
གནས་ཡུལ།
ཧྲན་ཏུང་ཞིང་ཆེན་གྱི་དབུས་ཁུལ། ཐའེ་ཧྲན་རི་བོའི་ཤར་ངོས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2246.21ཡོད།
མི་འབོར།
ཁྲི137.6ཡོད།(སྤྱི་ལོ2017ལོའི་གཏན་སྡོད་མི་འབོར)
ཡུལ་སྐད།
ཅི་ལུའུ་གཞུང་སྐད། ཧྲི་ཅི་ལྷེབ། ལིའོ་ཐའེ་ལྷེབ། ལའེ་ཝུའུ་ཡུལ་སྐད།
ནམ་ཟླ།
དྲོ་རྒྱུད་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ལའེ་ཝུའུ་གཡུལ་འགྱེད་དྲན་གསོ་ཁང་། ཞང་ཧྲན། གངས་ཡེ་ཆུ་མཛོད། ལུང་ཧྲན། ལུའེ་ཙུའུ་ཆོན་སོགས་ཡོད།
མེ་འཁོར་འབབ་ཚུགས།
ལའེ་ཝུའུ་ཤར་ཚུགས།
རླངས་འཁོར་ཚབ་ཨང་།
ལུའུS(ད་ལྟ་ལུའུAབཀོལ་བཞིན་ཡོད)
སྲིད་འཛིན་ཁུལ་དབྱེ་ཚབ་ཨང་། 
371200
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར896.02ཡོད།(སྤྱི་ལོ2017ལོ)
མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར65122ཡོད།(སྤྱི་ལོ2017ལོ)
1 ​ལོ་རྒྱུས་འཕེལ་རིམ།

ལའེ་ཝུའུ་ནི་ཁྲུན་ཆིའུ་དུ་སྐབས་སུ་མུའུ་རྒྱལ་ཁབ་དང་ཆི་ཏི་དབྱི། ཕིང་ཀྲོའུ་དབྱི་བཅས་ཀྱི་ས་ཆ་ཡིན། མོའུ་རྒྱལ་ཁབ་ནི་ལུའུ་རྒྱལ་ཁབ་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པ་དང་། གནས་ཤུལ་རྙིང་པ་མཁར་ཤར་གྱི་སྟོང་སྨི10ཡི་སར་ཡོད་པའི་ཞིན་ཀྲོང་གྲོང་རྡལ་ཀྲའོ་ཅ་ཆོན་གྲོང་ཚོར་ཡོད། ལི་དབྱི་ནི་ཆི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པ་དང་། གནས་ཤུལ་རྙིང་པ་གྲོང་ཁྱེར་ནུབ་བྱང་གི་དབྱང་ལི་གྲོང་རྡལ་ཁྲེང་ཙི་རྫོང་གྲོང་ཚོར་ཡོད། ཕིན་ཀྲོའུ་དབྱི་ནི་ལའེ་ཝུའུ་ཡི་ནུབ་རྒྱུད་དུ་ཡོད།

ཆིན་རྒྱལ་རབས་ཀྱི་སྐབས་སུ་ཧྥེ་རྫོང་བཙུགས་པ་དང་། ཅི་པེ་ཅུན་གྱི་ཁོངས་སུ་གཏོགས།

ཧན་ནུབ་མ་ཡི་སྐབས་སུ་མུའུ་རྫོང་བཙུགས་པ(ཀྲི་སུའོ་ཀྲའོ་ཅ་ཆོན་གྲོང་ཚོར་ཡོད)དང་། མུའུ་རྫོང་གི་བྱང་ཤར་དུ་ལའེ་ཝུའུ་རྫོང་འཛུགས་ཡོད་ཅིང་། ཀྲི་སུའོ་ཙི་ཧྲུའེ་ཆུ་བོའི་འབབ་རྒྱུད་དུ་བཙུགས་པའི་ལའེ་ཝུའུ་ཀུའུ(སྔོན་ཆད་ཆི་ལིན་ཀུང་བསྣུབས་པ་དང་། ལའེ་མིས་འབྲུ་རིགས་འདི་བཏབ་ཅིང་། དབྱི་ཝུའུ་མེད་པར་གྱུར་སྟབས་ལའེ་ཝུའུ་ཞེས་འབོད་ཀྱི་ཡོད་)ཡིན་པས་དེའི་མིང་ལའང་ལའེ་ཝུའུ་ཟེར། དེའི་སྟབས་ཀྱིས་གནས་ཤུལ་རྙིང་པ་ཙི་ཁྲོན་ཤར་ལྷོའི་སྤྱི་ལེ21.5ཡོད་པའི་ཁུའོ་ཐུའོ་ཡུལ་ཚོ་ཁྲེང་ཙི་གྲོང་དུ་གནས་ཡོད། དབྱི་དང་། ལེན། ལའེ་ཝུའུ་བཅས་རྫོང་གསུམ་པོ་ཐའེ་ཧྲན་ཅུན་གྱི་ཁོངས་སུ་གཏོགས།

ཝེ་རྒྱལ་རབས་བྱང་མའི་དུས་སུ་དབྱི་རྫོང་ཤར་ཕྱོགས་སུ་ནན་ཝན་ཙི་གྲོང་ཚོར་གནས་སྤོ་བྱས། དེ་དང་མཉམ་དུ་ཕྱིར་འཐེན་བྱས་ནས་ཙི་ཁྲོན་གྱི་ལའེ་ཝུའུ་རྫོང་དུ་བཙུགས། ས་ཁོངས་དེའི་བྱང་ཕྱོགས་ཙི་ཁྲོན་པེ་ཆིའུ་རྫོང་གི་ཁོངས་སུ་བསྡུས། ལྷོ་ཕྱོགས་སོ་སོར་ཡན་རྫོང་དང་མོའུ་རྫོང་དུ་བགོས།

ཆི་བྱང་མའི་ཐེན་པའོ་ཁྲི་ལོ་བདུན་པར(སྤྱི་ལོ556ལོ)མུའུ་རྫོང་ཕྱིར་འཐེན་བྱས་ཏེ་པོ་ཕིང་རྫོང་དུ་ཟླ་སྒྲིལ་བཏང་།

སུའེ་རྒྱལ་རབས་ཀྱི་ཁའེ་ཧོང་ཁྲི་ལོ་བཅུ་དྲུག་པའི་སྐབས་སུ(སྤྱི་ལོ596ལོ)མུའུ་ཁྲེང་རྫོང་བསྐྱར་དུ་བཙུགས་པ་དང་། ཏཱ་ཡའེ(སྤྱི་ལོ605ལོ-སྤྱི་ལོ618ལོ)ལོ་སྟོད་དུ་སླར་ཡང་ཡན་རྫོང་དུ་ཟླ་སྒྲིལ་བཏང་། ཐང་ཀྲེན་ཀོན་ཁྲི་ལོ་དང་པོར(སྤྱི་ལོ627ལོ)ཡན་རྫོང་ཕྱིར་འཐེན་བྱས་ནས། པོ་ཕིན་རྫོང་དུ་ཟླ་སྒྲིལ་བཏང་།

ཐང་ཁྲང་ཨན་ཁྲི་ལོ་བཞི་པར(སྤྱི་ལོ704ལོ)ཝེ་པེ་རྫོང་གི་ཀུའུ་ཁྲེང(ནན་ཙི་གྲོང་ཚོ)བསྐྱར་དུ་ལའེ་ཝུའུ་རྫོང་དུ་བགོས། དེ་ནས་བཟུང་ལའེ་ཝུའུ་རྫོང་གི་ཀྲི་སུའོ་ལའེ་ཝུའུ་གྲོང་ཁྱེར་གྱི་མངའ་ཁོངས་སུ་བཙུགས།

ཡོན་ཧོ་ཁྲི་ལོ་བཅོ་ལྔ་པར(སྤྱི་ལོ820ལོ)ལའེ་ཝུའུ་རྫོང་དེ་ཆན་ཧྥེང་རྫོང་དུ་ཟླ་སྒྲིལ་བཏང་། ཐའེ་ཧོ་ཁྲི་ལོ་དང་པོར(སྤྱི་ལོ827ལོ)ཡང་བསྐྱར་ལའེ་ཝུའུ་རྫོང་དུ་བགོས། ཀྲི་སུའོ་སྔར་བཞིན་ནན་ཝན་ཙི་གྲོང་ཚོར་ཡོད་ཅིང་། དེ་ནི་ཡན་ཀྲོའུ་ལུའུ་ཅུན་གྱི་ཁོངས་སུ་གཏོགས། སུང་རྒྱལ་རབས་ཀྱི་དུས་འགོར་ཀྲོའུ་ལུའུ་ཅུན་གྱི་ཁོངས་སུ་གཏོགས།

ཅིན་རྒྱལ་རབས་ཀྱིས་ལའེ་ཁྲེང་དུ་བཙུགས་པའི་ལའེ་ཝུའུ་བཙོན་ཁང་གཙོ་བོ་ཕྱིར་འཐེན་བྱས་པ་དང་། ཡུས་ཏ་ཏིང་ཁྲི་ལོ་བཅུ་གཉིས་པར(སྤྱི་ལོ1172ལོ)ནན་ཝུན་ཙི་གྲོང་ཚོར་བཙུགས་པའི་ལའེ་ཝུའུ་རྫོང་ལྷོ་ཕྱོགས་སུ་ལའེ་ཝུའུ་བཙོན་ཁང་རྙིང་པའི་གནས་ཡུལ་དུ་སྤོས་པ་དང་། ཐའེ་ཨན་ཀྲོའུ་རུ་གཏོགས།

ཆིང་རྒྱལ་རབས་ཀྱི་སྐབས་སུ་ཐའེ་ཨན་ཀྲོའུ་ཡི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ་བཞི་པར(སྤྱི་ལོ1915ལོ)ཅི་ནན་ཏའོ་ཡི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་བཅུ་བཞི་པ(སྤྱི་ལོ1925ལོ)ཐའེ་ཨན་ཏའོ་ཡི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་བཅུ་བདུན་པ(སྤྱི་ལོ1928ལོ)ཧྲན་ཏུང་ཞིང་ཆེན་གྱི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་སུམ་ཅུ་པར(སྤྱི་ལོ1941ལོ)འཇར་འགོག་དམངས་གཙོའི་སྲིད་དབང་གིས་ལའེ་ཝུའུ་དང་། པོ་ཧྲན། དབྱི་ཡོན། ཞིན་ཐའེ་བཅས་ཀྱི་ས་ཁུལ་ཉུང་ཤས་ཟླ་སྒྲིལ་བཏང་ནས་ལའེ་ཝུའུ་དང་། ལའེ་ཏུང་། ལའེ་ནན་བཅས་རྫོང་གསུམ་དུ་ཕྱེས། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་སྔར་གྱི་རྣམ་པ་སླར་གསོ་བྱས།

སྤྱི་ལོ1983ལོའི་ཟླ8པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད་ལའེ་ཝུའུ་རྫོང་ཕྱིར་འཐེན་བྱས་ནས་ཞིང་ཆེན་ཁོངས་གཏོགས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་དུ་བསྒྱུར་ཅིང་། ཐའེ་ཨན་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱས། སྤྱི་ལོ1990ལོར་ཞིན་ཐའེ་གྲོང་ཁྱེར་གྱི་ཀྲའེ་ཙི་ཞང་དང་དབྱི་ཡོན་རྫོང་གི་ཧོང་ཀྲོང་གྲོང་བརྡལ་ལའེ་ཝུའུ་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག སྤྱི་ལོ1992ལོའི་ཟླ11པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ལའེ་ཝུའུ་གྲོང་ཁྱེར་རྫོང་རིམ་པའི་གྲོང་ཁྱེར་ནས་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་འཕར་བ་དང་། དེའི་ཁོངས་སུ་ལའེ་ཁྲེང་དང་ཀང་ཁྲེང་ཆུས་གཉིས་དང་། ཡུལ་ཚོ་དང་དོན་གཅོད་ཁང30ཡོད།

སྤྱི་ལོ2019ལོའི་ཟླ1པོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཧྲན་ཏུང་ཞིང་ཆེན་གྱིས་ཅི་ནན་གྲོང་ཁྱེར་ལའེ་ཝུའུ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁུལ་དབྱེ་འབྱེད་ལེགས་སྒྲིག་དང་ས་ཁུལ་རིམ་པའི་ལའེ་ཝུའུ་གྲོང་ཁྱེར་ཕྱིར་འཐེན་བྱས་ནས་དེའི་ཁོངས་གཏོགས་ས་ཁོངས་ཅི་ནན་གྲོང་ཁྱེར་གྱི་དོ་དམ་བྱེད་ཁོངས་སུ་འཇུག་རྒྱུར་མོས་མཐུན་བྱུང་། ཅི་ནན་གྲོང་ཁྱེར་ལའེ་ཝུའུ་ཆུས་བཙུགས་ནས་དེ་སྔའི་ལའེ་ཝུའུ་གྲོང་ཁྱེར་ལའེ་ཁྲེང་ཆུས་ཀྱི་སྲིད་འཛིན་ས་ཁོངས་ནི་ལའེ་ཝུའུ་ཆུས་ཀྱི་སྲིད་འཛིན་ས་ཁོངས་སུ་བགོས། ཅི་ནན་གྲོང་ཁྱེར་གྱི་ཀང་ཁྲེང་ཆུས་བཙུགས་ནས་ལའེ་ཝུའུ་གྲོང་ཁྱེར་གྱི་ཀང་ཁྲེང་ཆུས་ཀྱི་སྲིད་འཛིན་ས་ཁོངས་དེ་ཀང་ཁྲེང་ཆུས་ཀྱི་སྲིད་འཛིན་ས་ཁོངས་སུ་བགོས།

2 སྲིད་འཛིན་ཁུལ་དབྱེ།
2_1 ཁུལ་དབྱེའི་འཕེལ་རིམ།

སྤྱི་ལོ2000ལོའི་ཟླ12པར། ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ལའེ་ཝུའུ་གྲོང་ཁྱེར་གྱིས་ཁོངས་གཏོགས་ཀྱི་ཤང་གྲོང་དང་དོན་གཅོད་ཁང30ཡོད་པ་དེ་དག་ཟླ་སྒྲིལ་བཏང་ནས་དོན་གཅོད་ཁང4དང་། གྲོང་རྡལ14 ཡུལ་ཚོ1བཅས་སུ་ལེགས་སྒྲིག་བྱས།

སྤྱི་ལོ2002ལོར་ལའེ་ཝུའུ་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2246.21ཡོད་པ་དང་། སྤྱིའི་མི་འབོར1238763ཡོད། དེའི་ཁོངས་སུ་ཁྲོམ་ལམ5དང་། གྲོང་རྡལ14 ཡུལ་ཚོ1 དོ་དམ་ཁུལ101 གྲོང་ཚོ་ཨུ་ཡོན་ལྷན་ཁང1070 རང་བྱུང་གྲོང་ཚོ1282བཅས་གཏོགས་ཡོད། དེའི་ནང་ལའེ་ཁྲེང་ཆུས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1906.87ཡོད་པ་དང་། མི་གྲངས1004123ཡོད། དེའི་ཁོངས་སུ་ཁྲོམ་ལམ4དང་། གྲོང་རྡལ11 ཡུལ་ཚོ1བཅས་ཡོད་ལ། བསྡོམས་པའི་དོ་དམ་ཁུལ90དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང906 རང་བྱུང་གྲོང་ཚོ1085བཅས་ཡོད། ཀོང་ཁྲེང་ཆུས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ339.34ཡོད་པ་དང་། མི་གྲངས234640ཡོད། དེའི་ཁོངས་སུ་ཁྲོམ་ལམ1དང་གྲོང་རྡལ3ཡོད་ཅིང་། བསྡོམས་པའི་དོ་དམ་ཁུལ14དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང164 རང་བྱུང་གྲོང་ཚོ197བཅས་ཡོད།

སྤྱི་ལོ2006ལོའི་ཟླ6པའི་ཚེས23ཉིན། ལའེ་ཝུའུ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ལ་ལེགས་སྒྲིག་བྱས་པ་གཤམ་གསལ།

གཅིག ལའེ་ཁྲེང་ཆུས་ཧྥུང་ཁྲེང་ཁྲོམ་ལམ་དོན་གཅོད་ཁྲུའུ་ཡི་སྲིད་འཛིན་གྲོང་ཚོ་དང་ཤིན་ཀྲོང་གྲོང་རྡལ26དང་སྲིད་འཛིན་གྲོང་ཚོ3ཡོད་ལ། བསྡོམས་པའི་གྲོང་ཚོ29ཕུན་ཆོན་ཁྲོམ་ལམ་དོན་གཅོད་ཁྲུའུ་ཡི་ཁོངས་གཏོགས་སུ་བགོས། གྲོང་ཚོ29སོ་སོར་ཧྥེང་ཁྲེང་ཁྲོམ་ལམ་དོན་གཅོད་ཁྲུའུ་ཡི་ཏུང་ལུང་ཧུང་དང་། ནན་ལུང་ཅི། ཆན་ཕོ། མོ་ཧྲན་ཙི། ཅིན་ཀེང་། ཙོའུ་ཅ་ཧྥུ། པེ་ཀྲང་ཅ་ཀྲོང་། ཏུང་ཧྲེན་ཅ་ཀྲོང་། ཁྲང་ཨན། ལའོ་ཅ་ཀྲོང་། ཁུང་ཅ་ཀྲོང་། ཅང་ཅ་ཀྲོང་། ཧྥུ་ཅ་ཀྲོང་། ཏ་ཧྲན། ཞའོ་ཕན་ལུང་། ཆན་ཕན་ལུང་། མ་ཕན་ལུང་། ཏོན་ཕན་ལུང་། ཚའོ་ཀུའུ། ཝུན་དབྱང་། ཞི་ཁྲེན་ཅ་ཡུས། ཀྲུང་ཁྲེན་ཅ་ཡུས། ཁྲེན་ཅ་ཡུས། ཞའོ་ཁྲེན་ཅ་ཡུས། ཧྲང་ཁྲེན་ཅ་ཡུས། ཞིན་ཀྲོང་གྲོང་རྡལ་གྱི་ཀུའོ་ཅ་ཀོའུ་དང་། ཆིན་ཅ་ཝ། ཏ་ཧྲི་ཚང་བཅས་ཡིན།

གཉིས། ལའེ་ཁྲེང་ཆུས་ཀྱི་ཤིན་ཀྲོང་གྲོང་རྡལ་དེ་ཀོང་ཁྲེང་ཆུས་ཀྱི་བདག་སྐྱོང་བྱེད་ཁོངས་སུ་འཇུག་རྒྱུ་བྱས་ལ། ལེགས་སྒྲིག་བྱས་རྗེས་ཤིན་ཀྲོང་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་མི་འགྱུར་བ་དང་། གྲོང་རྡལ་གྱི་སྲིད་གཞུང་གནས་ཡུལ་མི་འགྱུར་བ། དེའི་ཁོངས་སུ་སྲིད་འཛིན་གྲོང་ཚོ68ཡོད་པ་དེ་དག་ནི་ཤིན་ཀྲོང་དང་། ཏུང་ཤིན་ཀྲོང་། ཞ་ཀྲུའུ་ཅ་ཏེན། དབྱང་ཅ་ཧེང་། ལུའེ་ཅ་ཡུས། ཁྲ་ཏའོ།  སན་ཧྲན། ཞ་སན་ཧྲན། ཝང་ཧྲེང་ཆོན། སང་ཞན་ཆོན། ལིའུ་ཧྲེང་ཆོན། ཞུས་ཅ་ཏུའུ། ཧྲང་ཁྲེང་། ཞ་ཁྲེང་། ཧྲང་ཧོ། པེ་ཝང་ཅ་ཀྲོང་། ཚའེ་ཏུན། ཧོའུ་ཅ་ཐའེ། ཆན་ཁྲེང་ཙི། ཧོའུ་ཁྲེང་ཙི། ཧོའུ་ཁྲེང་ཙི། སང་ཡོན། པའེ་ཆི་ཧུང་། ཡ་ཞ། ཏ་ཞུས་ཀྲོང་། ཤོག་ཧྥང་། ཕོ་གྲོང་། ཆའོ་ཐན། ཧོའུ་ཡུས། ཐེན་ཅིང་ཡུས། ཀྲའོ་ཅ་གྲོང་། ལུའུ་ཁྲེང་། ནན་ཀྲོའུ་ཙི། ཀྲའོ་ཅ་ཀྲོང་། མིའོ་ཅ་ཀྲོང་། ནན་ཝང་ཅ་ཀྲོང་། ཧྲང་ཐེན་གྲོང་། ཕེ་ཡུས། ཏུང་སུང་ཅ་ཀྲོང་། ཀྲུའུ་ཅ་ཀུའུ། མོ་པུའུ། ཏུང་ཀྲའོ་ལིང་། ཞི་ཀྲའོ་ལི། ཡུས་ཅ་ཀོན་ཀྲོང་། པའེ་ཧྲེ་ཀུའུ། ནན་ཧྲེ་ཀུའུ། ཐུའོ་ཙི་ཀྲོང་། ཏ་ཀོན་ཀྲོང་། ཏུང་ཐའེ་ཁྲེ། ཏུང་ཐིའེ་ཁྲེ། ཞི་ཐིའེ་ཁྲེ། ཐའོ་ཁྲེ་ཀོ། ཞའོ་ཁྲེ་ཀུའུ། ལང་ཅུན། ཐོན་ཕའོ་ཙི། ཧྥུ་ཀྲའེ་ཁོ། ཡུས་ཡུས། ཁྲེང་ལིན། ཧྲི་ཝན་ཙི། ཏ་ཀོའུ་གྲོང་། ནན་པའོ་ཐའེ། པེ་པའོ་ཐའེ། ཧུང་ཡ། ཐོན་ཡོན་ཕོ། ཞི་ཆོན། པེ་ཆོན། ཐའོ་ཡུས་བཅས་ཡིན།

2_2 ཞིབ་ཕྲའི་ཁུལ་དབྱེའི་གནས་ཚུལ།

སྒྲིག་གཞི་ཕྱིར་འཐེན་མ་བྱས་སྔོན་ལ(སྤྱི་ལོ2019ཟླ1པོ)ལའེ་ཝུའུ་གྲོང་ཁྱེར་དུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས2ཡོད་ལ། དེ་དག་ནི་ལའེ་ཁྲེང་ཆུས(ད་ལྟའི་ཅི་ནན་གྲོང་ཁྱེར་ལའེ་ཝུའུ་ཆུས)དང་ཀོང་ཁྲེང་ཆུས(ད་ལྟའི་ཅི་ནན་གྲོང་ཁྱེར་ཀོང་ཁྲེང་ཆུས)ཡིན་པ་དང་། དེ་སྔའི་ལའེ་ཝུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བཅའ་སྡོད་གནས་ཡུལ་ནི་རིག་གནས་བྱང་ལམ་ཨང1པ་ཡིན།

3 མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་གི་བར་དུ། ལའེ་ཝུའུ་གྲོང་ཁྱེར་གྱི་གཏན་སྡོད་མི་འབོར་ཁྲི137.6ཟིན་ཡོད་ལ། དེའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི86.11ཟིན་ཡོད་པ་དེ་ལོ་སྔོན་མ་ལས་མི་ཁྲི2.02འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་གྱིས་སྤྱིའི་མི་འབོར་ཁྲོད་བཟུང་བའི་བསྡུར་ཚད62.58%ཡིན་ལ། དེ་ལོ་སྔོན་མའི་ལོ་མཇུག་ལས་བརྒྱ་ཆའི1.46འཕར་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར17039ཡོད་པ་དང་། སྐྱེས་ཚད12.94%ཟིན་ལ། རང་བྱུང་འཕར་ཚད6.93%ཟིན་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཆུས། འཕེལ་རིམ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-13

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།