ཧང་ཀྲིག་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧང་ཀྲིག་གྲོང་ཁྱེར།
ཧང་ཀྲིག་གྲོང་ཁྱེར་ནི་ཆན་ཐང་ཅང་གཙང་བོའི་སྨད་རྒྱུད་ཀྱི་བྱང་ངོགས་དང་ཅིན་ཧང་མིས་བཟོའི་གཙང་བོའི་ལྷོ་སྣེ། ཀྲུང་གོའི་ཤར་ལྷོའི་རྒྱ་མཚོའི་མཚོ་རྒྱུད་དུ་ཆགས་ཤིང་། ཀྲེ་ཅིང་ཞིན་ཆེན་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། འགྲིམ་འགྲུལ། ཚན་རིག་སློབ་གསོ། དངུལ་རྩ་བཅས་ཀྱི་ལྟེ་བ་ཡིན་པར་མ་ཟད། ཀྲུང་གོའི་ཤར་ལྷོ་ས་ཁུལ་གྱི་འགྲིམ་འགྲུལ་གཞུང་ལམ་གྱི་སྲོག་རྩ་ལྟ་བུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杭州
ཕྱི་ཡིག་གི་མིང་།
Hangzhou City
མིང་གཞན།
ལིན་ཨན། ཆན་ཐང་། ཝུའུ་ལིན། ཧང་ཁྲེང་།
སྲིད་འཛིན་ས་ཁུལ་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲེ་ཅིང་ཞིང་ཆེན།
མངའ་ཁོངས།
ཆུས10དང་། རྫོང2དང་། རྫོང་རིམ་པའི་གྲོང་ཁྱེར་དོ་དམ་ལས་ཚབ1ཡོད།
སྲིད་གཞུང་གནས་ཡུལ།
ཅང་ཀན་ཆུས་བཅིངས་འགྲོལ་ཤར་ལམ་ཨང་རྟགས18པ། (སྦྲག་སྲིད་ཨང་རྟགས། 310026)
ས་ཁོངས་ཁ་པར་ཨང་རྟགས།
(+86)0571
སྦྲག་སྲིད་ཨང་རྟགས།
310000
གནས་ཡུལ།
ཀྲེ་ཅིང་ཞིང་ཆེན་གྱི་བྱང་ཕྱོགས་དང་ཆན་ཐང་ཅང་གཙང་བོའི་སྨད་རྒྱུད་ཀྱི་བྱང་ངོགས་དང་ཅིན་ཧང་མིས་བཟོའི་གཙང་བོའི་ལྷོ་སྣེ་རུ་ཡོད།
​ རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ16596
མི་གྲངས།
ཁྲི་ཚོ918.8(སྤྱི་ལོ2016ལོར)
སྐད་རིགས།
ཧང་ཀྲིག་ཡུལ་སྐད།
གནམ་གཤིས།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
ཞི་ཧུའུ་མཚེའུ། ཅིང་ཧང་ཏཱ་ཡུན་གཙང་པོ། ཞང་ཧུའུ་མཚེའུ་སོགས།
གནམ་གྲུ་ཐང་།
ཧང་ཀྲིག་ཞའོ་ཧྲན་རྒྱལ་སྤྱིའི་གནམ་གྲུ་ཐང་།
མེ་འཁོར་ས་ཚིགས།
ཧང་ཀྲིག་ས་ཚིགས། ཧང་ཀྲིག་ས་ཚིགས་ཤར་མ། ཧང་ཀྲིག་ས་ཚིགས་ལྷོ་མ་སོགས།
རླངས་འཁོར་ཨང་རྟགས།
ཀྲིགA
སྲིད་འཛིན་ཚབ་ཨང་།
330100
ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་།
སྒོར་དུང་ཕྱུར11050.49(སྤྱི་ལོ2016ལོར)
མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་།
སྒོར121394 (སྤྱི་ལོ2016ལོར)
ལོ་རྒྱུས་མི་སྣ་གྲགས་ཅན།
སུན་ཆོན། ལི་ཨུ། ཧྲེན་ཁུའོ། ཧུ་ཀྲི་ཀྲང་སོགས།
ཉེ་རབས་མི་སྣ་གྲགས་ཅན།
ཆན་ཞུའེ་སེན། ཀྲང་ཐའེ་ཡན། ལི་ལིན་སེ་སོགས།
དེང་རབས་མི་སྣ་གྲགས་ཅན།
མཱ་ཡུན། ལི་ཧྲེང་ཅའོ། ཙུང་ཆིན་ཧོའུ་སོགས།
གྲོང་ཁྱེར་གྱི་ལྗོན་པ་དང་མེ་ཏོག
ག་པུར་གྱི་ལྗོན་ཤིང་། ཀུའེ་ཧྭ་མེ་ཏོག
མཐོ་རིམ་སློབ་ཆེན།
ཀྲེ་ཅིང་སློབ་ཆེན། ཀྲུང་གོའི་མཛེས་རྩལ་སློབ་གླིང་། ཀྲེ་ཅིང་བཟོ་ལས་སློབ་ཆེན་སོགས།
གྲོང་ཁྱེར་ཁོངས་གཏོགས་ཀྱི་སློབ་ཆེན།
ཀྲེ་ཅིང་སློབ་ཆེན་གྱི་གྲོང་ཁྱེར་སློབ་གླིང་། ཧང་ཀྲིག་དགེ་ཐོན་སློབ་ཆེན།
གྲོང་ཨུད་ཀྱི་ཧྲུའུ་ཅི།
ཀྲའོ་དབྱི་ཏུ།
​གྲོང་ཁྱེར་གྱི་འགོ་འཛིན།
ཞུའུ་ལི་དབྱི།
1 ངོ་སྤྲོད།

ཧང་ཀྲིག་གྲོང་ཁྱེར་ནི་ཆན་ཐང་ཅང་གཙང་བོའི་སྨད་རྒྱུད་ཀྱི་བྱང་ངོགས་དང་ཅིན་ཧང་མིས་བཟོའི་གཙང་བོའི་ལྷོ་སྣེ། ཀྲུང་གོའི་ཤར་ལྷོའི་རྒྱ་མཚོའི་མཚོ་རྒྱུད་དུ་ཆགས་ཤིང་། ཀྲེ་ཅིང་ཞིན་ཆེན་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། འགྲིམ་འགྲུལ། ཚན་རིག་སློབ་གསོ། དངུལ་རྩ་བཅས་ཀྱི་ལྟེ་བ་ཡིན་པར་མ་ཟད། ཀྲུང་གོའི་ཤར་ལྷོ་ས་ཁུལ་གྱི་འགྲིམ་འགྲུལ་གཞུང་ལམ་གྱི་སྲོག་རྩ་ལྟ་བུ་ཡིན། ཧང་ཀྲིག་གྲོང་ཁྱེར་དུ་མི་གྲངས་ཁྲི་ཚོ884ལྷག་ཡོད།

ཧང་ཀྲིག་གྲོང་ཁྱེར་དུ་ཞི་ཧུའུ་མཚེའུ་སོགས་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་མང་བོ་མཆིས། མི་ལ་ལས་ཧང་ཀྲིག་ནི་བདེ་བ་ཅན་གྱི་ཞིང་ཁམས་སུ་བགྲོད་པའི་གྲུ་གཟིངས་དང་མཚུངས་པར། ཡིད་དུ་འོང་བའི་མཛེས་ལྗོངས་ཁོ་ནས་ཀྱང་མི་རྣམས་ཀྱི་སེམས་ལ་སྤྲོ་སྣང་དང་བདེ་བ་སྦྱིན་ཐུབ་ཟེར། ཧང་ཀྲིག་ལ་ཆིན་ཧན་རྒྱལ་རབས་ནས་བཟུང་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་འདུག མི་རྣམས་ཀྱིས་ཧང་ཀྲིག་དང་སུའུ་ཀྲིག་གི་མཛེས་ལྗོངས་ཆབས་ཅིག་ཏུ་སྦྱར་ཏེ། གནམ་ན་ལྷ་ཡུལ་དང་ས་ན་སུའུ་ཧང་མཆིས་ཞེས་ཧང་ཀྲིག་གི་མཛེས་ལྗོངས་ལ་བསྟོད་བསྔགས་བྱེད་བཞིན་ཡོད།

ཧང་ཀྲིག་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་རིག་དངོས་གལ་ཆེན་སྲུང་སྐྱོབ་བྱ་སའི་ལས་ཁུངས25དང་། རྒྱལ་ཁབ་རིམ་པའི་བཤམས་སྟོན་ཁང9དང་སྤྲོ་བསང་མཛེས་ལྗོངས120ལྷག་མཆིས། ཡུལ་དེ་ནི་ཧྭ་ཞ་རིག་གནས་ཀྱི་འབྱུང་ཁུངས་ཀྱི་གྲས་ཡིན། ཁྲུན་ཆིའུ་དུས་རབས་སུ་ཧང་ཀྲིག་ནི་ཝུའུ་དང་ཡའོ། སུང་ལྷོ་མ་བཅས་ཀྱི་རྒྱལ་ས་ཡིན་པ་དང་། ཀྲུང་གོའི་གནའ་བོའི་རྒྱལ་སའི་གྲས་ཀྱི་གཅིག་ཡིན། ཧང་ཀྲིག་ལ་པེ་ཅིང་ལྟ་བུའི་གཟི་བྱིན་གྱི་ལོ་རྒྱུས་དང་། ཧྲང་ཧེ་ལྟ་བུའི་ཚོང་ལས་ཀྱི་དཔལ་ཡོན་དར་མ་མྱོང་ན་ཡང་། ཧང་ཀྲིག་ལ་གཞན་ན་མེད་པའི་མཛེས་ལྗོངས་ཡོད་པས། གནའ་བོའི་མཁར་གྲོང་གང་གིས་ཀྱང་འགྲན་དུ་མེད་པའི་གཟི་དཔལ་ལྡན་འདུག

ཧང་ཀྲིག་གྲོང་ཁྱེར་དུ་མཛེས་ཤིང་ལྟ་ན་སྡུག་པའི་ལིན་དབྱིན་དགོན་པ་དང་ལའེ་ཧྥིན་མཆོད་རྟེན། ཆན་ཐང་བང་སོ། ཡོ་ཧྥེ་ལྷ་ཁང་། སུའུ་ཐིས་རགས་རིང་། ལིག་ཧི་ཐ་མཆོད་རྟེན། མཚེའུ་བརྒལ་ཟམ་པའི་རྗེས་ཤུལ། སུང་ལྷོ་མའི་ཁྲོམ་སྲང་སོགས་གནའ་བོའི་བཟོ་བཀོད་མང་བོ་ཞིག་དང་། འོད་སྟོང་རབ་ཏུ་འབར་བའི་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་མང་བོ་ཞིག་མཇལ་རྒྱུ་ཡོད་པར་མ་ཟད། ཀྲུང་གོའི་ལོ་རྒྱུས་སྟེང་གི་མིང་དུ་གྲགས་པའི་མཁས་དབང་པིས་ཧྲིན་དང་ཧྲིན་ཁོ་སོགས་ཀྱི་འཁྲུངས་ས་འཁྲུངས་ཡུལ་ཡིན་པས། ཧང་ཀྲིག་ལ་རྒྱ་ནག་གི་རིག་པའི་འབྱུང་གནས་ཞེས་པའི་སྙན་གྲགས་ཀྱང་ཡོད། ཧང་ཀྲིག་གྲོང་ཁྱེར་དུ་ཡོད་པའི་ཞི་ཧུའུ་མཚེའུ་ནི་སྒེག་པའི་ཉམས་ཀྱིས་ཕྱུག་པའི་མཛེས་མ་ཞིག་དང་མཚུངས། མཚེའུ་དེ་ནི་མཛེས་སྡུག་གི་ཡུལ་ལྗོངས་ཁོ་ན་ཞིག་མ་ཡིན་པར་ཀྲུང་གོའི་རིག་གནས་ཀྱི་མཚོན་བྱེད་ཅིག་ཏུ་གྱུར་ཡོད་པ་དང་། མཚེའུ་དེའི་སྟེང་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཀྱི་ཉིང་བཅུད་མང་བོ་ཞིག་ཐིམ་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-26

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།