ལའོ་དབྱང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལའོ་དབྱང་གྲོང་ཁྱེར།
ལའོ་དབྱང་གྲོང་ཁྱེར་ནི་ཧོ་ནན་ཞིང་ཆེན་གྱི་ནུབ་ཕྱོགས་ཏེ་རྨ་ཆུའི་བར་རྒྱུད་ཀྱི་ལའོ་ཧི་ཆུ་བོའི་ཉིན་ཕྱོགས་སུ་ཆགས་པས་ན་གྲོང་ཁྱེར་གྱི་མིང་ལ་ལའོ་དབྱང་ཐོགས་པ་རེད། ལའོ་དབྱང་གྲོང་ཁྱེར་ལ་ལོ་ངོ5000ལྷག་གི་རིག་གནས་དཔལ་ཡོན་གྱི་ལོ་རྒྱུས་དང་ལོ་ངོ་4000ལྷག་གི་གྲོང་ཁྱེར་ཆགས་པའི་ལོ་རྒྱུས། ལོ་ངོ1500ལྷག་གི་རྒྱལ་ས་བྱས་པའི་ལོ་རྒྱུས་བཅས་ལྡན་པར་མ་ཟད། རྒྱལ་པོ105ཡིས་གྲོང་ཁྱེར་དེ་རུ་སྲིད་ཀྱི་འཁོར་ལོ་བསྐོར་བ་རེད། དུས་ཡུན་ངེས་ཅན་ཞིག་གི་ནང་དུ་ལའོ་དབྱང་གྲོང་ཁྱེར་ནི་ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་དང་འགྲིམ་འགྲུལ་གྱི་འགག་མདོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
洛阳
ཕྱི་ཡིག་གི་མིང་།
Luoyang
མིང་གཞན།
ཀྲེན་ཞུན། ཞི་ཧའོ། ལུའོ་དབྱི་སོགས།
སྲིད་འཛིན་ས་ཁུལ་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཀྲུང་ཧྭ།
མངའ་ཁོངས།
གྲོང་ཁྱེར་གྱི་ཐད་སྐྱོང་ཆུས6དང་། རྫོང་རིམ་པའི་གྲོང་ཁྱེར1དང་རྫོང8ཡོད།
སྲིད་གཞུང་གནས་ཡུལ།
ཧོ་ནན་ཞིང་ཆེན་ལའོ་དབྱང་གྲོང་ཁྱེར་གྱི་ལའོ་ལུང་ཆུས་ཡི་ཁའེ་ཡོན་ལམ་ཆེན་ཨང་རྟགས228པ།
ས་ཁོངས་ཁ་པར་ཨང་རྟགས།
​(+86)0379
སྦྲག་སྲིད་ཨང་རྟགས།
471000
གནས་ཡུལ།
ཧོ་ནན་ཞིང་ཆེན་ཀྱི་ནུབ་ཕྱོགས་དང་རྨ་ཆུའི་བར་རྒྱུད་ས་ཁུལ་དུ་ཡོད།
མི་གྲངས།
ཁྲི་ཚོ680.10(སྤྱི་ལོ2016ལོར)
​སྐད་རིགས།
ཀྲུང་ཡོན་དཔོན་སྐད་དང་ལའོ་དབྱང་ཡུལ་སྐད།
གནམ་གཤིས།
དྲོད་ཁུལ་དུས་རླུང་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
ལུང་མིང་ཧྲི་ཁུའུ་རྡོ་བརྐོས་བྲག་ཕུག པེ་མཱ་སི་དགོན་པ། པེ་ཡོན་ཧྲན་སྤྲིན་དཀར་རི་བོ། ལའོ་ཅོན་ཧྲན་རི་བོ། བྱ་ཟེ་བྲག་ཕུག་བཅས་ཡོད།
གནམ་གྲུ་ཐང་།
ལའོ་དབྱང་བྱང་འདབས་གནམ་གྲུ་ཐང་།
མེ་འཁོར་ས་ཚིགས།
ལའོ་དབྱང་ས་ཚིགས། ལའོ་དབྱང་ལུང་མིང་ས་ཚིགས། ལའོ་དབྱང་ས་ཚིགས་ཤར་མ་སོགས།
​རླངས་འཁོར་ཨང་རྟགས།
ཡུའུ།C
གྲོང་ཁྱེར་གྱི་མེ་ཏོག
ཤིང་པདྨ།
1 ​ངོ་སྤྲོད།

ལའོ་དབྱང་གྲོང་ཁྱེར་ནི་ཧོ་ནན་ཞིང་ཆེན་གྱི་ནུབ་ཕྱོགས་ཏེ་རྨ་ཆུའི་བར་རྒྱུད་ཀྱི་ལའོ་ཧི་ཆུ་བོའི་ཉིན་ཕྱོགས་སུ་ཆགས་པས་ན་གྲོང་ཁྱེར་གྱི་མིང་ལ་ལའོ་དབྱང་ཐོགས་པ་རེད། ལའོ་དབྱང་གྲོང་ཁྱེར་ལ་ལོ་ངོ5000ལྷག་གི་རིག་གནས་དཔལ་ཡོན་གྱི་ལོ་རྒྱུས་དང་ལོ་ངོ4000ལྷག་གི་གྲོང་ཁྱེར་ཆགས་པའི་ལོ་རྒྱུས། ལོ་ངོ1500ལྷག་གི་རྒྱལ་ས་བྱས་པའི་ལོ་རྒྱུས་བཅས་ལྡན་པར་མ་ཟད། རྒྱལ་པོ105ཡིས་གྲོང་ཁྱེར་དེ་རུ་སྲིད་ཀྱི་འཁོར་ལོ་བསྐོར་བ་རེད། དུས་ཡུན་ངེས་ཅན་ཞིག་གི་ནང་དུ་ལའོ་དབྱང་གྲོང་ཁྱེར་ནི་ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་དང་འགྲིམ་འགྲུལ་གྱི་འགག་མདོ་ཡིན། དེང་སྐབས་ལའོ་དབྱང་གྲོང་ཁྱེར་དུ་མི་གྲངས་ཁྲི་ཚོ688ལྷག་ཡོད་པ་དང་། 

ལའོ་དབྱང་གྲོང་ཁྱེར་དུ་འཛམ་གླིང་རིམ་པའི་ས་གཤིས་གླིང་ག་སྟེ་ཏའེ་མེ་ཧྲན་རི་བོའི་འཛམ་གླིང་ས་གཤིས་གླིང་ག་དང་ཧྥུ་ཉིག་ཧྲན་རི་བོའི་འཛམ་གླིང་ས་གཤིས་གླིང་ག་གཉིས་མཆིས། ལའོ་དབྱང་གྲོང་ཁྱེར་དུ་མཛེས་ལྗོངས་གྲགས་ཅན་ལྔ་སྟེ། ལུང་མིང་ཧྲི་ཁུའུ་རྡོ་བརྐོས་བྲག་ཕུག་དང་ཧྲའོ་ལིན་དགོན་པ། པེ་ཡོན་ཧྲན་སྤྲིན་དཀར་རི་བོ། ལའོ་ཅོན་ཧྲན་རི་བོ། བྱ་ཟེ་བྲག་ཕུག་བཅས་ཡོད་ཅིང་། པེ་ཡོན་ཧྲན་རྒྱལ་ཁབ་རིམ་པའི་གནས་ཚུལ་སྤྱི་གླིང་དང་ལུང་ཡོས་ཁུགས་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་། མེ་ཏོག་ཤིང་འབྲས་རི་བོའི་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་། ཐེ་ཁྲི་ཧྲན་རི་བོའི་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་། ཧྲིན་ལིན་ཀྲའེ་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་། ཡོས་ཧྲན་རི་བོའི་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་། ཀྲུང་གོའི་པདྨའི་ལྡུམ་ར་བཅས་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང7དང་ཞིན་ཆེན་རིམ་པའི་ནགས་ཚལ་སྤྱི་གླིང6མཆིས།

ལའོ་དབྱང་གྲོང་ཁྱེར་དུ་ལུང་མིན་རི་བོའི་མཛེས་མདངས་དང་ཀོན་ལིན་དངོས་གྲུབ་སློང་ས། པེ་མ་སི་དགོན་པའི་ཅོང་སྒྲ། ཅིན་ཀུའུ་གསེར་ལུང་གི་དཔྱིད་དཔལ། མང་ཧྲན་ས་སྲོད་མཛེས་ལྗོངས་ཐེ་ཅིན་འགག་ངོགས་ཚེས་རིས། ལའོ་ཕུའུ་ཆུ་ངོགས་ཀྱི་སྟོན་རླུང་། ནངས་མོའི་ཕེན་ཆོན་ཆུ་མིག་གི་མཛེས་སྣང་། ལི་མའི་རྔ་མོང་གི་དགོང་ཆར་བཅས་མཛེས་ལྗོངས་ལྟད་མོ་དགུ་ཡོད།

ལའོ་དབྱང་ནི་ཧོ་ནན་ཞིང་ཆེན་གྱི་ནུབ་རྒྱུད་དུ་མཆིས་ཤིང་། ཀྲུང་གོའི་མིང་གྲགས་ཆེན་པོ་ལྡན་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཡིན་ལ། གྲོང་ཁྱེར་དེར་ལོ་ངོ་སྟོང་ཕྲག་འགའི་ཤེས་རིག་གི་ལོ་རྒྱུས་ལྡན་པས་ན། གནས་དེ་རུ་ཀྲུང་གོའི་གནའ་བོའི་ལོ་རྒྱུས་ཀྱི་རྗེས་ཤུལ་མང་བོ་ཞིག་ལུས་ཡོད། གྲོང་ཁྱེར་དེའི་ཁོར་ཡུག་དང་གནམ་གཤིས་དྲོད་གྲང་ནི་འགྲོ་བ་སེམས་ཅན་དང་རྩི་ཤིང་སོགས་ལ་ཤིན་ཏུ་འཕྲོད་པས། མེ་ཏོག་རྣམ་པར་བཞག་པ་དང་ཡུལ་ལྗོངས་ལྟ་ན་སྡུག་པར་མ་ཟད། ཀྲུང་གོའི་ལོ་རྒྱུས་སྟེང་རྒྱལ་ས་བྱས་པ་ཆེས་སྔ་ཞིང་རྒྱལ་རབས་ཆེས་མང་བ་ཆགས་ས། རྒྱལ་ས་བྱས་པའི་དུས་ཡུན་ཆེས་རིང་བའི་གནའ་བོའི་གྲོང་ཁྱེར་ཞིག་ཡིན། རིག་གནས་དང་ལོ་རྒྱུས་ལ་སྤྲོ་བ་ཡོད་པའི་མི་ཞིག་ཡིན་ཚེ་ལའོ་དབྱང་ནི་ངེས་པར་དུ་འགྲོ་དགོས་པའི་གྲོང་ཁྱེར་གལ་ཆེན་ཞིག་ཡིན། གནས་དེ་རུ་ལུང་མིན་བྲག་ཕུག་དང་ལའོ་དབྱང་གི་པདྨ་མེ་ཏོག་མཐོང་ཐུབ་པར་མ་ཟད། དེ་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་རྗེས་ཤུལ་དང་ངག་རྒྱུན་མང་བོར་ཡང་རོལ་མྱོང་བྱ་ཐུབ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-29

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།